ཆུ་བཞི་སྒང་དྲུག་རྒྱུན་ལས་སྐབས་༡༩པའི་དངོས་གཞིའི་འོས་མི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༤ཚེས་༤ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱུན་ལས་སྐབས་༡༩པའི་དངོས་གཞིའི་འོས་མི་གྲངས་༢༢བཏོན་གནང་འདུག་པ་དང༌། དངོས་གཞིའི་འོས་བསྡུ་དེ་ཉིད་འདི་ལོ་ཕྱི་ཟླ་ ༥ ཚེས་༡ རེས་གཟའ་ཉི་མའི་ཉིན་བརྒྱ་དུས་གཅིག་ལ་གནང་རྒྱུ་ཡིན་འདུག

དེ་ཡང་དངོས་གཞིའི་འོས་མི་༢༢ནི།

ཨང༌།   མཚན།  ཕ་ཡུལ། སྡོད་གནས།     ད་ལྟའི་ལས་གནས།

གྲའུ་ཚེ་བརྟན།   སྒ་པ།   ཀམ་རའོ།       སྤྱི་འཐུས།

གོ་བོ་བློ་བཟང་ཕན་བདེ།   འབའ་བ།      མོན་གྷོ། རང་བདེན་ཚོགས་གཙོ།

ཀརྨ་མཁས་གྲུབ།  རི་བོ་ཆེ། ཨོ་རི་ས།      ཆུ་སྒང་དབུས་རྒྱུན།

སྐྱུ་ར་དཔལ་རྡོ།   རྫ་ཆུ་ཁ། ལྡི་ལི།  ཆུ་སྒང་དབུས་རྒྱུན།

ངག་དབང་བསྟན་པ།     རི་བོ་ཆེ། བལ་ཡུལ།      ཆུ་སྒང་དབུས་རྒྱུན།

ག་ཟི་དགེ་བཤེས་ཚེ་རིང་པོ། གོ་འཇོ། སྦིར་རྫོང་སར།   སྤྱི་འཐུས།

ཨ་རྡོ།   ནང་ཆེན།      སྦེལ་ཀོབ།      ཆུ་སྒང་དབུས་རྒྱུན།

བ་ར་ཚེ་དབང་བཀྲ་ཤིས།   ཧོར་སྦྲ་ཆེན།    བོན་གཞིས།     ཆུ་སྒང་ས་རྒྱུན།

དགེ་བཤེས་བེ་རི་འཇིཌ་མེད་དབང་རྒྱལ།     དཀར་མཛེས།    ཝཱར་ཎ། ཆུ་སྒང་དབུས་རྒྱུན།

༡༠ པདྨ་བདེ་ལེགས།  གླིང་ཚང༌།      སྦེལ་ཀོབ།      དབུས་རྒྱུན་ཟུར་པ།

༡༡ བྲག་མགོན་བྱམས་པ་ཡོན་ཏན།     སྨར་ཁམས།     མོན་གྷོ། ཆུ་སྒང་ས་རྒྱུན།

༡༢ ཚེ་རིང་རྡོ་རྗེ།    དཀར་མཛེས།    སྦིར།   ཆུ་སྒང་ས་རྒྱུན།

༡༣ གླིང་ཚང་ཀརྨ་གཡུལ་རྒྱལ།  གླིང་ཚང༌།      སྒང་ཏོག ས་རྒྱུན་ཚོགས་ཟུར།

༡༤ འཆམ་ར་དྲི་མེད་རྒྱལ་མཚན།      སྡེ་དགེ། སྦེལ་ཀོབ།      རྩོམ་པ་པོ།

༡༥ འཁོར་ཚ་བསོད་ནམས་དགྲ་འདུལ།  ནག་ཆུ། རྡ་ས།   སྤྱི་འཐུས།

༡༦ གཡུ་རྒྱལ།      ནང་ཆེན།      མན་སྤར།      ས་རྒྱུན་ཟུར་པ།

༡༧ རྒྱ་སྟུག་འཇམ་དབྱངས།    ལི་ཐང༌། བལ་ཡུལ།      ཆུ་སྒང་ས་རྒྱུན།

༡༨ ཕུར་བུ་ཚེ་རིང༌།  ཀོང་པོ། མོན་གྷོ། ཆུ་སྒང་དབུས་རྒྱུན།

༡༩ འཇུ་ཆེན་བཀྲ་ཤིས་དཔལ་འབྱོར།    གོ་འཇོ། སྦིར་ཅོན་ཏ་ར།   སྒྱུ་རྩལ་པ།

