བལ་ཡུལ་གྱི་ཉེན་རྟོག་པས་མདོ་སྟོད་ཀྱི་འོས་སྒམ་བཙན་ཕྲོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༤ཉིན། སྤྱི་ལོ་༡༠༡༡ཟླ་༢པའི་ཚེས་༡༣ཉིན་སྐབས་༡༩པའི་མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ས་ཁུལ་གང་སར་བྱས་ཡོད། ཉིན་མོ་དེར་བལ་ཡུལ་དུའང་ས་གནས་ཁག་གསུམ་དུ་བརྡ་ཁྱབ་སྔར་ནས་བྱས་པ་གཞི་བཟུང་སྟེ་འོས་བསྡུ་ཚོགས་ཆུང་གི་ལས་མི་རྣམས་དང་ལྷན་དུ་བལ་ཡུལ་ས་གནས་ཆུ་སྒང་རྒྱུན་ལས་རྣམས་བགོས་ཏེ་མཆོད་རྟེན་དང་ཇོལ་ཁེལ། འཕགས་པ་ཤིང་ཀུན་བཅས་ཁག་གསུམ་དུ་སྔ་དྲོ་ཆུ་ཚོད་༨་པ་ནས་འགོ་འཛུགས་ཀྱིས་འོས་བསྡུ་བྱས་ནས་ཉིན་མོ་ཆུ་ཚོད་༡༡ཟིན་སྐབས་ས་གནས་ཁག་གསུམ་ཀ་ལ་བལ་གཞུང་གིས་ཉེན་རྟོག་པ་བཏང་ནས་འོས་སྒམ་ཕྲོགས་བཅུག་ཡོད་མོད། འཕགས་ཤིང་དང་ཇོལ་ཁེལ་གཉིས་ལ་འོས་སྒམ་ཕྲོགས་ཤོར་མེད་མོད་མཆོད་རྟེན་ཁུལ་དུ་འོས་ཤོག་ཉུང་ངུ་ཞིག་ཡོད་པའི་འོས་སྒམ་ཉེན་རྟོག་པས་ཕྲོགས་ཡོད་པ་རེད།

ཉིན་དེའི་ཞོགས་པ་ཆུ་ཚོད་༨པ་ཙམ་ནས་ས་གནས་ཉེན་རྟོག་པ་བཞི་མཆོད་འཇོར་ཁང་གསར་གྱི་མདུན་ཐང་དུ་སླེབས་ནས་སྐོར་གཡེང་བྱས་པར་མཆོད་འཇོར་ས་གནས་གཞི་འགོ་ཚེ་རིང་དོན་འགྲུབ་དང་གཞི་འགོ་ཟུར་པ་བུ་དོན་འགྲུབ། མདོ་སྟོད་ཆུ་སྒང་གི་ས་གནས་རྒྱུན་ལས་དང་མི་རྒན་ཁག་གཅིག་བཅས་ནས་འོས་བསྡུ་དེ་ཆབ་སྲིད་དང་འབྲེལ་བ་མེད་ཚུལ་དང༌། ཆུ་སྒང་བདེ་དོན་ཚོགས་པ་འདི་ཉིད་བལ་གཞུང་འོག་ཏུ་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང༌། ལོ་གསུམ་རེ་བཞིན་རྒྱུན་ལས་འཕོས་འགྱུར་གྱི་འོས་བསྡུ་བྱེད་དགོས་ཚུལ་བཅས་གསལ་བཤད་བྱས་རྗེས་ཉེན་རྟོག་པ་དེ་དག་ཐེངས་གཅིག་ཕྱིར་ལོག་བྱས་ཡོད་པ་རེད།

