བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༣ཚེས་༣༠ཉིན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ལས་རིམ་གཏན་འབེབས་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གི་གསར་འགོད་གསལ་བསྒྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་༡༡པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་སྤྱི་བསྩལ་ཐོག་བགྲོ་གླེང་གྲོས་བསྡུར་རིམ་པ་དང༌། གྲོས་ཆོད་སྔ་རྗེས་བཞག་པའི་མཐའ་དོན་གྲོས་ཆོད་ཨང་  ༢༠༡༡།༡༤།༡༡།༧ ཡིག་ཆ་ཨང་ ༤༨ པའི་དགོངས་དོན་ལྟར། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་གཏན་འཁེལ་བར་བཀའ་ཤག་དང༌། སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་བའི་ལས་རིམ་གཤམ་གསལ།

དང་པོ།  ཚོགས་འདུའི་མིང༌།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ། ༢༠༡༡

གཉིས་པ།  ཚོགས་དུས།

ཕྱི་ལོ་  ༢༠༡༡ ཟླ་ ༥  ཚེས་ ༢༡ རེས་གཟའ་སྤེན་པ་ནས་ཚེས་ ༢༣ རེས་གཟའ་ཟླ་བ་བར་ཉིན་གསུམ།

གསུམ་པ།  ཚོགས་ཡུལ།

བཞུགས་སྒར་རྡ་རམ་ས་ལ།

བཞི་པ།    ཚོགས་མིའི་ཡོང་ཁུངས།

ཀ།  བཀའ་བློན་ཁྲི་པ་དང༌།  བཀའ་བློན་ལས་ཟུར་རྣམ་པ།

ཁ།  བཀའ་ཤག་སྐབས་  ༡༤ པར་འོས་ཐོན་བཀའ་ཁྲི།

ག།  སྤྱི་འཐུས་ལས་ཟུར་རྣམ་པ།

ང༌།  སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་སུ་འོས་ཐོན་སྤྱི་འཐུས་རྣམ་པ།

ཅ།  རྡ་སར་གནས་འཁོད་གཞུང་ཞབས་ཟུང་དྲུང་ཡན།

ཆ། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་རེ། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ།

ཇ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ།

ཉ། ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་ ༦ རེ།

ཏ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང༌། བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ།   ༼ཕྱི་དྲིལ་ལས་ཁུངས་བརྒྱུད།༽

ཐ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་སྐུ་ཚབ་གཉིས་རེ། ༼གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཚན་གཞུང་ཟུར་འཛར་དང་པོ།༽

ད།  རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། ༼རང་སྐྱོང་སྡེ་ཚན་གྱི་མཚན་གཞུང་ཟུར་འཛར་གཉིས་པ།༽

ན། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང༌། འགན་འཁུར་ལས་འགུལ་གནང་མཁན། མཁས་དབང༌། ཆེད་ལས་པ།  སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་ནས་དྭང་བླང་ཕེབས་མཁན་ རྒྱ་བལ་འབྲུག་གསུམ་ནས་མི་གྲངས་ ༣༠ དང༌། དེ་མིན་ནས་མི་གྲངས་ ༢༠ ལས་མ་མང་བ་བཅས།

ལྔ་པ།  གྲོས་གཞི།

བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ ཚོགས་ཆུང་གི་སྙན་ཐོ་སྤྱི་དང༌། ཁྱད་པར་དུ་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུའི་སྔོན་གླེང་དང༌། དོན་ཚན་དང་པོའི་སྐོར།

དྲུག་པ།   ལས་རིམ།

སྔ་དྲོ་ཆུ་ཚོད་ ༩ཿ༣༠ ནས་ཕྱི་དྲོ་ཆུ་ཚོད ༥ཿ༠༠ པ་བར།

ཚོགས་ འདུ་ཉིན་དང་པོར་དབུ་འབྱེད་གྲུབ་འཕྲལ་ཚོགས་མི་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་ ཉིན་དང་པོ་དང༌། ཉིན་གཉིས་པའི་དགུང་ཚིགས་བར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ རྒྱབ་གཉེར་སྙན་ཐོ་ནང་གསལ་སྔོན་གླེང་དང༌། དོན་ཚན་དང་པོའི་ཚིག་དོན་ལ་གོ་བསྡུར་དང་འབྲེལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ ཆེན་པོ་མཆོག་ལ་གསོལ་འདེབས་ཞུ་ཕྱོགས་སྐོར་གྲོས་བསྡུར་བྱ་རྒྱུ།

