བཀའ་ཁྲིའི་དངོས་གཞི་འོས་འཕེན་སྐོར་བསམ་འཆར་འདེམས་ཤོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༧ཉིན། འདི་ལོའི་ཕྱི་ཟླ་༣ཚེས་༡༠ཉིན། དྲ་བ་བརྒྱུད་དེ་དངོས་གཞིའི་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་ཐད་ཀར་མི་མང་གི་བསམ་འཆར་བསྡུ་ལེན་བྱེད་པའི་འདེམས་ཤོག་ཅིག་གྲ་སྒྲིག་བྱ་རྒྱུ་ཡིན་འདུག

དངོས་གཞིའི་བཀའ་བློན་ཁྲི་པ་འོས་འདེམས་ཀྱི་ཉིན་མོ་འཆར་ལ་ཉེ་བའི་སྐབས་འདིར། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་གཤམ་གྱི་ཁ་བྱང་ https://survey.uwyo.edu/TakeSurvey.aspx?SurveyID=m6KI953ML

བརྒྱུད་དེ་རང་ཉིད་ཀྱི་བསམ་འཆར་ཐུང་ཐུང་རེ་འབྲི་དགོས་པ་དང༌། འདེམས་ཤོག་གི་ཆ་རྐྱེན་གཙོ་བོ་ངེས་པར་དུ་བོད་མིའི་རང་བཙན་ལག་དེབ་ཡོད་པ་མ་ཟད། དེབ་སྐྱེལ་བྱས་ཟིན་དགོས། འོན་ཀྱང་བསམ་འཆར་འདོན་མཁན་གྱི་མིང་མ་བྲིས་ན་ཆོག ང་ཚོས་འདེམས་ཤོག་འདི་བརྒྱུད་ནས་འོས་གྲངས་ངེས་ཅན་ཞིག་བསྡུ་ལེན་ཐུབ་པའི་ཆེད་དུ། གསར་བསྒྲགས་འདི་རང་རེའི་སྤུན་ཟླ་ཡོངས་ལ་བརྒྱུད་སྤྲོད་གནང་རྒྱུ་དང༌།

གལ་སྲིད་འོས་འདེམས་ཀྱི་ནང་དོན་ཞིབ་ཕྲ་དགོས་ཚེ། གློག་འཕྲིན་ཁ་བྱང་ This e-mail address is being protected from spambots, you need JavaScript enabled to view it བརྒྱུད་དེ་འདེམས་ཤོག་མཐུན་སྦྱོར་བ་བསྟན་འཛིན་ཡེ་ཤེས་ལགས་སུ་འབྲེལ་བ་གནང་རོགས་ཞུ། དྲ་གནས། http://tenyeshi.blogspot.com

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།