ཉིན་གུང་ཆུ་ཚོད་༡༡ཙམ་ལ་མཆོད་རྟེན་ཁུལ་མཆོད་འཇོར་ཁང་གསར་གྱི་མདུན་ཐང་དུ་འོས་ཤོག་བླུག་བཞིན་པའི་སྐབས་བལ་གཞུང་གི་དབུས་ཉེན་རྟོག་པ་སུམ་བཅུ་ཙམ་སླེབས་ནས་འོས་ཤོག་ཉུང་ཤས་ཙམ་ཡོད་པའི་འོས་སྒམ་བཙན་ཕྲོགས་བྱས་ཡོད་པ་རེད། ད་དུང་ཁྱེད་ཚོའི་འོས་ཤོག་བླུག་མཁན་མི་གཅིག་སྟོང་ལྷག་འདུག་ཟེར་གྱི་འདུག་པས། དེ་ཚོ་གང་དུ་འགྲོ་སོང་བཅས་འདྲི་གཅོད་འདྲ་མིན་བྱས་ཡོད། དེ་བཞིན་ཇོར་ཁེལ་བོད་མི་གཞིས་སྒར་དུའང་ཉེན་རྟོག་པ་རླངས་འཁོར་གང་སླེབས་ཡོད་མོད། ཁོང་ཚོས་སྔར་ས་ནས་གྲ་སྒྲིག་བྱས་ཡོད་སྟབས་མི་མང་ཡིབ་བཞིན་འོས་བླུགས་ནས་འོས་སྒམ་འཕྲོག་མ་ཤོར་ཙམ་བྱུང་ཡོད།

གནས་ཚུལ་དེ་དག་དེ་མ་ཐག་ཏུ་ཁ་པར་བརྒྱུད་འཕགས་ཤིང་དུ་གོ་ནས་དེར་འོས་ཤོག་བླུག་རྒྱུ་མཚམས་འཇོག་བྱས་ནས་མི་རྣམས་ཕྱིར་ཐོན་སྐབས་ཉེན་རྟོག་པ་ཁག་གཅིག་དེར་སླེབས་ཚར་ཡོད་མོད་འོས་སྒམ་འཕྲོག་ཤོར་མེད། གང་ལྟར་བོད་པའི་འོས་བསྡུ་སོགས་ལས་ཙག་ཙིག་གང་བྱེད་པའི་ས་དེར་ཉེན་རྟོག་པ་དང་སོ་མྱུལ་བྱེད་མཁན་བསླེབ་རྒྱུ་ནི་རྒྱུན་ལྡན་གྱི་བྱ་བ་ལྟ་བུ་ཞིག་ཆགས་ཡོད་འདུག ད་རེས་ཀྱི་མདོ་སྟོད་ཀྱི་འོས་བསྡུ་བྱེད་མ་བཅུག་པའི་གནས་སྟངས་འདིར་བལྟས་ན་མ་འོངས་པའི་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དེ་ཧ་ཅང་ཁག་པོ་ཡོང་རྒྱུ་རེད་ཟེར་ནས་བོད་མི་མང་པོ་ཞིག་གིས་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

རྒྱ་སྟུག་འཇམ་དབྱངས་ཀྱིས་བལ་ཡུལ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༡༥༢༠༡༡༢༠༠༨
རྒྱ་སྟུག་འཇམ་དབྱངས་ལགས།
རྗེས་ཕྱོགས་ཡིག་གེ་འབྲི་ཚུལ་ལ་ལེགས་པར་དཔྱད་ནས་འབྲི་རོགས་མ་ཏོག་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བ་ལྟ་བུ་ནི་ད་བར་དུ་གོ་མྱོང་མེད་པ་མ་ཟད་བསམ་ཤེས་ཅན་གྱི་མི་ཞིག་གིས་མཐོང་ན་འཕྱ་སྨོད་བྱེད་ངེས་སོ།
3 ༡༥༢༠༡༡༡༦༠༤
མདོ་སྟོད་ཆུ་སྒང་ཟེར་ན་ཡག་པོ་རང་མི་འདུག་་་་་་་་་་གང་ཡིན་ཟེར་ན་དབུས་ཆུ་སྒང་གི་ཡིག་ཆ་དེ་ཚོའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་ཟེར་བ་ལས་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བ་དེ་འདྲ་མེད། བྱས་ཙམ་རྗེས་ནས་ཐུགས་གཟབ་གནང་གལ་ཆེ།
2 ༡༤༢༠༡༡༡༧༠༠
དཔལ་གུང་ཟླ་བ།
གསར་འགྱུར་བཏང་གནང་བ་ཐུགས་རྗེ་ཆེ།།
རྗེས་ཕྱོགས་བཀའ་སྤྱི་འོས་བསྡུ་སྐབས་གཟབ་དགོས།
1 ༡༤༢༠༡༡༡༦༥༨
དཔལ་གུང་ཟླ་བ།
གསར་འགྱུར་བཏང་གནང་ཐུགས་རྗེ་ཆེ།།
རྗེས་ཕྱོགས་བཀའ་སྤྱི་འོས་བསྡུ་སྐབས་གཟབ་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།