༢༠ སྒ་པ་བློ་ཡག    སྒ་པ།   དོན་གྲུབ་གླིང༌།   སྒ་པ་སྐྱིད་སྡུག་ཚོགས་གཙོ།

༢༡ ཚུལ་ཁྲིམས་བསྟན་འཛིན།  དཀར་མཛེས།    སྦིར།   སྤྱི་འཐུས།

༢༢ དགེ་བཤེས་ངག་དབང་བློ་བཟང༌།   ལི་ཐང༌། མོན་གྷོ། ས་རྒྱུན་ཟུར་པ།

བཅས་རེད་འདུག

མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་བཞི་པའི་དྲུང་ཆེ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ རེས་གཟའ་ཉི་མ་ཉིན་དངོས་གཞིའི་འོས་བསྡུ་ཉིན་བརྒྱ་དུས་གཅིག་ལ་བྱ་ཐུབ་པ་དགོས་ཤིང། འོས་བསྡུའི་སྐབས་ཀྱི་བྱེད་སྒོ་དང༌། འགྲོ་གྲོན་གཏོང་སྟངས་སོགས་ཀྱི་སྐོར་ལམ་སྟོན་ཟུར་འབུལ་ཞུས་ཡོད་པར་ཞིབ་གཟིགས་ཀྱིས་འོས་བསྡུའི་ལས་རིམ་ཁག་ཚགས་ཚུད་ཚད་ལྡན་དགོས་པ་དང༌། འོས་ཤོག་ཕྱོགས་བསྡོམས་རྣམས་རྡ་སར་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་ལ་ ༢༠༡༡ ཟླ་ ༥ ཚེས་ ༢༥ ཚུན་ངེས་འཕྲོད་དགོས་པའི་འགན་ཁུར་ཆེ་བསྐྱེད་གནང་དགོས་རྒྱུ་བཅས་གསལ་བསྒྲགས་དང་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (10)
10 ༡༡༢༠༡༡༡༥༤༨
ཁྱུངཿསྨོན་ལམ།
གྲོགས་པོ་ཚོ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་གདམ་སྟངས་ནི་དམངས་གཙོ་དང་ཡོངས་སུ་མཐུན་པ་ཞིག་རེད། རྒྱ་ཆེའི་མང་ཚོགས་ནས་གདམ་གྱི་ཡོད་རེད་ལ་སྔོན་འགྲོ་དང་དངོས་གཞིའི་བརྒྱུད་རིམ་ཆ་ཚང་འགྲོ་བཞིན་ཡོད་རེད། ད་དུང་མི་གཅིག་གིས་དུས་ཡུན་གཉིས་བསྟུད་མར་བྱས་ཟིན་རྗེས་མཚམས་འཇོག་བྱེད་པ་ལས་རྒྱུན་ལས་ནང་ཞུགས་ཆོག་གི་མེད་རེད། དེ་ཚོ་ཤེས་པ་དགོས། གདན་ས་ཁག་ནང་ནས་ཀྱང་འོས་བླུག་གནང་གི་ཡོད་རེད། འགན་ཆེན་པོ་བཞེས་གནང་གི་ཡོད་རེད། དཔེར་ན་དབུས་གཙང་ལྟ་བུ་ལ་མཚོན་ན་ཚོགས་ཆེན་སྐབས་མི་ཉུང་ཤས་ཤིག་ལས་མེད་ཀྱང་དེ་ཚོས་འོས་ཤོག་བླུག་ནས་དབུས་རྒྱུན་གདམ་གི་ཡོད་རེད། ཉེ་ཆར་རང་བདམས་ཟིན་འདུག་པ་ལྟར་རེད།
ཚང་མས་འགན་མཉམ་ཁུར་གནང་རོགས།
9 ༡༠༢༠༡༡༢༣༡༣
༆།། ཆུ་སྒང་དབུས་གི་རྒྱུན་ལས་ངེས་པར་དུ་འགྱུར་བ་ཆེན་པོ་སྟོང་དགོས་འདུག གང་ཡིན་ཟེར་ན་གར་དུས་ཡིན་ན་མི་འགལ་ཤེས་ཞིག་གི་རེས་མོ་དེ་བྱེད་ནས་སྡོད་ན་ང་ཚོ་གཞོན་སྐྱེས་སོ་གོ་སྐབས་མི་འདུག། ཡོངས་དགོས་ཆོས་བརྒྱུད་ཁག་ལ་འོས་ གི་ཐོབ་ཐང་མེད་པ་གོང་རེད། དེ་དབུས་ལ་དྲི་བ་ཡིན། ཆུ་སྒང་གི་རྩ་དོན་དང་དམིགས་ཡུལ་དེ་འཇུག་ཅང་མཁན་དང་བླངས་ང་ཚོ་འགལ་ཤེས་དོན་དགོས་བྱུང་ན་འགྱོད་པ་གང་ཡང་མེད། བཀྲ་ཤིས་བདེ་ལེགས་ཞུ།། །།
