༧ཀརྨ་པ་མཆོག་གསང་ཉུལ་རེད་ཟེར་བ་གཞི་རྩ་མེད་པའི་སྐད་ཆ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༩ཉིན། རྒྱ་གར་གྱི་ཚགས་པར་དེ་ཚོའི་ནང་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་དངུལ་གྱི་ཡོང་ཁུངས་དེར་དོགས་གཞི་ཆེན་པོ་ཞིག་ཡོད་ཚུལ་དང༌། ཡང་ཁག་ཅིག་གིས་ཁྲིམས་འགལ་གྱི་ནག་ཚོང་དང་རྒྱ་ནག་གི་སོལ་པ་རེད་ཟེར་བ་དེ་ཚོའི་རིགས་རྩ་བ་ནས་མིན་པ་ང་ཚོས་རྒྱ་ཆེའི་མི་མང་ལ་གསལ་པོ་ཞུ་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་ ༢༦ ཉིན་རྒྱ་གར་བ་གཉིས་བསྡད་ཡོད་པའི་རླངས་འཁོར་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕྱིར་ངྷ་སར་ཡོང་སྐབས་སུ། ཧི་མ་ཅལ་མངའ་སྡེའི་ཨོ་ནཱ་རུ་རྒྱ་གར་གྱི་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་སྔོག་བཤེར་བྱས་སྐབས། རླངས་འཁོར་དེའི་ནང་ནས་ཧིན་སྒོར་འབུམ་ ༡༠༠ ལྷག་ཅིག་ཐོན་ཡོད་པ་རེད།

རྒྱ་གར་ཉེན་རྟོག་པས་རྒྱ་གར་བ་དེ་གཉིས་འཛིན་བཟུང་གིས་འདྲི་རྩད་བྱས་སྐབས་ཁོང་གཉིས་ཀྱིས། དངུལ་དེ་རྣམས་ལྡི་ལི་མན་ཇུ་ཊི་ལཱའི་སྒེར་གྱི་དངུལ་ཁང་ཞིག་ནས་བླངས་བ་དང༌། དེ་ནི་རྒྱལ་བ་ཀརྨ་པའི་ཞབས་འབྲང་གྲྭ་རབ་རྒྱས་ཆོས་བཟང་གིས་ངྷ་རམ་ས་ལ་རུ་རྒྱ་གར་བ་བྷ་རཱ་ཌི་ཝ་ཇི་ཟེར་བ་དེའི་ལག་ནས་ས་ཆ་ཉོས་ཏེ་དགོན་པ་རྒྱག་འཆར་ཡོད་སྟབས། ཁོང་གཉིས་ཀྱིས་དངུལ་འདི་དག་ཁོང་ལ་སྤྲོད་དགོས་ལུགས་བརྗོད་ཡོད་འདུག

མ་ཚད་ཕྱི་ཚེས་༢༨ཉིན་རྒྱ་གར་ཉེན་རྟོག་པས་ངྷ་སའི་ཉེ་འགྲམ་དཔལ་༧རྒྱལ་དབང་ཀརྨ་པའི་བཞུགས་གནས་རྒྱུད་སྟོད་དགོན་པར་ཕྱིན་ཏེ། ༧རྒྱལ་དབང་ཀརྨ་པ་མཆོག་གི་དངུལ་གཉེར་གྲྭ་རབ་རྒྱས་ཆོས་བཟང་གི་སྡོད་ཁང་དང་ཀརྨ་པའི་ལས་ཁུངས་སོགས་སྔོག་བཤེར་བྱས་སྐབས། རྒྱ་སྒོར་དང་། ཨ་སྒོར། དབྱིན་སྒོར། ཉི་ཧོང༌། ཐེ་ལན་ཌི། ཨོ་སི་ཊི་ལི་ཡ་སོགས་རྒྱལ་ཁབ་ ༢༠ ལྷག་གི་དངུལ་སྒོར་ཕོན་ཆེན་ཐོན་ཡོད་འདུག་ཅིང༌། ཁྱོན་བསྡོམས་ཧིན་སྒོར་འབུམ་ ༢༠༠ ལྷག་གི་མ་གནས་ཆགས་ཡོད་འདུག་སྟབས། དངུལ་གཉེར་གྲྭ་རབ་རྒྱས་ཆོས་བཟང་ལགས་རྒྱ་གར་ཉེན་རྟོག་པས་ཁྲིད་ནས་བཀག་ཉར་འདྲི་རྩད་བྱེད་ཀྱིན་ཡོད་འདུག

