དགོངས་ཚུལ།

ཐའེ་ཝན་དུ་ནང་ཆོས་བགྲོ་གླེང་གོ་སྒྲིག་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༢ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བརྟེན་གཞི་བྱས་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐེབས་རྩས་གོ་སྒྲིག་འོག་ཉིན་གཉིས་རིང་ནང་ཆོས་ངོ་སྤྲོད་དང་བགྲོ་གླེང་སྐབས་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད་འདུག

དེ་ཡང་ནང་ཆོས་བགྲོ་གླེང་དེའི་སྐབས་༧དཔལ་ས་སྐྱའི་གདུང་སྲས་སྐུ་བགྲེས་རཏྣ་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ནས། ཕྱི་ཚེས་༡༠ནས་༡༡བར་ཉིན་གཉིས་རིང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་འདུག

ཐེངས་འདིའི་ནང་ཆོས་ངོ་སྤྲོད་ནི་དེ་སྔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལྟར། ཐེའ་ཝན་དུ་ཡོད་པའི་ནང་པ་དེ་ཚོའི་ནང་ཆོས་གོ་རྟོགས་མཐོ་རུ་འགྲོ་ཆེད། ཆོས་ཚོགས་ཐེབས་རྩ་དེས་ཕྱི་ལོ་༢༠༠༣ནས་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་གདན་ཞུས་ཀྱིས་ནང་ཆོས་ངོ་སྤྲོད་ཐེངས་༩པ་དེ་ཆགས་ཡོད་འདུག་ལ། ཐེངས་འདིར་ཐའེ་ཝན་དད་ལྡན་པ་མི་གྲངས་༣༠༠ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། ས་སྐྱའི་གདུང་སྲས་རིན་པོ་ཆེས་འདི་འདྲའི་གལ་ཆེའི་ནང་ཆོས་ངོ་སྤྲོད་གནང་བར་བཀྲིན་ལེགས་གསོ་ཞུ་བ་དང༌། རིན་པོ་ཆེ་གང་ཉིད་ཀྱིས། གཞན་ཡང་༧དཔལ་ས་སྐྱ་པའི་གདུང་རྒྱུད་བྱུང་རིམ་སྐོར་ཡང་ངོ་སྤྲོད་གནང་ཡོད་འདུག རིན་པོ་ཆེས་བོད་སྐད་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་བ་དང་། དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ནས་རྒྱ་སྐད་ཐོག་གསུང་བསྒྱུར་ཞུས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།