ཀླད་རྡུལ་ཕྲ་མོ་རྣམས་ནཱ་ལན་ཌའི་ཤེས་བྱའི་གནས་ཀྱི་ཁེངས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢ཉིན། ཟླ་འདིའི་ཚེས་༣༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཡེ་ཤུའི་སློབ་གྲྭ་སེན་ ཇོ་སེབ་དུ་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་གྲངས་ ༣༠༠༠ ཙམ་ལ་དུས་རབས་༢༡ པ་དེ་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པས་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢ཉིན། ཟླ་འདིའི་ཚེས་༣༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཡེ་ཤུའི་སློབ་གྲྭ་སེན་ཇོ་སེབ་དུ་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་གྲངས་ ༣༠༠༠ ཙམ་ལ་དུས་རབས་༢༡ པ་དེ་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པས་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།

སྐབས་དེར་གང་ཉིད་ཀྱིས་ང་ཚོའི་དམིགས་ཡུལ་དེ་དམག་དཔུང་མེད་པའི་འཛམ་གླིང་ཞིག་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ལྟར་ཡོང་བར་མི་རེ་ངོ་རེ་ནས་འགོ་འཛུགས་ཏེ་འབད་བརྩོན་བྱེད་དགོས། དུས་རབས་ ༢༡ པ་འདི་བྱམས་བརྩེ་ལྡན་པ་ཞིག་དང་ཞི་བདེ་ཡོང་བར་གཞོན་སྐྱེས་ཚོར་རག་ལུས་ཡོད། ངོས་རང་ལ་ཆ་མཚོན་ན་ངོས་ཀྱི་ཀླད་པའི་རྡུལ་རྫས་ཕྲ་མོ་རྣམས་རྒྱ་གར་ནཱ་ལེནྡྲའི་ཤེས་བྱའི་གནས་ཀྱི་གང་ཡོད།

ངོས་ཀྱི་ལུས་པོར་ཆ་མཚོན་ན་རྒྱ་གར་གྱི་འབྲས་དང་དྷ་ལིས་འཚོ་བ་ཞིག་རེད། དེར་བརྟེན་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་ཅེས་བཀའ་སྩལ། སྐབས་དེར་སློབ་གྲྭའི་སློབ་སྤྱིས་༸གོང་ས་མཆོག་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ལྟར་ཡིན་པའི་བསྔགས་བརྗོད་ཕུལ་ཡོད།  ཉིན་རྒྱབ་ཆོས་འཁོར་གསུམ་གླིང་ཆོས་ཚོགས་དང་ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ ༧༠༠༠ ཙམ་ལ་དཀའ་རྙོག་གི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།

ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་རྣམས་འཆམ་མཐུན་ངང་འཚོ་གནས་བྱས་པའི་རྒྱ་གར་ནི་འཛམ་གླིང་གཞན་ལ་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་མཚོན་ཐུབ། འོན་ཀྱང་རྒྱ་གར་ཡུལ་མི་ཚོས་རྒྱ་གར་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་གཅེས་ནོར་གཉིས་པོ་གཙོ་བོར་གྱུར་བའི་བཟང་སྤྱོད་དེ་ དག་འཛམ་གླིང་ནང་གོང་མཐོར་གཏོང་རྒྱུར་འབད་བརྩོན་ཆེ་ཙམ་གནང་དགོས།

ལྷག་པར་ཆོས་ལུགས་དབུ་ཁྲིད་ཚོས་ཐུགས་འགན་མང་ཙམ་བཞེས་དགོས། འཛམ་གླིང་ནང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་རེད། དེར་བརྟེན་དཀའ་ངལ་དེ་དག་མིའི་རྣམ་དཔྱོད་ཀྱིས་སེལ་ཐུབ་ངེས་ཡིན་པས་དཀའ་ངལ་ཚང་མར་བློ་རྒྱ་ཡངས་པོས་ཕྱོགས་ཚང་མ་ནས་ལྟ་ཐུབ་པ་དགོས།  ཆོས་ལུགས་གཞན་གྱི་གནས་ཚུལ་ཤེས་པའི་ཐོག་ནས་ཆོས་ལུགས་གཞན་ལ་གུས་བརྩི་བྱས་ན་ཆོས་ལུགས་མཐུན་སྒྲིལ་ངོ་མ་ཞིག་ཡོང་ཐུབ།

ཆོས་ལུགས་སོ་སོའི་ཐབས་ལམ་མི་འདྲ་བ་ཡོད་པ་ཙམ་ལས་གཞི་རྩའི་མཐར་གཏུགས་ཀྱི་སྒྲུབ་བྱ་མི་ལ་བདེ་བ་སྐྲུན་རྒྱུ་དེ་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ཕྱི་དངོས་པོའི་མཐུན་འགྱུར་དགོས་པར་བརྟེན་དཔལ་འབྱོར་དགོས་ངེས་ཤིག་ཆགས་ཡོད་ཀྱང་དཔལ་འབྱོར་རྐྱང་པས་ནང་གི་བདེ་སྐྱིད་སྐྲུན་མི་ཐུབ། འབྱོར་ལྡན་མང་པོར་ནང་སེམས་ཀྱི་བདེ་སྐྱིད་ཀྱིས་ཕོངས་ཡོད། ཕྱིའི་སྒོ་ལྔའི་དབང་ཤེས་ཀྱི་བདེ་བ་བྱུང་བ་ཙམ་གྱིས་ནང་གི་བདེ་སྐྱིད་ངོ་མ་དེ་ཡོང་མི་ཐུབ་ཅེས་བཀའ་སྩལ།

མཛད་སྒོར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཨེ་པི་ཝེན་ཀ་ཊེ་ཤི་ཝ་རན་མཆོག་ཀྱང་ཕེབས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཁོང་ལ་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་མཛད་པ་མ་ཟད། རྒྱ་གར་དུ་བཙན་བྱོལ་བོད་མི་རྣམས་མི་ལོ་ ༥༠ ལྷག་ཙམ་རིང་སོ་སོའི་ནང་བཞིན་གནས་ཡོད། སྤྱིར་རྒྱ་གར་དང་བོད་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་ཡོད། རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་སློབ་མ་ཡིན།

སློབ་མར་དཀལ་ངལ་འཕྲད་སྐབས་བླ་མས་རོགས་རམ་འཕར་མ་ཞིག་བྱེད་དགོས་པ་དེ་སྤྱིར་བཏང་གི་འགྲོ་སྟངས་ཤིག་རེད་ཅེས་བཀའ་སྩལ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བ་ཁག་གསུམ་ཙམ་ལ་བཀའ་ལན་མཛད། དེ་རྗེས་བླ་མ་བཟོད་པ་རིན་པ་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ།  ད་ཐེངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་དེར་ཆིབས་སྒྱུར་བསྐྱངས་ཐེངས་གཉིས་པ་དེ་ཆགས་ཡོད། ཆིབས་སྒྱུར་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༠༤ ལོར་ཡིན་འདུག

བཙན་བྱོད་བོད་གཞུང་གི་དྲ་ཚིགས་ལས་བཏུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།