དགོངས་ཚུལ།

འགྲོ་བ་མིའི་རིན་ཐང་གོང་སྤེལ་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༤ཉིན། ཟླ་འདིའི་ཕྱི་ཚེས་༡༣ཉིན་ཇེ་པུར་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས། བོད་དོན་ཐག་གཅོད་བྱེད་པའི་འོས་འགན་དེ་ནམ་ཡང་འདོར་མི་སྲིད་པས་བོད་རིགས་མི་མང་གིས་གཏན་ནས་སེམས་ཁུར་བྱེད་མི་དགོས་ཞེས་གསུངས་འདུག

ཐེངས་འདིའི་ཚོགས་འདུ་དེ་སན་ཊོ་བྷ་ཌོར་ལའེ་ཇེ་དྲན་གསོའི་སྨན་ཁང་དང་ཞིབ་འཇུག་ལྟེ་གནས་ཁང༌། བྷར་ཧྤུའུ་ཊི་མཐོ་རིམ་སློབ་གཉེར་ཁང་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ལ། ༧གོང་ས་མཆོག་གིས་མི་མང་༢༠༠༠ལྷག་ལ་དུས་རབས་གསར་བའི་བཟང་སྤྱོད་ཀྱི་སྐོར་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་འདུག

དེ་ཡང་ཁོང་གིས་བོད་གཞུང་ངོས་ནས་བོད་རང་བཙན་རྩོད་ལེན་གནང་གི་མེད་པའི་སྐོར་གསུངས་དོན།

རྒྱ་ནག་གཞུང་གིས་བོད་ཟེར་བ་བོད་རང་སྐྱོང་ལྗོངས་གཅིག་པུ་ལ་གོ་ཡི་ཡོད་ཀྱང༌། བོད་མི་ཡ་ས་༦དེ་ ཁམས་དང་ཨ་མདོ་གཉིས་ཚུད་པའི་བོད་མི་སྤྱི་ཡོངས་ལ་གོ་དགོས་ཀྱི་ཡོད་པ་དང༌། ད་ལྟ་སྐྱབས་བཅོལ་དུ་ཡོད་པའི་བོད་རིགས་མི་མང་ཁམས་དང་ཨ་མདོ་བཅས་ས་ཁུལ་མི་འདྲ་བ་ནས་ཡོད་པ་རེད། ཡིན་ནའང༌། རྒྱ་ནག་གི་བཤད་སྟངས་ལྟར་བྱས་ན་ང་བོད་པ་མ་རེད། གང་ཡིན་ཟེར་ན། ཁམས་དང་ཨ་མདོ་གཉིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁུངས་སུ་ཚུད་མེད་པ་རེད།  རྒྱ་གཞུང་གིས་བོད་རིགས་མི་མང་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་བོད་ཆེན་པོ་ཞེས་གོང་བུ་གཅིག་ཏུ་བཟོ་དགོས་པའི་རེ་འདུན་འདོན་གྱི་ཡོད་པ་རེད་ཅེས་བརྗོད་པ་དེ་ཚོ་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ན་ཙམ་རེད་ཅེས་གསུངས་འདུག

ཡང་མགོན་པོ་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་འཆམ་མཐུན་ཡོང་བར་འབད་བརྩོན་བྱེད་དགོས་པའི་སྐོར་ལ་ཐུགས་སྐུལ་གནང་རྒྱུར། ཆོས་ལུགས་འཆམ་མཐུན་དང་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་རིན་ཐང་སོགས་ཆབ་སྲིད་སྐུལ་འདེད་ཙམ་གྱིས་ཐོབབ་པ་ཞིག་མ་རེད། དེ་ནི་མི་སྒེར་སོ་སོས་ཁྱིམ་གཞི་དང་སྤྱི་ཚོགས་འཛུགས་བསྐྲུན་སོགས་ནས་མགོ་བརྩམས་སྟེ་རིམ་བཞིན་རྒྱལ་ཡོངས་དང་རྒྱལ་སྤྱི་རུ་ཤུགས་རྐྱེན་ཐེབས་དགོས་པ་ཞིག་རེད་ཅེས་དང༌།

འཇིག་རྟེན་འདིའི་གནད་དོན་མང་ཆེ་བ་ཞིག་མིའི་རིགས་ཀྱིས་བཟོས་བ་ཡིན་ལ། འདི་དག་ཐག་གཅོད་བྱེད་དགོས་ནའང་ང་ཚོ་མྀའི་རིགས་ལ་རག་ལས་ཡོད་པའི་སྐོར་ཁོང་གིས། ཚན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་པ་དེས་ང་ཚོར་ཕན་འབྲས་ཆེན་པོ་ཐོབ་ཡོད་པདང༌།  ཡང་ཕྱོགས་གཞན་ཞིག་ནས་འབར་མདེལ་དང་རྡུལ་ཕྲན་མཚོན་ཆ་སོགས་ནི་འཇིག་རྟེན་འདི་རྩ་མེད་དུ་གཏོང་བའི་རྒྱུ་རུ་གྱུར་ཡོད་ལ། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པར་གནོད་སྐྱེན་ཚབས་ཆེན་ཐེབས་ཡོད་ནའང་གནོད་སྐྱེན་ཐེབས་ཁུལ་དེ་འདྲའི་གཞི་རྒྱ་ཆེན་པོ་དང་ཤུགས་ཆེན་པོ་མ་རེད། གལ་སྲིད་དུས་རབས་ཉེར་གཅིག་པའི་ནང་དུ་དམག་འཁྲུག་ཆེན་པོ་ཞིག་བྱུང་བ་ཡིན་ན། འཛམ་གླིང་འདི་རྩ་མེད་དུ་གཏོང་བའི་ཉེན་ཁ་ཆེན་པོ་ཡོད་ངེས་ཅེས་དང༌།

ཡང་ཁོང་གིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་ནི་ཆབ་སྲིད་ཀྱི་གནད་དོན་ཁོ་ན་ཙམ་ཞིག་མ་རེད། དེ་བཞིན་བྱམས་དང་སྙིང་རྗེ་སོགས་སྐུལ་འདེད་གཏོང་བ་སོགས་ནི་ང་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད་ཅེས་ལམ་སྟོན་བཀའ་སློབ་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།