ཕྱི་ལོ་༢༠༡༡ལོའི་དམིགས་བསལ་ལྷམ་གྱི་ལས་འཆར་ཞིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༧ཉིན། བྷེ་ཇམ་དུ་ཡོད་པའི་༼བྷི་ལིམ་སི་བོད་རིགས་གྲོགས་པོ་ཚོགས་པས་༽༼ཕྱི་ལོ་༢༠༡༡ལོའི་དམིགས་བསལ་ལྷམ་གྱི་ལས་འཆར་༽ཟེར་བའི་བཙན་བྱོལ་བོད་མི་རྣམས་ལ་ལྷམ་རོགས་རམ་གནང་རྒྱུའི་ལས་འཆར་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ལས་འཆར་དེར་འབྲེལ་མཐུད་གནང་མཁན་དང་སྣེ་ཁྲིད་མཁན་ནི། དེ་སྔོན་བྷེ་ཇམ་དང་ཡོ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་རང་དབང་རྒྱབ་སྐྱོར་ཚོགས་པའི་དོན་གཅོད་པ་སྐུ་ཞབས་ཌན་ནིང་སི་བྷར་བྷོན་ལགས་དང༌། མཱ་རི་ཇི་ཁཱ་རྣམ་གཉིས་ཡིན་ཞིང༌། ཁོང་རྣམ་གཉིས་ཕྱི་ལོ་༢༠༠༧ལོར་བདུན་ཕྲག་༣རིང་རྒྱ་གར་དུ་གནས་སྐོར་ཡོང་ནས་སྐབས་དེར་བཞུགས་སྒར་དྷ་རམ་ས་ལར་འབྱོར་སྐབས། བོད་ནས་བར་ཡུལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བའི་བོད་མི་རྣམས་ཀྱི་འཚོ་བའི་དཀའ་ངལ་རྣམས་ཁོང་གཉིས་ཀྱི་སེམས་ནང་བག་ཆགས་ཟབ་མོ་བཞག་ཡོད་འདུག

ཁོང་གཉིས་ཀྱིས་དྲང་བདེན་མ་ཡིན་པའི་དམག་འཁྲུག་དང༌། བཙན་འཛུལ་གྱིས་དབང་བསྒྱུར་འོག སུ་ཞིག་རང་དབང་དང༌། རིག་གཞུང་སྲུང་སྐྱོབ། རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་བཅས་ཀྱི་ཆེད། རྒྱ་ཁབ་དང་ལུང་པར་གཞན་ལ་སྐྱབས་བཅོལ་དུ་འགྲོ་དགོས་བའི་མི་དེའི་མི་ཚེའི་འཚོ་བ་ནི་ཧ་ཅང་དཀའ་ངལ་ཅན་ཞིག་ཡིན་པའི་ངེས་ཤེས་གསལ་པོ་རྙེད། ཕྱི་ལོ་༢༠༠༨ལོར་ཁོང་གཉིས་སླར་ཡང་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ནས་སྔོན་མའི་བོད་མི་ངོ་ཤེས་དང་གྲོགས་པོ་ཁག་ཅིག་དང་ཐུག་འཕྲད་བྱས། སྐབས་དེར་གྲོགས་པོ་དང་ངོ་ཤེས་རྣམས་ལ་ཐེངས་རྗེས་མར་ཐུག་འཕྲད་དུ་ཡོང་སྐབས་ལྕ་དངོས་གང་ཞིག་འཁྱེར་ཡོང་དགོས་སྐོར་སྐད་ཆ་དྲིས་སྐབས། ཚང་མས་མགྲིན་གཅིག་ཏུ་རེ་སྐུལ་ཞིག་ཡོད་པ་ནི་༼ལྷམ་༽ཡིན་པ་རེད།

དེར་བརྟེན་ཁོང་ཚོས་༼ལྷམ་༽ཆེད་དུ་ཐེབས་རྩ་ཆུང་ཆུང་ཞིག་བཙུགས་ནས་བསྡུ་རུབ་བྱས་པའི་མ་དངུལ་དེས། ལྷམ་ཆ་༨༠ཐམ་པ་ཉོས་ནས་གཙོ་བོར་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བྱམས་པ་གླིང་རྒན་གསོ་ཁང་དང༌། བོད་ཕྲུག་ཁྱིམ་སྡེའི་ཉམས་ཐག་སློབ་ཕྲུག་ཁག་ཅིག དེ་བཞིན་དྷ་སར་བོད་ནས་གསར་དུ་འབྱོར་བའི་བོད་མི་ཁག་ཅིག་ལ་བགོ་འགྲེམས་བྱས་ཡོད།