ཆུ་བཞི་སྒང་དྲུག་གི་རྒྱུན་ལས་འོས་བསྡུ་དེ་དམངས་ཚོགས་མི་འདུག གང་ཡིན་ཟེར་ན་སེར་འབྲས་དགེ་གསུམ་གཙོ་ཆོས་བརྒྱུད་རྣམ་ལ་འོས་ཕྱོགས་གི་ཐོབ་ཐང་མེད་པ་གང་ཡིན་ན་ཟེར། ད་བར་འོས་སྒམ་མེད་པ་ཚང་མའི་མཁྱེན་གསར་རེད། ཆུ་སྒང་དབུས་ནས་ལེན་དགོས་ཡོད།
7 ༠༩༢༠༡༡༡༠༡༣
དྲ་རྒྱ་དོ་དམ་པ།
ངེད་དྲ་རྒྱ་དང་གསར་ཁང་གི་ངོས་ནས། འབྲི་མཁན་དོ་བདག་སུ་ཡིན་གསལ་ཁ་མེད་པ་སུ་ཞིག་གིས། ཚོགས་པ་ག་གེ་མོ་དང་དམིགས་བསལ་མི་སྒེར་པ་ལ་སྐྱོན་བརྗོད་ཀྱི་མཆན་དང་རྩོམ་ཡིག་སོགས་སྤེལ་ཚེ། གསུབ་རྒྱུ་ཡིན་ལུགས་དེ་སྔོན་ཤམ་བྷ་ལའི་དྲ་ཐོག་བགྲོ་གླེང་ཐོག་མང་མོས་དང་། རྗེས་སུ་ཟིན་བྲིས་ཀྱི་སྒྲིག་གཞི་སོགས་ལས་གསལ་ཡོད་པས་དེ་དོན་དགོངས་འཇགས་ཞུ། གལ་སྲིད་ཁྱེད་ལ་གནད་དོན་དེ་དག་སྐོར་ཁུངས་ལུང་དང་། འགན་འཁུར། ངོ་གདོང་སྟོན་ནུས་པའི་སྤོབས་པ་ཡོད་ཚེ། ངེད་ཅག་གི་ལས་ཁུངས་ལ་དངོས་སུ་ཕེབས་ནས་རྩོམ་ཡིག་མཁོ་སྤྲོད་གནང་རྒྱུར་དགའ་བསུ་ཞུ།
ཤམ་བྷ་ལའི་དྲ་རྒྱ་དོ་དམ་པ་སངས་རྒྱས་ཀྱིས།།
6 ༠༩༢༠༡༡༠༩༤༡
མདོ་ཁམས་ཆུ་བཞི་སྒང་དྲུག་གི་མིང་ཐོག་ནས་བྱ་ངན་གང་བྱས་ཐམས་ཅད་བདག་གིས་ཐད་བཏོན་བྱས་པའི་རྩོམ་ཡིག་རྣམས་རྩོམ་སྒྲིག་པ་ཁྱོད་རང་ཚོས་ཇི་ཙམ་བསུབ་མོད། ངས་ནི་མུ་མཐུད་ནས་འགོད་རྒྱུ་ཡིན། རྩོམ་སྒྲིག་པ་མི་ངན་ཁྱོད་རྣམས་ལ་བོན་རྒན་དེས་ཅི་ཞིག་སྤྲད་སོང་། རྩོམ་སྒྲིག་པ་ཁྱོད་རྣམས་བདེན་པ་དང་དྲང་པོ་ལ་རྒྱབ་སྐྱོར་བྱེད་པའི་སྙིང་སྟོབས་དང་སེམས་ཤུགས་མེད་ན་དྲ་ཁང་སྒོ་རྒྱོབ་ཅིག ཡང་ན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་རྙིང་པ་རྣམས་ཀྱི་ལོ་གསུམ་གྱི་ལས་ཀ་ཀུན་ལ་ཞིབ་བསྡུར་དང་ཞིབ་འདང་ཞིག་རྒྱོབ་དང་ད་གཟོད། མི་ངན་དེ་དག་གིས་ཅི་བྱས་་ཐམས་ཅད་ཁྱོད་ཚོས་ཤེས་ངེས་རེད། རྩོམ་སྒྲིག་པ་བྱབ་ཆུང་ཁྱོད་བྱེད་སྟངས་ལ་ཅིག་ལྟོས་དང་ལྟས་ངན་རང་མཐོང་ཡོང་།
5 ༠༧༢༠༡༡༢༢༣༩
