བཀའ་ཁྲིའི་འོས་མི་གསུམ་ལ་བོད་རྒྱ་འབྲེལ་མོལ་སྐོར་ངོ་སྤྲོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢ཉིན། རེས་གཟའ་ལྷག་པ་ཉིན། ༧གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་བོད་རྒྱའི་འབྲེལ་མོལ་གྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་ཡོད་འདུག

དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢ཉིན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དུས་ཚོད་གསུམ་ལྷག་གི་རིང་ལ་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་བོད་རྒྱ་འབྲེལ་མོལ་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་དང༌། སྐབས་དེར་ཁོང་གིས། ཕྱི་ལོ་ ༡༩༧༩ལོར༌། རྒྱ་ནག་གི་སྲིད་འཛིན་ཏུན་ཞོ་ཕིང་གིས་བོད་རང་བཙན་མ་རྩད་ན། གནད་དོན་གཞན་ཚང་མ་ཕན་ཚུན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་བ་དེ་ལས་བོད་རྒྱ་འབྲེལ་མོལ་གྱི་གོ་སྐབས་ཐོག་མར་བྱུང་ཚུལ་སོགས་གསུངས་འདུག

ཡང་ཁོང་གིས་བོད་རྒྱ་འབྲེལ་མོལ་ཐེངས་དགུའི་རིང་ལ་སྐུ་ཚབ་རྣམས་པས་རྒྱ་གཞུང་ལ་ཕུལ་བའི་སྙན་ཞུའི་ནང་དོན་སོགས་འགྲེལ་བཤད་གནང་ཡོད་པ་དང༌། ལྷག་པར་དུ་ཕྱི་ལོ་༢༠༠༢ལོ་ནས་བཟུང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་དབུ་ཁྲིད་འོག་ཐེངས་༩ལ་བོད་རྒྱ་འབྲེལ་མོལ་གནང་ཡོད་པ་དང༌། མཐའ་མའི་བོད་རྒྱ་འབྲེལ་མོལ་དེ་༢༠༡༠ལོའི་ཟླ་༡པོར་བྱུང་བ་སོགས་འགྲེལ་བརྗོད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།