བཙན་བྱོལ་བོད་མི་རྣམས་ལ་ལྷམ་བགྲོ་འགྲེམས་བྱས་པའི་ལས་འཆར་དེའི་འདྲ་པར་ཁག་ཅིག ཁྱེད་ཀྱིས་ཧྥི་ལི་ཀིར་http://www.flickr.com/photos/dennisbarbion/.པར་མཛོད་ཀྱི་དྲ་འབྲེལ་འདི་ནས་མཐོང་ཐུབ། ལོ་གསར་པའི་ནང་ལས་འགུལ་གསར་པ་ཞིག་ཡོད་པ་ནི། ༼ཕྱི་ལོ་༢༠༡༡ལོའི་དམིགས་བསལ་ལྷམ་གྱི་ལས་འཆར་༽ཟེར་བ་དེ་རེད།

བོད་མི་རྣམས་ཟླ་བ་དང་ཉིན་ཞག་མང་པོ་རི་བོ་ཧི་མ་ལ་ཡ་བརྒྱུད་བལ་ཡུལ་དང་རྒྱ་གར་ལ་བཙན་བྱོལ་ཡོང་སྐབས། དུས་ཡུན་རིང་པོ་འགྲུལ་བཞུད་དེར་ལྷམ་དང་གྱོན་གོས་སོགས་ལྡང་ངེས་མེད་པའི་དཀའ་ངལ་ཇི་སྙེད་ཅིག་འཕྲད་དང་འཕྲད་བཞིན་ཡོད། དེ་བཞིན་ཁོང་ཚོའི་དྷ་རམ་ས་ལའི་འཚོ་བ་དེ་ཡང་བགྲོད་ལམ་བྲག་རྡོ་སོགས་ཀྱི་ཁྲོད་གོམ་པ་ཁོ་ན་རྒྱག་དགོས་སྟབས། སྐབས་དེའི་འཚོ་བ་ཡང་མཐུན་རྐྱེན་སྐྱོན་པོ་ཞིག་གི་ནང་གནས་དགོས་ཀྱི་ཡོད་པ་རེད། གསར་དུ་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་རྣམས་ལ་ཅི་ཡང་ལྷག་མེད་ཅིང་གང་ཡང་མེད་པའི་གནས་སྟངས་འོག ལྷམ་གསར་པ་ཞིག་ཉོ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན།

ཁྱེད་ཀྱིས་ཨ་སྒོར་༢༠ཐམ་དང་ཡང་ན་ཡོ་སྒོར་༡༣ནས་༡༥བར་ཞལ་འདེབས་གནང་ཚེ་མི་ཞིག་ལ་ལྷམ་གསར་པ་ཞིག་སྦྱིན་ཐུབ་ཅིང་། གལ་སྲིད་ཁྱེད་རང་ཉིད་སྐྱབས་བཅོལ་བའི་ལྷམ་ཞིག་གྱོན་ཚེ། དངོས་གནས་མི་བདེའི་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེ་བ་ཐེ་ཚོམ་མེད། ཁྱེད་རང་གིས་གནང་བའི་ལྷམ་དེ་སུ་ཞིག་གིས་གྱོན་ཚེ་མི་དེས་ཁྱེད་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་ངེས་ཡིན། ལས་འགུལ་དེ་ནི་ཕྱི་ལོ་༢༠༡༡ལོའི་ཟླ་༤པའི་ནང་བྱམས་པ་གླིང་རྒན་གསོ་ཁང་ནས་འགོ་འཛུགས་རྒྱུ་ཡིན།

༼ཕྱི་ལོ་༢༠༡༡ལོའི་དམིགས་བསལ་ལྷམ་གྱི་ལས་འཆར་༽ཐོག་ཁྱེད་ཀྱིས་ལྷམ་ཆ་ཞིག་ཞལ་འདེབས་གནང་བར་ཨ་སྒོར་༢༠ ཐམ་པ། དངུལ་ཁང་གི་ཨང་གྲངས་དང་ཁ་བྱང༌། account: BE25 9795 9253 2282 (BIC-code: ARSPBE22 - name of the bank: ARGENTA) འདིའི་ཐོག་བསྐུར་གནང་རོགས། སྐུ་ཉིད་ལས་འཆར་དེའི་སྐོར་མཁྱེན་རྟོགས་མང་བ་གནང་འདོད་ཡོད་ཚེ། ཁ་བྱང་འདིའི་ཐོག་འབྲེལ་བ་གནང་རོགས། གློག་འཕྲིན། This e-mail address is being protected from spambots, you need JavaScript enabled to view it   ཁ་པར། 0032-50.78.17.55 བཅས་ཡིན། ཕྱི་ལོ་༢༠༡༡ལོའི་ལས་འཆར་དེའི་ཐོག་མ་དངུལ་སྔར་ལས་ལྷག་བསྡུ་རུབ་ཐུབ་རྒྱུ་དང་། ཁྱེད་ཀྱིས་སྙིང་ཁུངས་ནས་ང་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཡག་པོ་འདུག་རྗེས་སུ་ཡི་རང་དང་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།