དགོངས་ཚུལ།

ཨོ་སི་ཊོ་ལི་ཡའི་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བགྲོ་གླིང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༧ཉིན། ཟླ་འདིའི་ཕྱི་ཚེས་༡༠ཉིན། ཁེན་བྷེ་རར་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བདུན་དང་ལྷན་དུ་བོད་ཀྱི་ཁོར་ཡུག་ཐོག་བགྲོ་གླེང་ཐོག་དང་པོ་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླིང་ཚོགས་འདུ་དེ་ནི་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ལ། སྐབས་དེར་བསྟན་འཛིན་ནོར་བུ་ལགས་ཀྱིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་འབྲོག་པ་རྣམས་རྩྭ་ཐང་ནས་ཕུད་དེ་གྲོང་ཁྱེར་ཅན་དུ་སྒྱུར་བཞིན་པ་དང༌། གཏེར་ཁ་སྔོག་འདོན་དང་ས་རྐོ་རྡོ་སློག་བྱས་ནས་བོད་ཀྱི་རང་བྱུང་ཐོན་ཁུངས་རྩ་མེད་དུ་གཏོང་བཞིན་ཡོད་པའི་སྐོར་དང༌།  བོད་མཐོ་སྒང་དེ་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་ཡིན་པ་སོགས་བོད་ཀྱི་ཁོར་ཡུག་གི་གལ་གནད་རང་བཞིན་དང༌། ཨོ་སི་ཁྲི་ལི་ཡའི་གཞུང་ངོས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་རོགས་ཕན་ཅི་ཞིག་བྱེད་ཐུབ་ཀྱི་ཡོད།

དེ་བཞིན་རྒྱ་གཞུང་ནས་གཏན་འབེབས་བྱས་པའི་བོད་ཀྱི་འབྲོག་པ་དང་འབྲོག་པའི་རྩྭ་ཐང་ལ་གནོད་པའི་སྲིད་བྱུས་རིགས་ལེགས་བཅོས་ཡོང་བར་ལམ་སྟོན་བྱེད་སྟངས་སོགས་ཀྱི་ཐད་ལ་བསམ་འཆར་བཏོན་ཡོད་པ་མ་ཟད།  གོང་གི་བརྗོད་དོན་དེ་དག་གི་ཐད་ལྗང་ཁུ་ཚོགས་པ་དང་ ཁན་བྷེ་རའི་འདས་པའི་ལོ་དྲུག་ནས་བོད་ཀྱི་ཁོར་ཡུག་ཐོག་ཉམས་ཞིབ་བྱེད་མཁན་སྤྱི་ཚོགས་ཚན་རིག་པ་དང་ལྷན་དུ་སྒེར་ངོས་ནས་ཐུག་འཕྲད་དང་གླེང་མོལ་གནང་ཡོད་འདུག

གཞན་ཡང༌། བསྟན་འཛིན་ནོར་བུ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་གློག་ཀླད་ཀྱི་བརྙན་ལམ་བརྒྱུད་དེ༌། རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་འབྲོག་པ་གནས་སྤོ་རུ་འཇུག་བཞིན་པ་དང་ཆུ་བོ་མང་པོར་ཆུ་རགས་རྒྱག་བཞིན་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག སྐབས་དེར་ཚོགས་ཞུགས་པ་༩༥ལྷག་ཆེད་ཕེབས་གནང་ཡོད་ལ། དེ་ལས་མང་ཆེ་བ་གཞུང་འབྲེལ་མ་ཡིན་པའི་ཁོར་ཡུག་ཚོགས་པའི་ཚོགས་མི་ཡིན་པ་དང༌། ཁོང་ཚོས་མ་འོངས་པར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་རོགས་སྐྱོར་ཇི་ལྟར་བྱེད་དགོས་པའི་དྲི་བ་བཏོན་ཡོད་པ་མ་ཟད། ཨོ་སི་ཁྲི་ལི་ཡའི་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང༌། བོད་ཀྱི་ཁོར་ཡུག་ཐོག་གོ་རྟོགས་དེ་ཙམ་མེད་པས་ལས་འགུལ་འདིའི་རིགས་མང་དུ་སྤེལ་དགོས་པའི་སྐུལ་མའང་གནང་ཡོད་འདུག

པདྨ་མཚོས་ཕྱོགས་བསྡུས་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།