དེར་བརྟེན་ཁ་སང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གནས་དོན་དེའི་སྐོར་ཐུགས་འཚབ་དང་། དེ་རྗེས་སྤྱི་འཐུས་ཚོགས་སྤེན་པ་ཚེ་རིང་ལགས་དང༌། སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་བཅས་༧དཔལ་རྒྱལ་དབང་ཀརྨ་པའི་དྲུང་དུ་བཅར་ནས་གནས་དོན་དེའི་སྐོར་གྲོས་བསྡུར་གནང་ཡོད་པ་རེད།

དེ་རིང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གནས་དོན་དེའི་སྐོར་མི་མང་ལ་འགྲེལ་བརྗོད་གནང་བའི་གསར་འགོད་ལྷན་ཚོགས་ཞིག་བསྐངས་ཡོད་པ་དང༌། སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར་འགྲེལ་བརྗོད་གནང་དོན།

དེ་རིང་དུས་ཚོད་ཐུང་ཐུང་ཞིག་གི་ནང་ང་ཚོ་བོད་པའི་རླུང་འཕྲིན་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ཕེབས་རོགས་ཞུ་དགོས་པའི་རྒྱུ་མཚན་ནི། ༧ཀརྨ་པ་རིན་པོ་ཆེ་མཆོག་གི་བླ་བྲང་དང་འབྲེལ་བའི་གནས་ཚུལ་དེའི་སྐོར་བོད་པའི་སྤྱི་ཚོགས་ནང་ལའང༌། ལབ་གླེང་འདྲ་མིན་ཞིག་ཡོང་གིན་ཡོད་ས་རེད། ལྷག་པར་དུ་བོད་ནང་ལ་གནས་ཚུལ་གང་འདྲ་ཞིག་ཁྱབ་ཡོད་མེད་ད་ལྟ་ང་ཚོས་ཞུ་ཐུབ་ཀྱི་མེད་དུས། ད་ལྟ་ང་ཚོའི་གནས་སྟངས་དེ་གང་འདྲ་ཡོད་མེད་དེ་དངོས་ཡོད་ཕར་གསལ་བཤད་ཐུབ་པ་ཡིན་ན་ཕན་ཐོགས་ཤིག་མིན་འགྲོ་བསམ་ཀྱིན་འདུག

ཁ་སང་གནས་ཚུལ་དེ་ཆུ་ཚོད་༢༨ཀྱི་རྗེས་ལ་ང་ཚོས་གོ་མ་ཐག སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་འཛོམས་ཡོད་པ་དང༌། སྐབས་དེར་སྤྱི་འཐུས་རྒྱུན་ལས་ཚང་མ་སེམས་འཚབ་ཆེན་པོ་གནང་གིན་འདུག་ལ། ཚང་མས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་དངོས་སུ་མཇལ་ཐུབ་ན། གནས་ཚུལ་དེ་ཁ་གསལ་པོ་ཆགས་པར་ཕན་ཐོགས་ཡོང་ས་རེད་གསུངས་པ་ནང་བཞིན། སྤྱི་འཐུས་རྒྱུན་ལས་ཚང་མ་བཅར་མི་དགོས་པའི་ཐོག་ནས། ཚོགས་གཙོ་དང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།  སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་ང་ཚོ་བཞི་ཁ་སང་ཉིན་དགུང་རྒྱབ་ཏུ་ཆུ་ཚོད་༣དང་ཕྱེད་ཀ་ཐོག་མར་བཅར་བ་ཡིན།

མར་བཅར་བའི་སྐབས་སུ་རྒྱ་གར་གྱི་གསར་འགོད་པ་ཧ་ཅང་མང་པོ་ཕྱི་ལོག་དེར་བསྡད་འདུག རིན་པོ་ཆེར་བཅར་བའི་སྐབས་སུ་རིན་པོ་ཆེ་ཐུགས་ཧ་ཅང་ལྷོད་ལྷོད་འདུག གནས་ཚུལ་དེར་ཐུགས་འཚབ་ཆེན་པོ་དེ་འདྲ་གནང་གིན་མི་འདུག གང་ཡིན་ཟེར་ན་ང་ཚོས་གསལ་པོ་ཤེས་རྟོགས་བྱུང་བ་ཞིག་ནི་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཁོང་ཉིད་དེའི་སྐོར་ཉེས་པ་རྩ་བ་ནས་མེད་དུས། ཐུགས་ལྷོད་པོ་གནང་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

