དགོངས་ཚུལ།

ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་འོས་མི་རྣམས་ཀྱིས་བགྲོ་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༧ཉིན། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་ལྔས། སུད་སིའི་གྲོང་ཁྱེར་ཛུ་རི་ཆིའི་ནང་བགྲོ་གླེང་ཞིག་ཚོགས་ཡོད་འདུག

དེ་ཡང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཟླ་འདིའི་ཚེས་༥རེས་གཟའ་སྤེན་པ་ཉིན་སུད་སིའི་གྲོང་ཁྱེར་ཛུ་རིད་ཆིའི་ནང་མ་འོངས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་འོས་འདེམས་དང་འབྲེལ་བའི་བགྲོ་གླེང་ཞིག་ཚོགས་ཡོད་པ་དང༌། སྐབས་དེར་ཁྱོན་མི་གྲངས་༢༥༠ཙམ་འདུ་འཛོམས་བྱས་ཡོད་འདུག ཡོ་རོབ་ཁུལ་གྱི་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་༥ནི། སིན་པན་ནས་ཐུབ་བསྟན་དབང་ཆེན་ལགས་དང༌། ནོ་བྷེ་ནས་ཆུང་བདག་ཀོ་རི། སུད་སི་ནས་བསོད་ནམ་སྒྲོལ་དཀར། སུད་སི་ནས་འཇམ་དཔལ་བསམ་རྡོ། སུད་སི་ནས་དབང་པོ་བཀྲས་མཐོང་བཅས་ཡིན་པ་རེད།

བགྲོ་གླེང་དེ་ཉིད་སྡེ་ཚན་གཉིས་སུ་ཕྱེས་ཡོད་འདུག་ཅིང༌། ཐོག་མར་འོས་མི་སོ་སོ་ནས་ངོ་སྤྲོད་མདོར་སྡུས་རེ་གནང་རྗེས། བགྲོ་གླེང་དངོས་གཞི་སྐབས་གལ་གནད་ཆེའི་ཕྱི་ནང་གཉིས་ཀྱི་ཆབ་སྲིད་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་བཅས་ཀྱི་སྐོར་དྲི་བ་དྲིས་ལན་གནང་ཡོད།

ཐེངས་འདི་བགྲོ་གླེང་སྐབས་གྲུབ་དོན་སྙིང་པོར་རྒྱ་ནག་གཞུང་གི་དབང་འཛིན་པ་དང་ལྷན་དུ་བོད་རྒྱ་ཞི་མོལ་བསྐྱར་མཐུད་དགོས་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་ཚང་མས་བོད་གཞུང་དང་ལྷན་དུ་མཉམ་སྦྲེལ་གྱི་ལས་དོན་སྤེལ་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེ་བ་ཡིན་སྐོར་ཚང་མས་ངོས་འཛིན་གཅིག་གྱུར་ཏུ་གནང་ཡོད་འདུག

བགྲོ་གླེང་གི་ལས་རིམ་གཉིས་པའི་ནང༌། འོས་མི་ཚོས་མི་མང་དང་ལྷན་དུ་ཁ་ཐུག་དྲི་བ་དྲིས་ལན་གནང་ཡོད་པ་དང༌། འདི་ལྟ་བུ་འོས་མིའི་བགྲོ་གླེང་ནི། འདི་ལོ་ཕྱི་ཟླ་༣པའི་ཚེས་༢༠ཉིན་ཡོང་ལ་ཉེ་བའི་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་འདེམས་དེར་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།