ང་ནི་འབྲས་དང་ལྡ་ལི་ཟ་མཁན་གྱི་རྒྱ་གར་བ་ཞིག་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༣༡ཉིན། ཟླ་འདིའི་ཕྱི་ཚེས་༣༠ཉིན། ༧གོང་ས་མཆོག་གིས་རྒྱ་གར་ཚན་རྩལ་སློབ་ཆེན་(St. Joseph College)ནང་དུ་མི་མང་༣༠༠༠ལྷག་འདུ་འཛོམས་ཐོག་བཀའ་སློབ་གསུང་བཤད་གནང་ཡོད་འདུག

སྐབས་དེར་༧མགོན་པོ་གང་ཉིད་ཀྱིས། ངོས་ནི་འབྲས་དང་ལྡ་ལི་ཟ་མཁན་གྱི་རྒྱ་གར་བ་ཞིག་ཡིན་པ་དང༌།  རྒྱ་གར་ནི་ང་ཚོའི་དགེ་རྒན་ཡིན་ལ། ང་ཚོ་ཁོང་གི་སློབ་མ་དངོས་གནས་དེ་ཡིན་པ་དང༌།  ང་ཚོས་དུས་ད་ལྟའང་དཔལ་ནཱ་ལེན་ཌ་ནས་རྒྱུད་པའི་ནང་ཆོས་ལྷད་མེད་པ་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཡང་ཁོང་གིས། ད་ལྟ་འཛམ་གླིང་ཤར་ནུབ་གང་སར་བསླབ་པ་སློབ་གཉེར་བྱེད་སའི་ལྟེ་གནས་མང་པོ་བཙུགས་དང་འཛུགས་བཞིན་ཡོད་ལ། ལྷག་པར་དུ་ཉམ་ཐག་མི་མང་ལ་རོགས་སྐྱོར་གནང་བ་སོགས་ཧ་ཅང་ཡག་པོ་རེད། ཡིན་ནའང། མི་གཞན་གྱི་ཕ་མེས་ཡང་མེས་ནས་རྒྱུད་པའི་ཆོས་ལུགས་ལ་བརྗེ་བསྒྱུར་དགོས་པའི་སྐུལ་མ་དང་སློབ་གསོ་གཏོང་བ་ནི་ཡག་པོ་མ་རེད། སོ་སོའི་ཕ་མེས་ནས་རྒྱུད་པའི་ཆོས་ལུགས་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་དང༌།

དེ་ཡང་མི་སྒེར་དང་སྤྱི་ཡོངས་ཀྱི་འཚོ་བར་ཇི་ལྟར་བདག་སྐྱོང་བྱེད་དགོས་པའི་སྐོར་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས། ང་དེ་རིང་ཞོགས་པ་ཆུ་ཚོད་༣དང་ཕྱེད་ཀར་གཉིད་སད་པ་དང༌། ནམ་རྒྱུན་ལྟར་སྒོམ་ཞལ་འདོན་གནང་བ་ཡིན། དེ་རྗེས་ཞོགས་ཟས་དྲ་རྒྱས་པོ་ཞིག་ཟོས་པ་དང། ཉིན་གུང་གི་ཟ་མ་ཡང་ཟ་གི་ཡོད། ཡིན་ནའང༌། ངས་དགོང་ཟས་ཟ་གི་མེད་ཅེས་དང༌། ཁོང་གིས་མུ་མཐུད་དུ། ད་ལྟ་བོད་ཀྱི་དགོན་པ་ཚོའི་ནང་དུ་དམར་ཟས་མཆོད་རྒྱུུ་བཀག་འགོག་བྱས་ཡོད་པ་ལྟར་དགོན་པའི་སྤྱི་ཐབ་ནས་དམར་ཟས་འདྲེན་གྱི་མེད་ཅེས་སོགས་གསུངས་འདུག

མགོན་པོ་མཆོག་གི་བཀའ་སློབ་ལེགས་པར་གྲུབ་རྗེས།  བྷང་ལོར་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་སོགས་ཚུད་པའི་བོད་རིགས་རྣམས་ཀྱིས་གཞས་དང་ཞབས་བྲོ་སོགས་འཁྲབ་ནས་དགའ་སྤྲོ་དང་བཅས་ཚོགས་འདུ་མཇུག་བསྡུས་ཡོད་པ་རེད། རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། བསྟན་དར་ཚེ་རིང་ནི་བྷང་ལོར་གསར་འགྱུར་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མ་ཞིག་ཡིན་ལ། འབྲེལ་གཏུག་གློག་འཕྲིན་ཁ་བྱང་ This e-mail address is being protected from spambots, you need JavaScript enabled to view it .

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།