ང་ཚོ་དེར་བཅར་བའི་སྐབས་སུ་སྤྱི་འཐུས་རྒྱུན་ལས་ནས་གནས་དོན་དེའི་སྐོར་སེམས་འཚབ་ཡོད་པ་དང༌། སེམས་འཚབ་ཡོད་པ་གཞིར་བཟུང་གིས་ཐེངས་འདིའི་གནས་ཚུལ་གྱིས་རྐྱེན་པས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་སྒེར་ལ་མཚན་སྨད་ཞུ་བའི་གནས་སྟངས་རིགས་མི་འབྱུང་བའི་ཆེད་དུ་ང་ཚོས་འབྱུང་འགྱུར་ག་རེ་ཞུ་དགོས་བྱུང་བ་དེ་འདྲ་ཞུ་རྒྱུ་དང༌། གཙོ་བོ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དེའི་ཆེད་དུ་བཅར་བ་ཞིག་རེད།

༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བཀའ་གནང་གསལ་དུ་གནས་ཚུལ་དེའི་སྐོར་ངས་དེ་ཙམ་ཤེས་ཀྱི་མ་རེད་ད། ངས་ནམ་རྒྱུན་དེ་ཚོར་ཐེ་ཇུས་བྱེད་ཀྱིན་མེད་ཅེས་བཀའ་གནང་གིན་འདུག དེའི་སྐོར་ང་ཚོས་ཡིད་ཆེས་ཞུས་པ་ནང་བཞིན་༧རྒྱལ་བ་ཀརྨ་པ་སྒེར་གྱི་ངོས་ནས་ད་ལྟའི་གནས་ཚུལ་དེ་དང་ཐད་ཀར་འབྲེལ་བ་མེད་པ་དེ་ཧ་ཅང་གསལ་པོ་ཆགས་ཡོད་པ་རེད་ཅེས་ཞུ་རྒྱུ་དང༌། ང་ཚོས་དུས་རྒྱུན་དུ་ནས་ཡིད་ཆེས་དེ་ག་རང་ཞུ་བཞིན་ཡོད། ང་ཚོའི་དགོན་པ་གྲྭ་ཚང་དང་དཔེར་ན་ད་ལྟ་དངུལ་ཡོད་པ་དེ་ཚོ་འབྱུང་ཁུངས་དེ་ག་རེ་རེད་ཟེར་ལབ་པ་ཡིན་ན། ང་ཚོས་སྐད་ཆ་ཚིག་ཐག་ཆོད་པོའི་སྒོ་ནས་བླ་མ་ལ་སྐྱབས་རྟེན་དང་བསྔོ་རྟེན་འབུལ་བ་ཕུལ་བ་དེ་འདྲ་ཁོ་ནའི་སྒང་ནས་ཡོང་བ་ཞིག་ཡིན་པ་ང་ཚོས་ངོས་འཛིན་ཐུབ་ཀྱི་རེད།

གོང་གསལ་དེ་ཚོ་ལས་ད་ལྟའི་སྤྱི་ཚོགས་ནང་དང་ལྷག་པར་དུ་རྒྱ་གར་གྱི་ཚགས་པར་དེ་ཚོའི་ནང་དངུལ་གྱི་ཡོང་ཁུངས་དེར་དོགས་གཞི་ཆེན་པོ་ཞིག་ཡོད་ཚུལ་སྟོན་བཞིན་ཡོད་དུས། ཁ་སང་ཕྱི་རྒྱལ་གྱི་གསར་འགོད་པ་དེ་ཚོ་ལའང་ཞུ་རྒྱུའི་གོ་སྐབས་བྱུང་ལ་དེའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་གི་སོལ་པ་རེད་ཟེར་བ་དང༌། ཡང་ཁག་ཅིག་གིས་ནག་ཚོང་དང་ཁྲིམས་འགལ་གྱི་ཚོང་རེད་ཅེས་ཟེར་གྱིན་ཡོད་ས་རེད། དེའི་རིགས་རྩ་བ་ནས་མིན་པ་ཞིག་ང་ཚོས་གསལ་པོ་ཞུ་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་འདུག་ཅེས་དེ་རིང་གི་གསལ་འགོད་ལྷན་ཚོགས་འདིའི་བརྒྱུད་བོད་རྒྱ་ཆེ་མི་མང་ཡོངས་ལ་ཞུ་རྒྱུའི་གནད་དོན་ཞིག་རེད།

༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་སྒེར་ལ་ཆགས་བཞག་པ་ཡིན་ན། དགུང་ལོ་ཆུང་ཆུང་སྐབས་ནས་སོ་སོའི་སྲོག་ཚུན་ཆད་བློས་བཏང་ནས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་ཞིག་རེད། ད་ལྟ་འདིར་རྒྱ་གར་ལ་བཞུགས་པའི་སྐབས་སུའང་བརྒྱུད་སྟོད་དགོན་པའི་ནང་ལ་རྒྱ་གར་སྐོར་སྲུང་བ་དང་ཚང་མས་སྟངས་འཛིན་འོག་བཞུགས་ཡོད་པ་རེད་མ་གཏོགས། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་རང་གི་ཐུགས་འདོད་ཡོད་པ་གཞིར་བཟུང་ག་ས་ག་ལ་ཕེབས་རྒྱུའི་རང་དབང་མེད་པ་དེ་འདྲ་ང་ཚོས་ཤེས་ཤེས་པ་རེད།

རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་མཛད་འཆར་ག་རེ་ཡིན་པ་དེ་རྒྱ་གར་གཞུང་གི་སྟངས་འཛིན་ཁོ་ནའི་འོག་ནས་བྱེད་ཀྱི་ཡོད་པ་རེད། མཇལ་འཕྲད་ཞུ་ཕྱོགས་ཡིན་ནའང་ཆ་ཚང་རྒྱ་གར་གཞུང་གི་རེད། དཔེར་ན་ང་ཚོ་ཁ་སང་མཇལ་ཁ་བཅར་བའི་སྐབས་སུའང་སྐོར་སྲུང་བས་ཚང་མས་ལུས་བཤེར་བྱས་སོང༌། བྱེད་མི་དགོས་ཟེར་བའི་རྒྱུ་མཚན་གང་ཡང་མི་འདུག ཁོང་རང་ཚོའི་ལས་འགན་སྒྲུབ་ཀྱིན་ཡོད་པ་རེད།

༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་འབུལ་བ་ག་ཚོད་ཕུལ་ཡོད་མེད་དང་ག་རེ་ཕུལ་ཡོད་མེད་དེ་ཚོ་ཚང་མས་རྒྱ་གར་སྐོར་སྲུང་བས་མཁྱེན་བསྡད་ཀྱིན་པའི་གནས་ཚུལ་རེད་མ་གཏོགས། མ་མཁྱེན་པའི་གནས་ཚུལ་ཡོད་པ་མ་རེད།

སྤྱིར་སྐྱབས་རྟེན་དང་བསྔོ་རྟེན་འབུལ་མཁན་དེ་ཚོ་ཡང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་ལ་བལྟས་ནས། འཛམ་བུ་གླིང་ཕྱོགས་གང་ས་ནས་དད་ལྡན་གྱི་སྐྱེ་བོ་དང་རྗེས་འཇུག་པ་མང་པོ་ཞིག་ཡོད་པ་རེད། སིངྒ་པུ་དང་ཐའེ་ལན་ཌི་དེ་བཞིན་བོད་ནང་གི་བོད་མི་ཚང་མས་དད་པ་བྱེད་ས་ཞིག་རེད། ང་རང་ཚོ་སྤྱི་ཚོགས་ནང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་ཆགས་བསྡད་ཡོད་པ་རེད།

མི་མང་གི་དད་གུས་བྱེད་ས་དང་ཡིད་ཆེས་བྱེད་ས། བརྩི་མཐོང་བྱེད་སའི་གང་ཟག་ཅིག་རེད། སྐུ་སྒེར་ངོས་ནས་ཡིན་ནའང་ད་ལྟ་བསླབ་པ་སློབ་གཉེར་དང༌། ནང་ཆོས་དར་སྤེལ། འཛམ་གླིང་ཞི་བདེ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དེ་ཚོའི་སྒང་ལ་ཕྱག་ནས་གནང་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་ཞབས་འདེབས་ཞུ་མཁན་ཞིག་ཆགས་བསྡད་ཡོད་པ་རེད་མ་གཏོགས། ང་ཚོས་དོགས་གཞི་བྱེད་ས་དེ་འདྲ་རྩ་བ་ནས་ཆགས་ཡོད་པ་མ་རེད་ལ། དེ་འདྲ་བྱེད་དགོས་པའི་གཞི་རྩ་གང་ཡང་ཡོད་པ་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན།

