མི་མང་ཚོས་ལས་འགུལ་མ་སྤེལ་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢ཉིན། ཀརྨ་བླ་བྲང་གི་དོན་རྐྱེན་དེའི་ཐད། བཙན་བྱོལ་བོད་གཞུང་བཀའ་དྲུང་ཡིག་ཚང་ནས་རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་དང་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བར་ལམ་སྟོན་གསལ་བསྒྲགས་ཤིག་གནང་ཡོད།

གསལ་བསྒྲགས་དེའི་ནང་བར་ལམ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་དད་ལྡན་ཕྱི་ནང་མང་ཚོགས་ནས་ཕུལ་བའི་དངུལ་གང་ཙམ་ཞིག་ཐོན་པའི་ཐད་རྒྱ་གར་གཞུང་ནས་ཞིབ་འཇུག་གནང་བཞིན་ཡོད་པ་དང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་སྐོར་གྱི་གནས་ཚུལ་སྤེལ་སྒྲོག་བྱེད་ཡོད་པ་ནི་གཞི་མེད་དཀྲོགས་གཏམ་འབའ་ཞིག་ལས་བདེན་པ་རྩ་བ་ནས་མིན་པར་ངོས་འཛིན་དང༌། སྙོན་འཛུགས་དེ་ལྟར་བྱེད་པ་དེ་ལ་བློ་ཕམ་ཚད་མེད་ཡོད། མང་ཚོགས་ནས་རྒྱབ་སྐྱོར་ཚུལ་དུ་རང་འགུལ་གྱིས་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་མང་དག་སྤེལ་བཞིན་པ་དང། སྤེལ་རྒྱུའི་གནས་ཚུལ་ཡོང་འདུག་པ་ནི་ཐུགས་ཁག་གཏན་ནས་མེད་མོད། འོན་ཀྱང་འདུ་འཛོམས་ཁྲོམ་སྐོར་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་སྣ་ཚོགས་པ་དེས།

༡༽ འགྲོ་བཞིན་པའི་ཞིབ་འཇུག་ལ་དོ་ཕོགས་འགྲོ་རྒྱུ་དང༌། བླ་བྲང་གི་འཕྲལ་ཕུགས་གཉིས་ཀར་གནོད་གཞི་འབྱུང་སྲིད་པ།
༢༽ ཡུལ་མི་དང་བོད་མིའི་དབར་འཁོན་གཞི་ཆགས་རྒྱུའི་བཟོ་ལྟ་ཐོན་བཞིན་ཡོད་པ།
༣ ༽ དེ་ལྟའི་ཟིངས་ཆའི་གོ་སྐབས་འདི་ཟིན་ཏེ་རྒྱ་ཕྱོགས་ནས་སྲིད་བྱུས་འཛིན་བཞིན་པ་ཡུལ་མི་དང་བོད་མིའི་དབར་འགལ་ཟླ་བཟོ་རྒྱུ། རྒྱ་གར་གཞུང་དང་བཙན་བྱོལ་སྒྲིག་འཛུགས་དབར་འགལ་ཟླ་བཟོ་བ། བོད་མི་ནང་ཁུལ་བསམ་ཚུལ་དང། གཞུང་མང་དབར་འགལ་ཟླ་བཟོ་བའི་གོ་སྐབས་ལེན་སྲིད་པས་མང་ཚོགས་ནས་ལས་འགུལ་དེ་འདྲ་མི་སྤེལ་བའི་གོ་བཀོན་སློབ་གསོ་དགོས་གཤིས། དེ་བཞིན་གཞུང་ཞབས་སྲི་ཞུ་བཅས་པར་ཡང་བཀོད་ཁྱབ་ནན་པོ་དགོས་ཞེས་བཀའ་བཏང་ཡོད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།