དགོངས་ཚུལ།

དོན་དངོས་འདྲི་གཅོད་བྱ་རྒྱུར་དགའ་བསུ་བྱེད་ཀྱི་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༧ཉིན། ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་མི་མའེ་ཊོ་མའི་ཁ་སེ་ལགས་དངོས་སུ་བཞུགས་དྷ་རམ་ས་ལ་རུ་ཕེབས་ནས་རྒྱལ་དབང་༧ཀརྨ་པ་མཆོག་ལ་རྒྱབ་སྐྱོར་གནང་ཡོད་འདུག

ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་མི་མའེ་ཊོ་མའི་ཁ་སེ་ལགས་ཀྱིས་རྒྱ་གར་གྱི་ཁྲིམས་འཛིན་སྒྲིག་སྲོལ་ལ་ཡིད་ཆེས་དང་བརྩི་བཀུར་བྱས་ཡོད་པ་དང་ཆབས་གཅིག་ཏུ། དཀའ་ཉེན་གྱི་དུས་འདིར་རྒྱལ་བ༧ཀརྨ་པ་མཆོག་ལ་རྒྱབ་སྐྱོར་ཡང་གནང་ཡོད་འདུག

དེར་བརྟེན། རེས་གཟའ་ཟླ་བ་ཉིན། དཔལ་༧རྒྱལ་བ་ཀརྨ་པ་མཆོག་གི་བླ་བྲང་ནས་ཐེངས་འདིའི་གནད་དོན་ལ་རྒྱ་གར་གྱི་ས་ཁུལ་ཁག་དང་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པའི་མི་མང་གིས་ང་ཚོར་རྒྱབ་སྐྱོར་དང་ཡིད་ཆས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་གསུངས་ཡོད་པ་དང༌།

དེ་བཞིན་གཟའ་སྔོན་མའི་ནང་དུ། རྒྱ་གར་གྱི་གསར་ལམ་ནས་འདི་ག་བླ་བྲང་ནས་རྒྱ་ནག་གི་སེམ་ཀར་ཌི་SIM ཅིག་ལག་སོན་བྱུང་བར་བསྙད་དེ་རྫུན་བཟོ་བྱས་པའི་གསར་འགྱུར་སྣ་ཚོགས་སྤེལ་ཡོད་པ་རེད། གསར་འགོད་པ་ཞིག་ཡིན་ན། གནས་ཚུལ་ཞིག་ཕྱིར་བསྒྲགས་བྱེད་སྐབས་ཐོག་མར་ངེས་པར་དུ་གནད་དོན་དེར་རྒྱུས་ལོན་གསར་བོ་བྱེད་དགོས་པ་རེད།

གནས་ཚུལ་ལ་བརྟག་ཞིབ་གང་ཡང་མེད་པ་མ་ཟད། འབྲེལ་ཡོད་མི་སྣར་འདྲི་གཅོད་ཀྱང་མ་བྱས་པར་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་སྣ་ཚོ་བྱས་པ་དེ་ནི་བོད་རྒྱུད་ནང་བསྟན་གྱི་བླ་མ་ཚོའི་མཚན་གནས་ལ་དམའ་འབེབས་བྱས་པ་ཞིག་ཡིན་ལ། སེམ་ཀར་ཌི་དེ་ཀང་རའི་ཉེན་རྟོག་པ་རམ་མེ་ཤའི་རཱ་མཱ་ཟེར་བ་དེས་སྔོག་བཤེར་བྱས་ནས་རྙེད་སོན་བྱུང་དུས་མ་གཏོགས། དེ་སྔོན་སེམ་ཀར་ཌི་དེ་འདྲ་ཞིག་ཡོད་པ་གཏན་ནས་ཤེས་མ་སོང་ཅེས་དང༌།

དེ་བཞིན་༧ཀརྨ་བླ་བྲང་ལ་གསར་ལམ་ཁག་ནས་དངོས་སུ་འབྲེལ་བ་བྱས་ནས་དོན་དངོས་འདྲི་གཅོད་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད་པ་དང༌། གནས་ཚུལ་དེ་དང་འབྲེལ་བའི་གཞི་རྟེན་མེད་པའི་གསར་ཤོག་དེ་ཚོ་མྱུར་ཏུ་ཕྱིར་བསྡུ་དགོས་པ་མ་ཟད། ༧ཀརྨ་བླ་བྲང་ལ་དངོས་སུ་དགོངས་དག་ཞུ་དགོས་པའི་རེ་འདུན་བཏོན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༥༢༠༡༡༡༩༣༡
ངས་༧རྒྱལ་བ་༧ཀརྨ་པ་མཆོག་ལ་གཞི་མེད་སྙོན་འཛུག་ཉེས་ཁ་ཆེ་བའི་གནས་ཚུལ་དེ་སྦྱར་བ་མཐོང་མ་ཐག་༧རྒྱལ་བ་༧ཀརྨ་པ་མཆོག་ལ་ཡིད་ཆེས་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།