དཔལ་འབྱོར་ཉར་ཚགས་བྱེད་སྟངས་ཀྱི་ཐོག་ནས་དཔེར་ན་རིན་པོ་ཆེ་ལ་འབུལ་བ་འབུལ་སྟངས་ཐོག་ནས་ཡིན་ནའང༌། ༧རྒྱལ་བ་ཀརྨ་པ་རིན་པོ་མཆོག་བཞུགས་ཁྲིའི་ཐོག་བཞུགས་ནས་འབུལ་བ་ག་རེ་འབུལ་གྱིན་འདུག་དེ་ཚོར་གཟིགས་ཞིབ་གནང་བཞིན་ཡོད་པ་མ་རེད་ལ། དེ་ཚོའི་ཐོག་ལ་ཐེ་ཇུས་གནང་གིན་མེད་ཅེས་བཀའ་གནང་བ་ནང་བཞིན། དཔལ་འབྱོར་གྱི་གནས་སྟངས་ག་རེ་ཡིན་པ་དེ་ལས་བྱེད་པ་ཚོས་གནང་གིན་ཡོད་པ་རེད། ལས་བྱེད་པ་ཚོས་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་པ་དང༌། དེ་འདྲའི་དབང་གིས་དཔལ་འབྱོར་ཉར་ཚགས་བྱེད་སྟངས་སྐོར་འཐུས་ཤོར་ཞིག་ཕྱིན་ཡོད་པ་རེད།

ད་ལྟ་ཡུལ་ཁྲིམས་དང་མ་མཐུན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ནས་རྒྱ་གར་གཞུང་གིས་ཁྲིམས་ཀྱི་ཐོག་ནས་ཞིབ་འཇུག་གང་འདྲ་ཞིག་བྱེད་དགོས་བྱུང་ནའང༌། དེར་གྲུབ་འབྲས་གང་འདྲ་ཞིག་ཐོན་པ་ཡིན་ནའང༌། ང་ཚོས་འཛེམས་ཟོན་བྱེད་དགོས་པའི་གནས་དོན་ཞིག་རང་བཞིན་ཆགས་བསྡད་ཡོད་པ་རེད་མ་གཏོགས། དེ་དང་འབྲེལ་ནས་ ༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུའི་གནས་སྟངས་མང་པོ་ཞིག་ཆགས་པ་དེ་གཏན་ནས་གཞི་རྩ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད།

བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ག་རེ་གནང་དགོས་པ་དེ་ཚོ་ཚང་མ་གནང་བཞིན་ཡོད་པ་རེད་ལ། དེ་བཞིན་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གནས་ཚུལ་དེ་གསལ་པོ་མ་ཆགས་བར་དུ་དྲང་པོ་དང་བདེན་པ་ག་རེ་ཡིན་པ་དེ་ཚོར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཨ་རོ་ཀརྨ་ཁམས་པ། ཁྱེད་ཀྱི་གནས་ཚུལ་ངོ་མ་རྟོགས་མ་ཐུབ་པར་གང་བྱུང་བཤད་ན་འགྲིག་གམ། མགོ་ཚོད་ནས་ཀླད་པ་བརྡར་ཟེར་བའི་དཔེ་ལྟར། ཁྱོད་ཀྱི་གནས་ཚུལ་རྣམས་ཡོངས་སུ་རྫོགས་པ་རྟོག་ནས་སྐད་ཆ་བཤད་ན་གཞི་ནས་མི་ཚོས་ཡིད་ཆེས་བྱེད་ཐུབ། གནས་ཚུལ་ཁུངས་ལུང་མེད་པ་བཤད་ནས་བོད་གཞུང་ལ་ཁུངས་མེད་གཏམ་འཆལ་བཟོས་ན་ཁྱོད་ལ་བོད་མི་རིགས་ཀྱི་ལ་རྒྱ་ཞིག་ཨེ་འདུག ཁྱེད་ཀྱི་དགེ་ལུགས་བསྟན་པ་ཡོངས་ཁུངས་དེ་ཡང་ངོ་མ་ཧ་གོ་མིན་འདུག རྗེ་བླ་མའི་སློབ་དཔོན་དང་དགེ་བའི་བཤེས་གཉེན་རྣམས་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་བཅས་ནས་ཡོང་པ་ཞིག་དགེ་ལུགས་པ་ཚང་མས་ཤེས་གསལ་རེད། རེ་ཙམ་ཞིག་མི་འདྲ་བ་མ་གཏོགས་སངས་རྒྱས་བསྟན་པའི་ཡོང་ཁུངས་ནི་གཅིག་མ་གཏོགས་གཉིས་རྩ་བ་ནས་མེད། དེ་ལས་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་ཆོས་ལུགས་རིས་མེད་ལ་བརྩོན་ན་ང་ཚོ་ཚང་མར་ཕན་ཐོགས་དང་ཁྱད་ཕན་ཆེ་སྙམ། ཆོས་ལུགས་རིས་མེད་ཀྱི་གྲུབ་མཐའ་ལ་སྦྱང་པ་མཐར་ཕྱིན་ན་གཞི་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྲོ་བ་ཞིག་བརྙེས་ཐུབ། ཁྱེད་ཀྱི་སྐད་ཆ་ལ་བལྟས་ན་དངོས་གནས་ང་ནི་ཁྱེད་ལ་སྙིང་རྗེ་དང་ཤ་ཚ་སྐྱེས་ཡོང་གིས་འདུག དེ་ལས་སྐད་ཆ་བཤད་མ་ཤེས་ན་ཁ་རོག་བསྡད་ནས་མ་ནི་བསགས་ན་དགེ་མཚན་ཆེ་ཆེ་ཆེ།
ཀརྨ་པ་བོད་ལ་བཞུགས་ཡོད་ན་ཧ་ཅང་ཡག་པོ་རེད་ཡིན་ཡང་བོད་གཞུང་གིས་མགོ་སྐོར་གཏང་ནས་རྒྱ་གར་ལ་ཡར་ཁྲིད་པ་རེད་། པན་ཆེན་བླ་མ་ཡར་རྒྱ་གར་ལ་ག་རེང་བྱེད་ནས་མ་ཁྲིད་པ་རེད་། ཡར་ཁྲིད་པའི་གོ་སྐབས་རག་ཡོད྄་ན་ཡང་ཁྲིད་ཡོད་མ་རེད། ཀརྨ་པ་ཁོང་བོད་ལ་྄སྐད་གྲགས་ཆེན་པོ་ཆགས་གི་ཡོད་རེད་། མ་ཚད་བཀའ་བརྒྱུད་བསྟན་པ་དར་གི་ཡོད་རེད་། ཡར་ཕེགས་ནས་ག་རེད་བྱུང་སོང་ཚང་མའི་ཧ་གོ་སོང་བ། ཕར་འགྲོ་མ་ཆོག་ཚུར་ཡོང་མ་ཆོག། མིང་ཅན་སྡུག་པོ་ཕོག ཚང་མའི་ཧ་གོ་གི་རེད་ཀརྨ་པ་གཉིས་ཡོད་རེད། སུ་དངོས་གནས་ཡིན་སི་གང་ལབ་ཐུབ་གི་མ་རེད་་ཡིན་ཡང་གཉིས་ཁ་ལ་ཡིད་ཆོས་བྱེད་ནས་ཁ་མ་གཏང་ན་ཀརྨ་བཀའ་བརྒྱུད་བསྟན་པ་དར་གི་རེད་། ཀརྨ་པ་ཨོ་རྒྱན་འཕྲིན་ལས་དགེ་ལུགས་དགོན་པ་ལ་ག་རེད་བྱེད་ན་འདུག་པ་རེད། རྒྱ་གར་ལ་ཀརྨ་བཀའ་བརྒྱུད་དགོན་ཧ་ཅང་མང་པོ་ཡོད་རེད་དེ་ལ་མ་བཞུག་ནས་གང་ཡིན་ན། ཁང་བླ་སྤྲོད་ནས་འདུག་དགོད་པ་ཡོད་མ་རེད་།ཀརྨ་྄༼༡༽དུས་གསུམ་མཁྱེན་པ་ནས་༼༡༦༽རིག་པའི་རྡོ་རྗེ་བར་ཁང་བླ་སྤྲོད་ནས་འདུག་དགོས་པ་྄བྱུང་ཡོད་མ་རེད། ཀརྨ་པ་བཀའ་རྒྱུད་དགོན་ལ་གཞུགས་ཐུབ་པའི་སྨོན་ལམ་ཡོད་། ཀརྨ་པ་མཁྱེན་ནོ།



བརྗོད་གཞི་གཞན་ཁག་ལ་གཟིགས།