ཆུ་བཞི་སྒང་དྲུག་གི་རྒྱུན་ལས་འོས་བསྡུ་ཟེར་བ་ནི་དྲང་བདེན་རྩ་བ་ནས་མེད། ད་ལྟ་བར་དུ་འོས་མི་ག་ཚོད་བཏང་ཀྱང། མདོ་སྟོད་མི་མང་ལ་དབང་ཆ་སྤུ་ཙམ་མེད་པར། མི་འགའ་ཤས་ཀྱིས་དབང་ཤུགས་བེད་སྤྱད་དེ། འོས་མི་དང་། རྒྱུན་ལས་འདམས་པ་ཤག་དག་ཡིན། དམིགས་གསལ་དུ་ཆབ་མདོ་དང་། ཁྱུང་པོ། བྲག་ཡབ། ཤོད་སྟར་ལྷོ་གསུམ། ར་དཀར་སོག་གསུམ། བྱང་རིགས་སྡེ་བཞི་ནས་མིའི་ནང་ནས་རྒྱུན་ལས་དང་། འོས་མི་གཅིག་ཀྱང་བྱུང་མྱོང་མེད། དེའི་རྒྱུ་མཚན་ག་རེ་ཡིན། ལན་འདེབས་བསལ་པོར་གནང་རོག ཡང་ན་དེ་ཚོ་མདོ་སྟོད་མི་མང་གི་གྲལ་ནས་བུད་པ་རེད་དམ། དཔའ་བོ་མགོན་པོ་ཨ་འབྲུག་གིས་བཙུགས་པའི་ཆུ་བཞི་སྒང་དྲུག་གི་ཚོགས་པ་དེ། ཁྱེད་ཚོས་མིང་སྙན་མེད་པར་མ་བཟོ་རོགས། དེང་སྐབས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་རྒྱུན་ལས་རྣམས་ཀྱིས་བྱུས་ངན་སྐོར་ལ་སྐད་ཆ་ག་ཚོད་བཤད་རྒྱུ་འདུག་གམ།།
4 ༠༧༢༠༡༡༡༦༥༤
༡》 གྲའུ་ཚེ་བརྟན། ༢》 བློ་བཟང་ཕན་བདེ། ༣》ཀརྨ་མཁས་གྲུབ། ༤》ངག་དབང་བསྟན་པ། ༥》ཚེ་རིང་པོ། ༦》བེ་རི་འཇིགས་མེད་དབང་རྒྱལ། ༧》པདྨ་བདེ་ལེགས། ༨》བ་ར་ཚེ་དབང་བཀྲིས། ༩》འཆམ་ར་དྲི་མེད་རྒྱལ་མཚན། ༡༠》འཇུ་ཆེན་བཀྲིས་དཔལ་འབྱོར། ༡༡》བསོད་ནམས་དགྲ་འདུལ།
3 ༠༧༢༠༡༡༡༣༣༡
༡ གོ་བོ་བློ་བཟང་ཕན་བདེ། ༢ ཀརྨ་མཁས་གྲུབ། ༣ ག་ཟི་དགེ་བཤེས་ཚེ་རིང་པོ། ༤ བ་ར་ཚེ་དབང་བཀྲ་ཤིས། ༥ བྱམས་པ་ཡོན་ཏན། ༦ གླིང་ཚང་ཀརྨ་གཡུལ་རྒྱལ། ༧ འཆམ་ར་དྲི་མེད་རྒྱལ་མཚན། ༨ བསོད་ནམ་དགྲ་འདུལ། ༩ འཇུ་ཆེན་བཀྲིས་དཔལ་འབྱོར། ༡༠ སྒ་པ་ལོ་ཡག། ༡༡ དགེ་བཤེས་ངག་དབང་བློ་བཟང། བཅས་ལ་གདམ་ན་ཡག་པོ་འདུག
༡) གོ་བོ་བློ་བཟང་ཕན་བདེ། ༢) ཀརྨ་མཁས་གྲུབ། ༣) ངག་དབང་བསྟན་པ། ༤) དགེ་བཤེས་ཚེ་རིང་པོ། ༥) བ་ར་ཚེ་དབང་བཀྲིས། ༦) བྲག་མགོན་བྱམས་པ་ཡོན་ཏན། ༧) འཆམ་ར་དྲི་མེད་རྒྱལ་མཚན། ༨) འཁོར་ཚ་བསོད་ནམས་དགྲ་འདུལ། ༩) རྒྱ་སྟུག་འཇམ་དབྱངས། ༡༠) འཇུ་ཆེན་བཀྲིས་དཔལ་འབྱོར། ༡༡) དགེ་བཤེས་ངག་དབང་བློ་བཟང་།
1 ༠༥༢༠༡༡༡༩༣༩
ཆུ་བཞི་སྒང་དྲུག་ཆུ་ལ་འགྱུར་འགྲོ་ཡི་འདུག་ག འོས་ཡ་མ་ཟུང་མི་ར་མ་ལུག་ལས་ཆེ་མ་ཆུང་། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། ཨ་ཀྱང་མི་ཞུ་ཀུན་རེ་ཡིན་ཡག་པོ་འདུག་བོད་དགོས་ས་བོད་དང་རྒྱ་དགོས་ས་རྒྱ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།