དྷ་ས་ནས་རྒྱུད་སྟོད་བར་ཆོས་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢ཉིན། དེ་རིང་ཞོགས་པ་ཆུ་ཚོད་༡༠པའི་ཐོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དང་བོད་མི་སེར་སྐྱ་མི་མང་༡༠༠༠ལྷག་ཙམ་གྱིས། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་བཞུགས་གནས་རྒྱུད་སྟོད་དགོན་པ་བར་ཆོས་སྐོར་གོམ་བགྲོད་ཅིག་བྱས་ཡོད། ཐེངས་འདིའི་ཆོས་སྐོར་དེ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་གདུང་སེམས་མཉམ་བསྐྱེད་དང༌། གང་ཉིད་མཇལ་ཁ་ཞུ་རྒྱུ་བཅས་ཡིན་པ་ལས། གཞུང་དང་སྒེར་མི་མང་སུ་ཅིག་ལའང་ངོ་རྒོལ་གྱི་ལས་འགུལ་ཞིག་མིན་སྐོར་བོད་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འགྲེལ་བརྗོད་ཡང་ཡང་གནང་སོང༌།

ཡང་ཁོང་གིས་དེ་རིང་འདིར་མི་མང་རང་འགུལ་ལས་ཚོགས་པ་ཁག་སུ་ཞིག་གིས་ཀྱང་གོ་སྒྲིག་སྣེ་ཁྲིད་མིན་དུས། ཚང་མས་ངོ་རྒོལ་གྱི་རྣམ་པ་གང་ཡང་མ་སྟོན་རོགས། ང་ཚོས་གཞུང་དང་ཚོགས་པ་སུ་ཞིག་ལའང་ངོ་རྒོལ་བྱེད་དགོས་པ་མེད། དེ་རིང་འདི་ཆོས་སྐོར་ཡིན་པ་ལས་ངོ་རྒོལ་ལས་འགུལ་དེ་འདྲ་གང་ཡང་མིན། ང་ཚོ་བོད་པའི་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་ནང་ལ་སྟོན་པའི་སྐུ་དང་གསུང་རབ་དེ་འདྲ་ཁྱེར་ནས་ཆོས་སྐོར་བྱེད་པའི་སྲོལ་ཡོད་པ་རེད། གལ་སྲིད་གསར་འགོད་པ་ཚོས་སུ་ཞིག་གིས་བཅར་འདྲི་བྱས་ཚེ་དེ་འདྲ་འགྲེལ་བརྗོད་བྱེད་དགོས། འོན་ཀྱང་དེ་སྔོན་༧ཀརྨ་པ་མཆོག་རྒྱ་ནག་གི་སོ་པ་རེད་ཟེར་བ་དེ་ངོས་ལེན་གཏན་ནས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

ཐེངས་འདིའི་ཆོས་སྐོར་དེ་ནི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་སུ་ཞིག་གིས་ཀྱང་གོ་སྒྲིག་བྱས་པ་ཞིག་མ་ཡིན་པ། མི་མང་རང་ངོས་ནས་རང་འགུལ་གྱིས་ཆོས་སྐོར་ལས་འགུལ་སྤེལ་བ་ཞིག་རེད། ཐེངས་འདིའི་ཆོས་སྐོར་ནང་ཤེས་རབས་དགའ་ཚལ་སློབ་གླིང་གི་སློབ་མ་དང༌། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ། ད་དུང་ནོར་གླིང་དང་རྒྱུད་སྟོད། སྒྲོལ་མ་གླིང༌། དགེ་ལྡན་ཆོས་གླིང༌། བོད་ཀྱི་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས་པ། ཚེ་མཆོག་གླིང་སོགས་ནས་ཕེབས་པའི་གྲྭ་བཙུན་དང༌། སློབ་མ། མི་མང༌བཅས་མི་གྲངས་༡༠༠༠ལས་བརྒལ་བ་ཕེབས་ཡོད་པས་མ་ཚད། ཕྱི་གླིང་བ་ཁག་ཅིག་དང༌། ཧི་མ་ལའི་རི་རྒྱུད་ཀྱི་མི་མང་ཡང་༣༠ཡས་མས་ཤིག་ཐེངས་འདིའི་ཆོས་སྐོར་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད།

