བརྗེད་ཟིན་པའི་བོད་ཀྱི་དཔའ་བོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢ཉིན། ཕྱི་ལོ་༡༩༤༩ལོ་ནས་བཟུང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་དམར་གསོད་ཡ་ང་བ་བྱས་པའི་དངོས་བྱུང་ལོ་རྒྱུས་བཀོད་པའི་༼བརྗེད་ཟིན་པའི་བོད་ཀྱི་དཔའ་བོ༽ཞེས་པའི་དེབ་ཅིག་འགྲེམས་སྤེལ་བྱས་འདུག

ལོ་རྒྱུས་ཀྱི་ཟིན་ཐོ་དེ་ནི་ཕྱི་ལོ་༡༩༤༩ལོ་ནས་བཟུང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་སྟེ། གཉན་འཕྲང་ཆེ་བའི་དུས་སྐབས་ཀྱི་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་དངོས་བྱུང་ལོ་རྒྱུས་ཁག་༤༨ཙམ་ཇི་མ་ཇི་བཞིན་དུ་བཀོད་ཅིག་ཡིན་ལ། དེ་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་ཆེས་ཐོག་མ་ཞིག་ཏུ་ཆགས་ཡོད་པ་རེད།

རྩོམ་པ་པོ་བྷེལ་གྷེ་ཊི་ཝེན་ཌེ་ཝེ་ཇོར་ལགས་ཀྱིས་དངོས་སུ་མི་སྣ་དེ་ཚོ་དང་བཅར་འདྲི་བྱས་ནས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཟིན་ཐོ་རུ་བཀོད་ཡོད་པ་དང༌། དེའི་སྐོར་ལ་ཁོང་གིས་སྤྱི་ཚོགས་ཤིག་གི་དངོས་བྱུང་ལོ་རྒྱུས་བདག་ཉར་བྱེད་རྒྱུར་ཞབས་འདེགས་ཞུས་པ་ཙམ་ཡིན་ཞེས་བརྗོད་འདུག

ལོ་རྒྱུས་ཀྱི་ཟིན་ཐོའི་ནང་གི་བོད་རང་བཙན་བརྩོན་ལེན་པ་དེ་ཚོ་ད་ལྟ་དགུང་ལོ་ཧ་ཅང་མཐོན་པོ་ཡིན་ནའང༌། བོད་པའི་མི་རབས་གསར་པ་ཚོར་གཉན་འཕྲེང་ཆེ་བའི་བོད་ཀྱི་འདས་བའི་དུས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་རྒྱུར་རྒྱུ་ཆ་རུ་བསྐྲུན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཟིན་ཐོ་དེ་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བ་དང༌། ལོ་ངོ་གཉིས་ཙམ་གྱི་རིང་ལ་བོད་མི་ཤུ་ཉི་ལྷག་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་ཐུབ་པ་བྱུང་ཡོད་པ་རེད།

ཡང་ཁོང་གིས་༼བོད་ནས་བྲོས་བྱོལ་དུ་སླེབས་པའི་བྱིས་པ༽ཞེས་པའི་དེབ་ཅིག་ཕྱི་ལོ་༢༠༠༦ལོར་ཧྥ་རན་སིའི་དང་ཌོ་ཆས་གཉིས་ཀྱི་ནང་དུ་བསྒྱུར་ཡོད་པ་དང༌། ༼རང་དབང་གི་ཕྱོགས་སུ་སྐྱོད་པ༽ཞེས་པའི་དཔེ་དེབ་ཅིག་ཀྱང་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

རྩོམ་པ་པོའི་དྲ་བྱང༌། www.amberleybooks.com ཡང་ན་www.amzon.comའབྲེལ་གཏུག་བྱ་ཆོག་པ་དང༌། གནས་ཚུལ་ཞིབ་ཕྲ་དགོས་ཚེ་: This e-mail address is being protected from spambots, you need JavaScript enabled to view it གཟིགས་རོགས་ཞུ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།