ཉེས་མེད་ཉེས་འགེལ་ལ་གདུང་སེམས་མཉམ་བསྐྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཚེས་༡ཚེས་༣༡ཉིན། དཔང་རྟགས་དང་རྒྱུ་མཚན་ཅི་ཡང་མེད་པའི་ཐོག་ནས་རྒྱ་གར་གཞུང་གིས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་དོགས་པ་དང་ཉེས་མེད་ཉེས་འགེལ་བྱས་པར། བཙན་བྱོལ་གཞུང་མང་གཉིས་ནས་ཁུངས་སྐྱེལ་དང་རྒྱབ་སྐྱོར་གནང་འདུག

དེ་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱལ་དབང་ཀརྨ་པ་མཆོག་གི་དངུལ་དངོས་དེ་ཚོ་དད་ལྡན་མང་ཚོགས་ནས་བསྔོ་སྨོན་དང་སྐྱབས་རྟེན་སོགས་སུ་ཕུལ་བ་ཡིན་ལ། དེའི་ནང་དུ་རྒྱ་རིགས་དད་ལྡན་པ་ཚོའི་དངུལ་སྒོར་ཡང་ཡོད་པ་དང༌། དངུལ་དངོས་དེ་ཚོ་དཔང་རྟགས་བྱས་ནས་ཁོང་རྒྱ་གཞུང་གི་གསང་ཉུལ་བ་ཡིན་མིན་བརྗོད་པ་ནི་ཆེས་མི་འོས་བ་ཞིག་རེད་ཅེས་གསུངས་འདུག

རྒྱལ་དབང་ཀརྨ་པ་མཆོག་གི་དྲུང་ཡིག་ཀརྨ་ཅུང་རྒྱལ་ལགས་ལ་དངུལ་འབྱུང་ཁུངས་ཀྱི་སྐོར་དྲི་བ་དྲིས་པར། འཛམ་གླིང་གི་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོ་རྒྱལ་དབང་ཀརྨ་པ་མཆོག་ལ་ཆོས་འབྲེལ་དང་དད་པ་གཙང་མ་ཡོད་པ་ལྟར། དངུལ་དེ་ཚོའང་དད་ལྡན་མང་ཚོགས་ནས་ཕུལ་བ་ཡིན་ལ། ང་ཚོའི་ངོས་ནས་རྒྱ་ཆེའི་དད་ལྡན་མི་མང་ལ་ར་སྤྲོད་གསལ་བོ་བྱེད་ངེས་ཡིན༌། ཡིན་ནའང།  ད་ལྟ་དངུལ་ཡོང་ཁུངས་ཀྱི་རྩིས་ཐོ་སོགས་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་ཞེས་སོགས་འགྲེལ་བརྗོད་གནང་ཡོད་འདུག

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། ཐེངས་འདིའི་དངུལ་དེ་དག་གི་ཡོང་ཁུངས་ནི་བླ་མར་སྐྱབས་རྟེན་དང་བསྔོ་རྟེན། འབུལ་བ་ཕུལ་བ་བཅས་ཀྱི་སྟེང་ནས་ཡོང་བ་ཞིག་ཡིན་པར་ངོས་འཛིན་དང་ཡིད་ཆེས་གཙང་མའི་ཐོག་ནས་ཞུས་ཐུབ་ཀྱི་ཡོད། འོན་ཀྱང༌། ད་ལྟའི་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་༧རྒྱལ་པ་ཀརྨ་པ་ཁོང་རྒྱ་ནག་གི་གསང་ཉུལ་པ་རེད་ཟེར་བ་དང༌། དངུལ་དེ་དག་ནག་ཚོང་དང་ཡང་ན་ཁྲིམས་འགལ་གྱི་ཚོང་བརྒྱབ་སྟེ་བསགས་པ་རེད་ཟེར་བ་ལྟ་བུ་ཡོང་གི་འདུག་པས། དེའི་རིགས་ཁུངས་ལུང་དང་རྒྱུ་མཚན་ཅི་ཡང་མེད་པ་ང་ཚོས་གསལ་བོ་བྱས་ཏེ་བཤད་ཐུབ་ཀྱི་ཡོད་ལ། གནད་དོན་དེ་གཞིས་བྱེས་བོད་མི་ཡོངས་ཀྱིས་གསལ་བོར་མཁྱེན་དགོས་པ་ཞིག་རེད་ཅེས་གསུངས་འདུག

ཡང་རང་མིང་མ་བཀོད་པའི་རྒྱལ་དབང་ཀརྨ་པ་མཆོག་གི་སློབ་མ་ཞིག་གིས། དངུལ་དེ་ཚོ་དད་ལྡན་མི་མང་ནས་ཕུལ་བ་ཡིན་ལ། ཕྱག་མཛོད་སོགས་ཀྱིས་རྒྱུན་དུ་དངུལ་དངོས་རྣམས་ཐོ་འགོད་ཞིབ་གསལ་བྱེད་ཀྱི་ཡོད་པ་ལས། ཀརྨ་པ་མཆོག་གིས་དངུལ་དངོས་ཀྱི་ཕྱོགས་ལ་རྒྱུན་དུ་གཟིགས་ཞིབ་གང་ཡང་གནང་གི་མེད་ཅེས་བརྗོད་འདུག

དེ་བཞིན་ཐུབ་བསྟན་ཚེ་རིང་ཟེར་བའི་དགེ་འདུན་པ་ཞིག་གིས། ང་ཚོ་བོད་རིགས་ཚོ་རྒྱ་གར་གྱི་གསར་ལམ་ཁག་ཏུ་སྤེལ་བའི་ངོ་ལོག་པ་དང་སོ་པ་སོགས་གཏན་ནས་མིན་ལ། གསར་བསྒྲགས་དེ་ཚོ་འགན་ལེན་དང་ཁུངས་ལུང་གང་ཡང་མེད་པ་ཞིག་རེད། ཡིན་ནའང་ད་ལྟ་གནད་དོན་དེར་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་ལ་མ་འོངས་པར་རིམ་གྱིས་དད་ལྡན་མང་ཚོགས་ལ་བདེན་པའི་ར་འཕྲོད་གསལ་བོ་ཡོང་ངེས་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།