ཉིན་གཉིས་པའི་ཉིན་རྒྱབ་ཏུ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོའི་དོན་ཚན་གཞན་ཐོག་དགོངས་ཚུལ་བསྡུ་རུབ་བྱ་རྒྱུ།

ཉིན་ གསུམ་པར། ཚོགས་ཆུང་སོ་སོའི་སྙན་ཐོ་སྙན་སྒྲོན་གནང་རྒྱུ་དང༌། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ནང་གསལ་སྔོན་ གླེང་དང༌། དོན་ཚན་དང་པོའི་སྐོར་ལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་འཇོག་རྒྱུ།

བདུན་པ།  ཚོགས་ཆུང་ཆ་བགོས།

ཚོགས་མི་ཡོངས་རྫོགས་རྒྱན་བསྐྱུར་ལམ་ནས་ཚོགས་ཆུང་ཁག་ཏུ་ཆ་བགོས་བྱ་རྒྱུ།

བརྒྱད་པ།  མཇུག་གནོན་གནང་ཕྱོགས།

ཕྱི་ལོ་ ༢༠༡༡ ཕྱི་ ཟླ་ ༥ ཚེས་ ༢༤ ཉིན་ཚོགས་ཆེན་གྱི་གྲོས་ཆོད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པ་མཆོག་ལ་གསོལ་འདེབས་ཞུ་རྒྱུ་དང༌། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་བསམ་འཆར་ཁག་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཐོག་བཅའ་ཁྲིམས་ བསྐྱར་བཅོས་གཏན་འབེབས་སྐབས་དཔྱད་གཞིའི་ཁོངས་འཇོག་རྒྱུ།

དགུ་པ།  ཚོགས་དྲུང༌།

ཚོགས་དྲུང་གི་ལས་འགན་སྔར་ལམ་ལྟར་ཚོགས་དྲུང་ལས་ཁུངས་ནས་འགན་བཞེས་གནང་རྒྱུ་དང༌། ལས་བྱ་འཕར་མ་ཇི་དགོས་བཀའ་ཤག་ནས་གོ་སྒྲིག་གནང་རྒྱུ་བཅས།  བཀའ་ཤག་དང༌།  སྤྱི་འཐུས་རྒྱུན་ལས་ཐོུང་ནས་སྤྱི་མོས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་གཏན་འབེབས་གནང༌།།