ཁོང་ཚོས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྒྱུད་སྟོད་བར་ལག་ཏུ་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་པར་དང༌། ཁ་བཏགས། མེ་ཏོག དར་དཀར་བཅས་བཟུང་བ་དང༌། ༼༧ཀརྨ་པ་མཁྱེན་ནོ་༽ཞེས་འདོན་བཞིན་ཕེབས་ཡོད། རྒྱུད་སྟོད་དགོན་པར་སླེབས་རྗེས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སློབ་ཐུང་ཐུང་ཞིག་གནང་དོན།  ནམ་རྒྱུན་གཟའ་ལྷག་པ་དང་སྤེན་པ་ལ་མང་ཚོགས་མཇལ་གྱི་ཡོད་པ་རེད། དེ་རིང་འདིར་མང་ཚོགས་ཕེབས་ནས་ང་ལ་བརྩེ་བ་དང་ལྷག་བསམ་རྒྱབ་སྐྱོར་ཡོད་པ་མཚོན་པར་བྱས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཐེངས་འདིར་གནས་ཚུལ་ཞིག་བྱུང་ནས་ཚང་མར་གོ་ལོག་ལྟ་བུ་ཐེབས། འུར་སྒྲོག་ལྟ་བུ་བྱས་ཏེ་༧སྐྱབས་མགོན་རིན་པོ་ཆེ་ལ་སྙན་སེང་ཞུ་དགོས་བྱུང་བ་རེད། ང་ཚོ་བོད་མི་ཚང་མས་རྒྱ་གར་ཕ་ཡུལ་གཉིས་པ་ལྟ་བུར་བརྩིས་ཏེ། སྐྱབས་བཅོལ་ནས་བསྡད་ཡོད་པ་རེད། རྒྱ་གར་གཞུང་དེ་རྒྱ་མི་གུང་ཁྲན་ཏང་དང་མི་འདྲ་བར་ཁྲིམས་གཙོ་བོར་བརྩི་མཁན་ཞིག་དང་། མང་གཙོ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ལ་ང་ཚོ་ཚང་མས་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། གནས་ཚུལ་རིམ་པས་གསལ་བོ་ཡག་པོ་ཆགས་ཀྱི་རེད། ཚང་མས་ཐུགས་ཁྲལ་གནང་མི་དགོས། ཐུགས་ལྷོད་ལྷོད་བྱེད་ནས་བཞུགས་རོགས་ཞེས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཚང་མ་བྱེད་མཁན་བོད་གཞུང་རེད། ཀརྨ་ཁོང་ག་རེད་བྱེད་ནས་ཤེས་རབ་གླིང་ལ་མ་གཞུགས་ནས་རྒྱུད་སྟོད་ལ་གཞུགས་རེད་?????? ཤེས་རབ་གླིང་ཀརྨ་བཀའ་རྒྱུད་དགོན་རེད་།.ཀརྨ་པ་ག་སྲིད་བཀའ་རྒྱུད་དགོན་ལ་གཞུག་ཡོད་ན་གནས་ཚུལ་འདི་འདྲ་ཡོང་དོན་མེད་ ཀརྨ་པ་བཀའ་རྒྱུད་དགོན་ལ་མ་གཞུགས་ནས་དགེ་ལུགས་དགོན་ལ་གཞུག་པ་རེད་ད་དུང་ཡོང་གི་རེད་གནས་ཚུལ་འདི་འདྲ།
དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་དེ་རིང་གི་དོན་རྐྱེན་ཆེན་པོ་དེ་འདྲ་བྱུང་དོན་ནི།
མདོར་ན་བླ་བྲང་གི་འགོ་འཁྲིད་ཁྱི་ངན་འཇོན་མེད་དེ་དག་གིས་བཟོས་པ་རེད་མ་ཏོགས་ང་ཚོའི་བླ་མར་ཉེས་པ་མེད་པ་ནི་བོད་མི་ས་ཡ་དྲུག་དང་དྲང་བདེན་གྱི་མི་སྣ་རྣམས་ཀྱིས་མཁྱེན་གསལ་རེད།
གང་ལྟརཡང་་ང་ཚོའི་བླ་ཆེན་རྒྱལ་བ་ཀརྨ་པ་རིན་པོ་ཆེ་ལ་མཚན་ངན་བཟོས་པ་ནི་ནམ་མཁའ་ལ་མི་ཤོང་བ་བཟོས་ཟིན་སོང་།གཙོ་བོ་ནི་བླ་བྲང་གི་ལས་བྱེད་འགོ་འཁྲིད་རིགས་ཀྱི་བུ་དེ་དག་ལ་བདུད་ཀྱིས་ལྷ་ཞུགས་པ་མིན་འགྲོ་བསམ་གྱི་འདུག
དགའ་འོས་པ་ཞིག་ལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་ལ་རང་གི་བླ་མར་བརྩི་མཁན་གྱི་དད་ལྡན་པ་རྣམས་ཀྱིས་ཁོང་སོ་པར་ཁས་ལེན་མེད་པའི་རྒྱུ་མཚན་དུ་བྱས་ཏེ་གཙུག་ལག་ཁང་ནས་རྒྱུད་སྟོད་ར་མོ་ཆེ་བར་དུ་ཞི་བའི་གོམ་བགྲོད་དང་ཆོས་སྐོར་གང་ཡིན་རུང་དེ་ནི་ང་ཚོ་བོད་མི་རྣམས་དང་ནང་པ་རྣམས་གདུང་སེམས་མཉམ་བསྐྱེད་དང་རྡོག་རྩ་གཅིག་དྲིལ་ཡིན་པ་མཚོན་ཐོབ།



བརྗོད་གཞི་གཞན་ཁག་ལ་གཟིགས།