དགོངས་ཚུལ།

ཨོ་སི་ཊོ་ལི་ཡའི་སོ་སྨན་པས་བཙན་བྱོལ་བོད་མིར་རོགས་སྐྱོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༦ཉིན། ཟླ་བ་རྗེས་མར་ཨོ་སི་ཊོ་ལི་ཡ་ནས་སོའི་སྨན་པ་གཉིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ནང་ཡོང་ནས། བཙན་བྱོལ་བོད་མིར་སྨན་བཅོས་རོགས་རམ་གནང་རྒྱུ་ཡིན་འདུག

དེ་ཡང་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་མཁས་དབང་ཇོ་ནཱ་ཐན་ལོ་ནཱ་ཌི་ལགས་དང༌། ཁོང་གི་སྐྱེས་དམན་ཌི་བྷི་རཱ་གཉིས་ཀྱིས། ཟླ་བ་རྗེས་མར་ཁོང་གཉིས་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁུལ་དུ་བསྡད་ནས། བདུན་ཕྲག་གཉིས་རིང་བཙན་བྱོལ་བོད་མིར་སྨན་བཅོས་རོགས་རམ་བྱ་རྒྱུ་དང༌། ཉིན་རེ་ཁྱོན་མི་གྲངས་༤༠ཙམ་ལ་ལྟ་དཔྱད་བྱ་འཆར་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་འདུག

ཡང་ཁོང་གཉིས་ཀྱིས་ཐོག་མར་དྷ་སྟེང་བོད་ཁྱིམ་དུ་འགྲོ་རྒྱུ་དང༌། དེ་རྗེས་སྨན་བཅོས་བྱེད་པར་ཚོགས་སྡེ་ཁག་གཞན་ལའང་སྐྱོད་ནས། ས་གནས་རེར་ཉིན་ཞག་ག ཉིས་གསུམ་ཙམ་རེ་འདུག་སྡོད་ཀྱིས། བྱིས་པ་དང་དར་མ་བཅས་ལ་རྟག་དཔྱད་སྨན་བཅོས་སོགས་བྱ་རྒྱུ་ཡིན་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་འདུག

མཁས་དབང་ལོ་ནཱ་ཌི་ལགས་ཀྱིས། བོད་ཕྲུག་ཁྱིམ་སྡེ་དང་ལྷན་དུ་ལས་ཀ་བྱ་རྒྱུ་དེ་ནི་ཧ་ཅང་གི་ཁོང་ཚོ་དང་སེམས་ཐག་ཉེ་པོ་ཡོད་པའི་ཚོར་བ་ཞིག་སླེབས་ཀྱི་འདུག་ཅེས་གསུངས་འདུག་ལ། ཨོ་སི་ཊོ་ལི་ཡ་ནས་བཙན་བྱོལ་བོད་མིར་སོའི་སྨན་བཅོས་ཐད་མཐུན་འགྱུར་རོགས་རམ་འདི་ནི། ཕྱི་ལོ་༡༩༨༦ནས་མཁས་དབང་ཇཱ་མིད་རོ་བྷར་ཊི་སུན་ལགས་ཀྱིས་༼ཨོ་སི་ཊོ་ལི་དང་བོད་མིའི་སོའི་སྨན་བཅོས་ཀྱི་ལས་འཆར་༽ཟེར་བ་ཞིག་གསར་འཛུགས་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།