ཟུར་འཛར་དང་པོ།

༄༅། །གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཚན་གཞུང༌།

༡༽ དབུས་གཙང་ཆོལ་ཁའི་རྒྱུན་ལས།

༢༽ མདོ་སྟོད་ཆོལ་ཁའི་རྒྱུན་ལས།

༣༽ མདོ་སྨད་ཆོལ་ཁའི་རྒྱུན་ལས།

༤༽ བོད་ཀྱི་གཞོན་ནུ་ལྷན་ཚོགས།

༥༽ བོད་ཀྱི་བུད་མེད་ལྷན་ཚོགས།

༦༽ རྒྱལ་ཡོངས་མང་གཙོ་ཚོགས་པ།

༧༽ དགུ་བཅུ་གསུམ་ཚོགས་པ།

༨༽ མངའ་རིས་སྤྱི་མཐུན་ཚོགས་པ།

༩༽ ཆོལ་གསུམ་ཆིག་སྒྲིལ་ཚོགས་པ།

༡༠༽ བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ།

ཟུར་འཛར་གཉིས་པ།

༄༅། རང་སྐྱོང་སྡེ་ཚན་ཁག་གི་མཚན་གཞུང༌།

༡༽  བོད་ཀྱི་ཟློས་གར་ཚོགས་པ།

༢༽  བོད་ཀྱི་དཔེ་མཛོད་ཁང༌།

༣༽  ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌།

༤༽  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།

༥༽  རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།

༦༽  ལྡི་ལི་བོད་ཁང༌།

༧༽  བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས།

༨༽  མ་སུ་རི་བོད་ཁྱིམ།

༩༽  སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌།

༡༠༽  བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས།

༡༡༽  དབུས་སྨན་རྩིས་ཁང༌།

༡༢༽  བདེ་ལེགས་སྨན་ཁང༌།

༡༣༽ ཤེས་རིག་དཔར་ཁང༌།

༡༤༽ བལ་ཡུལ་གངས་ཅན་བདེ་རྩ།

༡༥༽ སྤྱི་མཐུན་མཉམ་འབྲེལ།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གི་གསར་འགོད་ གསལ་བསྒྲགས། མཚུངས་མེད་གསར་ཤོག་ཁག་དང༌། རླུང་འཕྲིན་ཁག་གི་འགན་འཛིན་རྣམ་པ་མཆོག་ལ། ཆེད་འབུལ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ ཆེ་སྤྱི་ཕེབས་བྱུང་བའི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་སྐོར་ད་ལམ་གྲོས་ཚོགས་དེ་ གའི་ཐོག་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༧ འཁོད་པའི་དོན་ཚན་ ༣ པ་ནང་གསལ་ལྟར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་གཏན་འཁེལ་བ་དང༌། ཚོགས་ཆེན་གྱི་ཚོགས་དུས་དང་འཚོགས་ཡུལ། ཚོགས་མིའི་ཡོང་ཁུངས་བཅས་པ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་རྒྱུ་གསལ་བ་ལྟར། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱབ་ཚོུད་ ༢ པ་ནས་བཀའ་སྤྱི་ལྷན་ཚོགས་བསྐྱངས་ཏེ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་ གཉིས་པའི་ལས་རིམ་འདི་མཉམ་ཟུར་ཕུལ་ལྟར་གཏན་འབེབས་གནང་ཞིང༌། ལས་རིམ་ནང་གསལ་ལྟར་ཚོགས་ཆེན་གྱི་ཚོགས་མི་རྣམས་ནས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༣༠ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་མཚན་ཐོ་འབུལ་དགོས་པ་དང༌། གོང་ཚེས་ནང་ཚུད་མ་འབྱོར་ཚེ་ངོས་ལེན་གནང་རྒྱུ་མིན་ལ། དྭང་བླངས་ཚོགས་ཞུགས་པ་རྣམས་མཚན་ཐོ་འབུལ་སྔ་རྟིང་གིས་ཚོགས་མིའི་ཁོངས་འཇུག་ རྒྱུ་ཡིན་པ་བཅས་ཐུགས་གཏན་འཁེལ་བའི་གསར་འགོད་གསལ་བསྒྲགས་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
༅།གོང་གི་བདེན་པ་གཉིས་ཞེས་ཅུང་བ་དེ་ལྟར་ཡིན་ན་ནི་ཤིན་ཏུ་མི་འཐད་པ་འདུག་པས་དེ་སྐོར་ཚབ་ཚུབ་ཏུ་མ་སོང་བ་གནང་རོག་ཞེས་འབོད་བསྐུལ་ཡིན་་་་ངོས་རང་ནས་བསམ་ཚུལ་ལ་་་་་བོད་གཞུང་དམངས་གཙོ་ཕྱོགས་ལས་རྣམ་རྒྱལ་་་་ཞེས་གོང་དུ་གཞན་ཞིག་གིས་བསམ་ཚུལ་བཏོན་པ་དེ་ཤིན་ཏུ་འཐད་པར་མཐོང་བས་དེ་ལྟར་དཔྱ་ཞིབ་ཡོང་བ་མཁྱེན་།
༅།གོང་གི་བདེན་པ་གཉིས་ཞེས་ཅུང་བ་དེ་ལྟར་ཡིན་ན་ནི་ཤིན་ཏུ་མི་འཐད་པ་འདུག་པས་དེ་སྐོར་ཚབ་ཚུབ་ཏུ་མ་སོང་བ་གནང་རོག་ཞེས་འབོད་བསྐུལ་ཡིན་་་་ངོས་རང་ནས་བསམ་ཚུལ་ལ་་་་་བོད་གཞུང་དམངས་གཙོ་ཕྱོགས་ལས་རྣམ་རྒྱལ་་་་ཞེས་གོང་དུ་གཞན་ཞིག་གིས་བསམ་ཚུལ་བཏོན་པ་དེ་ཤིན་ཏུ་འཏད་པར་མཐོང་བས་དེ་ལྟར་དཔྱ་ཞིབ་ཡོང་བ་མཁྱེན་།
བསྟན་འཛིན་ཀླུ་སྒྲུབས་ལགས་ཀྱི་བསམ་ཚུལ་ལ་རྒྱུ་མཚན་འདུག ངོས་ནས་བསམ་ན་ཕལ་ཆེར་བདེན་པ་གཉིས་རྒྱལ་གྱུར་ཅིག་ཡིན་རྒྱུ་མ་རེད། བདེན་པ་ཉིད་རྒྱལ་གྱུར་ཅིག་ཡིན་རྒྱུ་རེད་བསམ། གང་ལྟར་གོང་གི་ཚིག་དུམ་དེ་གཉིས་ཀ་ལ་ཡག་པོ་ཞིག་མཐོང་མ་བྱུང་། སྤྱིར་གཏང་བོད་གཞུང་རྩ་ཁྲིམས་རིན་པོ་ཆེན་མོ་སྐྱར་བཅོས་གཏང་ཞིང་། ལྷག་པར་དུ་ལོ་ངོ་སུམ་བརྒྱའི་སྔོན་བོད་ཀྱི་ལོ་རྒྱུས་ཁྲོད་བསུབ་མེད་དུ་ལྷང་ངེར་འགྱིང་བའི། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། ཞེས་པའི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ནས་ཟབ་པ་དང་རྒྱ་ཆེ་བ་ཚིག་དུམ་འདི་ཉིད་ལམ་སང་གང་ཟག་རེ་ཟུང་བ་ཞིག་ནས་རལ་གྲི་གནམ་གཡུག་ལྟར་དུ་ཐག་བཅད་ནས་ལམ་སང་་རྙོག་ལུད་ནང་ལ་གཡུག་ཆོག་ཆོག་ཞིག་ཨི་ཡོད་ན་བསམ། རྒྱལ་ཡོངས་ཚོགས་ཆེན་འདྲ་བའི་སྐབས་སུ་བསམ་ཚུལ་གོ་བསྡུར་བྱེད་ནས་ཚོགས་ཆུང་ཆ་བགོས་ཀྱིས་དམངས་ཚོགས་དང་མ་ཟད་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའི་ཤེས་ལྡན་མི་སྣ་རྣམས་ཀྱི་བསམ་ཚུལ་བསྡུ་སྐོང་བྱས་ན་ཡག་པོ་རེད།
