འཇིགས་མེད་ནོར་བུ་ལགས་འདས་གྲོངས་སུ་ཕྱིན་པར་བསྔོ་སྨོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༦ཉིན། ཕྱི་ཚེས་༡༦ཉིན་གྱི་ཞོགས་པར། དྷ་ས་གཙུག་ལག་ཁང་དུ་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་སྐུའི་ཚ་བོ་འཇིགས་མེད་ནོར་བུ་ལགས་འདས་གྲོངས་སུ་གྱུར་བར་བསྔོ་སྨོན་གནང་ཡོད་འདུག སྐབས་དེར་བོད་རིགས་དང་རྒྱ་གར་བ། ཕྱི་རྒྱལ་བ་སོགས་ལོ་རྒན་གཞོན་མེད་པར་འདུ་འཛོམས་ནང་མཉམ་ཞུགས་གནང་ཡོད་པ་དང༌། བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ང་ཚོ་དྷ་ས་རུ་ཡོད་པའི་མི་མང་རྣམས་མཉམ་འཛོམས་ཀྱིས་ཁོང་གི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད་པ་གསལ་བོར་མཚོན་གྱི་ཡོད་ལ། འདི་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ཅེས་དང༌།

ཡང་ཁོང་གིས། ང་ཚོར་མཚོན་ནས་བཤད་ན། ཁོང་དང་ཁོང་གི་ཨ་ཕས་བཞག་པའི་མཛད་རྗེས་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་ལ། དེ་ཡིས་ང་ཚོར་རང་བཙན་རྩོད་ལེན་བྱེད་དགོས་པའི་སྐུལ་མ་ཤུགས་ཆེར་གཏོང་གི་ཡོད་པ་དང༌། བོད་རང་དབང་རྩོད་ལེན་གནང་རྒྱུར་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱུ་མཚན་དང་ལྡན་པ་ཞིག་ཏུ་མཐོང་གི་ཡོད་ཅེས་བརྗོད་འདུག

བོད་དོན་ལས་འགུལ་བ་འཇིགས་མེད་ནོར་བུ་ལགས་ནི་སྟག་འཚེར་རིན་པོ་ཆེའི་སྲས་ཡིན་ལ། ཁོང་གིས་འཛམ་གླིང་ཐོག་བོད་དོན་དང་འགྲོ་བ་མིའི་རིན་ཐང༌། ཞི་བདེ་སོགས་ཀྱི་གོ་རྟོགས་སྤེལ་བའི་ཆེད་དུ་སྔ་གཞུག་ཏུ་ལེ་བར་༧༨༠༠ལྷག་ལ་ཞི་བའི་གོམ་བགྲོད་གནང་ཡོད་པ་དང༌། འདི་ལོའི་ཟླ་༢ཚེས་༡༤ཉིན་གྱི་དགོང་མོར་ཨ་རིའི་མངའ་སྡེ་ཧྥུ་ལོ་རའི་ཡ་ནང་དུ་རླངས་འཁོར་ཞིག་གིས་རྡུང་ཏེ་འདས་གྲོངས་སུ་སོང་བ་ཡོད་འདུག

ཡང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་གྱིས་འཇིགས་མེད་ནོར་བུ་ལགས་དང་ཁོང་གི་ཕ་དམ་པ།  དེ་བཞིན་བོད་དོན་ལས་འགུལ་བ་མང་པོ་ཞིག་གིས་བོད་ལ་རང་དབང་རང་བཙན་གྱི་སྐྱིད་པའི་ཉི་མ་ཤར་བའི་ཉིན་མོ་དེ་མཐོང་ཐུབ་མེད་པའི་སྐོར་གསུངས་དོན། བོད་དོན་འཐབ་རྩོད་ནི་དུས་ཡུན་རིང་པོའི་འཐབ་རྩོད་ཅིག་ཡིན་པས་ལས་འགུལ་བ་མང་པོ་ཞིག་འདས་གྲོངས་སུ་གྱུར་ཟིན་ནའང༌། འཐབ་རྩོད་དེ་མུ་མཐུད་ནས་འགྲོ་བཞིན་ཡོད་ལ། ང་ཚོས་མ་འོངས་པར་སྤུན་ཟླ་མང་པོ་འདས་གྲོངས་སུ་ཕྱིན་པ་མཐོང་སྲིད་ཀྱང་རང་བཙན་གྱི་འཐབ་རྩོད་དེ་མུ་མཐུད་ནས་འགྲོ་ངེས་རེད་ཅེས་བརྗོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༡༡༣༠༧
སྡུག་དང་སྡུག་གི་བར་ནས་མགོ་བོ་ཞུམས་མི་རུང་བ་ཤེས་དགོས།༡
སྡུག་བསྔལ་དང་ངུ་འབོད་བྱས་རུང་ཕན་ཐོག་མེད་པར་ཤེས་དགོས།༢
མི་ཡིན་ནས་བཟུང་ཏེ་ཐ་མ་འཆི་དགོས་པ་ཤེས་དགོས།༣
འཆི་བའི་དུས་སུ་ཉལ་སར་འཆི་མཁན་རེ་གཉིས་ལས་མེད་པར་ཤེས་དགོས།༤



བརྗོད་གཞི་གཞན་ཁག་ལ་གཟིགས།