ངོས་ཀྱི་བསམ་པར། ༼བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ༽ཞེས་པའི་ཚབ་ཏུ། བོད་གཞུང་དམངས་གཙོའི་སྲིད་གཞུང་ཕྱོགས་ལས་རྣམ་རྒྱལ། ཡང་ན། བཙན་བྱོལ་བོད་གཞུང་ཕྱོགས་ལས་རྣམ་རྒྱལ། ཡང་ན། གངས་ལྗོངས་ལུགས་གཉིས་དམངས་གཙོའི་སྲིད་གཞུང་། སོགས་གང་རུང་ཞིག་བཀོད་ན་གང་འདྲ་འདུག ང་རང་སྒེར་གྱི་བསམ་ཚུལ་དྲྭ་ཐོག་ཏུ་བཀོད་པ་ལས། སྒེར་གྱི་འཁོན་འཛིན་དང་བོད་གཞུང་ལ་རྩོད་པ་གཏན་ནས་མིན་པས་དེ་ལུགས་ཞུ
རླུང་འཕྲིན་བརྒྱུད་ལམ་ཁག་ནས་ཐོས་པ་ལྟར་ན། དགའ་ལྡན་ཕོ་བྲང་ཞེས་པ་དེ། བདེན་པ་གཉིས་རྒྱལ་གྱུར་ཅིག ཅེས་བསྒྱུར་གྲོས་ཚོགས་སུ་སྥྱི་མོས་བྱུང་བ་རེད་ཟེར་བར་ཐོས་སོང་།
དེ་ལ་འབྲེལ་བ་དེ་ཙམ་ཡོད་པར་ངོས་ཀྱིས་མཐོང་མ་སོང་བ་མ་ཟད། མི་མང་གི་ནང་དུའང་དེ་ལ་འབྲེལ་བ་མི་འདུག་གསུང་མཁན་གང་མང་མཆིས་ཤིང་།
དེ་ལས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཚབ་ཏུ། བོད་གཞུང་མང་གཙོའི་སྲིད་གཞུང་ཕྱོགས་ལས་རྣམ་རྒྱལ་ཅེས་བསྒྱུར་ན་ལེགས་པར་མངོན་ནོ།།
ལྷག་བསམ་བཟོད་མེད་ཀྱི་བསམ་ཚུལ།
སྔར་ནས་བོད་ཀྱི་སྲོལ་བརྒྱུན་དུ་གྲགས་པ་དང་། དེང་རབས་རྒྱལ་ཁབ་ཁག་གི་ལམ་སྲོལ་དང་མཐུན་པར། བོད་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་སྲིད་སྐྱོང་ངམ་སྲིད་བློན་ཞིག་དུས་ཡུན་ངེས་ཅན་དུ་བྱ་རྒྱུ་མང་མོས་འོས་བསྡུའི་ལམ་ནས་བསྐུར་བཞག་བྱ་དགོས། ད་འྟའི་བཀའ་བློན་ཁྲི་པ་ནི། ༸གོང་ས་མཆོག་བོད་ཀྱི་གཙོ་འཛིན་གནང་བཞིན་པའི་སྐབས་ལྟར། བོད་གཞུང་གི་སྲིད་སྐྱོང་ངམ་སྲིད་འཛིན་དེའི་འོག་གི་གཞུང་འཛིན་མཐོ་ཤོས། བཀའ་བློན་ཁྲི་པའམ་ སྲིད་བློན་གྱི་འོས་བསྡུ་ད་ལྟར་བཞིན་བྱ་དགོས། དེ་ལྟར་གནང་པ་ཡིན་པ། ༸གོང་ས་མཆོག་སླར་ཡང་བོད་ཀྱི་གཙོ་འཛིན་དུ་མི་མང་གིས་འོས་བསྡུའི་ལམ་ནས་འདེམས་ཐོན་གྱིས། བོད་ཀྱི་དབུ་ཁྲིད་དུ་་བཞུགས་སུ་གསོལ་བ་ཡིན་ན། ཞལ་བཞེས་གནང་སྲིད་པའི་ལམ་ཁ་ཡོད་པ་མ་ཟདདང་། མང་གཙོའི་ཁྲིམས་སྲོལ་དང་ཡོངས་སུ་མཐུན་པ་ཞིག་རེད།
བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་བསམ་ཚུལ།
སྐབས་འདིར་བཅའ་ཁྲིམས་བསྐྱར་བཅོས་བྱེད་ཕྱོགས་ནི། ཧ་ཅང་གི་གལ་ཆེན་ཞིག་ཡིན་པས། བོད་གཞུང་མང་ཡོངས་ཀྱིས་གལ་ཆེན་དོན་ཆེན་ལ་བརྩིས་ཏེ། སོ་སོའི་ལེགས་ཆ་གང་ཡོད་འདོན་སྤེལ་བྱེད་པའི་དུས་ལ་བབས་ཡོད། གང་ཡིན་ཞེ་ན། ད་ལྟར་༸རྒྱལ་མཆོག་ཉིད་སྐུ་འཚོ་བཞུགས་སུ་གཏན་ལ་ཕབས་པའི་བོད་ཀྱི་བཅའ་ཁྲིམས་དེ་ནི། མ་འོངས་པར་ཧ་ཅང་གི་རྩ་ཆེན་ཞིག་ཏུ་འགྱུར་སྒྱུར་ངེས་པ་དང།
མ་འོངས་པར་དེ་འདྲ་བཏན་འབེབ་བྱེད་པ་ལ་དཀའ་ཚེགས་མང་པོ་ཞིག་འཕྲད་སྲིད་པས་སོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།