བོད་ཀྱི་རྐང་སྤོ་རུ་ཁག་ཝེ་ཝཱ་གསེར་བུམ་འགྲན་བསྡུར་ལ་ཞུགས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༦ཉིན། NFརྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་༢༠༡༢ལོའི་ཝའེ་ཝཱ་འཛམ་གླིང་གསེར་བུམ་གྱི་འགྲན་བསྡུར་དུ་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཞུགས་རྒྱུ་ཡིན་འདུག ཟླ་འདིའི་ཕྱི་ཚེས་༢༢ཉིན། རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་༦པ་སྐོང་ཚོགས་གནང་ཡོད་པ་དང༌། སྐབས་དེར་ཧྥ་རན་སི་དང་ཨི་ཊ་ལི། སི་པེན། ཁར་ཌེ་སི་ཐན་སོགས་རྒྱལ་ཁབ་མང་པོ་མཉམ་ཞུགས་བྱས་ཡོད་པ་ལྟར། བོད་ཀྱི་ལུས་རྩལ་མཐུན་ཚོགས་ཀྱང་ཞུགས་ཡོད་པ་རེད།

དེ་སྔོན་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དེ་FIFI དང་ELFརྐང་རྩེད་སྤོ་ལོའི་འགྲན་བསྡུས་བཅས་ རྒྱལ་སྤྱི་རང་བཞིན་གྱི་འགྲན་བསྡུར་གཉིས་ལ་འཛུལ་ཞུགས་བྱས་ཡོད་པ་དང་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད་པར།  སི་པེན་གྱི་གྲོང་ཁྱེར་ཆེན་པོ་བྷུར་སུ་ལོ་ན་རུ་ཡོད་པའི་བོད་ཀྱི་ཐེབས་རྩ་ཚོགས་པའི་བཤེས་གཉེན་ཆེན་མོ་ཐུབ་བསྟན་དབང་ཆེན་ལགས་ཀྱིས། གྲོས་ཚོགས་སོགས་ནས་བོད་ཀྱི་ལུས་རྩལ་མཐུན་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུར་རོགས་རམ་རྒྱབ་སྐྱོར་བྱས་བར་བསྟོད་བསྔགས་དང་ལུས་རྩལ་བ་རྣམས་ལ་མུ་མཐུད་ནས་ལུས་པོའི་སྦྱོང་བརྡར་གྱི་ཕྱོགས་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གནང་ཡོད་འདུག

སྤྱིར་བཏང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་ཕྱིའི་འགོག་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཝེ་ཝཱ་འཛམ་གླིང་གསེར་བུམ་འགྲན་བསྡུར་ཁྲོད་དུ་འདེམས་སྒུག་བྱས་པའི་རུ་ཁག་ཅིག་ཡིན་ལ། མ་འོངས་པར་བདེ་བླག་ངང་འགྲན་བསྡུར་དངོས་ལ་ཞུགས་པའི་གོ་སྐབས་ཐོབ་ཡོད་པ་དང༌། NFརྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་རྩེད་འགྲན་གྱི་སྐོར་འགྲེལ་བརྗོད་བྱེད་རྒྱུར། ན་ནིང་ལོར་འགྲན་བསྡུར་ལ་ཐོ་འགོད་པའི་རུ་ཁག་༡༨ཡོད་ལ། དེའི་ནང་ནས་བུ་མོའི་རུ་ཁག་དང་༤དང་བུའི་རུ་ཁག་༨བཅས་ཁྱོན་རུ་ཁག་༡༢བདམས་ནས་འགྲན་བསྡུར་ལ་ཞུགས་ཡོད་པ་དང༌། རུ་ཁག་གདམ་གསེས་ཀྱི་རྩ་བའི་ཆ་རྐྱེན་གཙོ་བོ་དཔལ་འབྱོར་གྱི་གནས་སྟངས་ལ་གཞི་བཅོལ་ཡོད་པ་རེད། དཔེར་ན་བོད་དང་གྷོ་རེན་ལན་ཌིའི་རུ་ཁག་གིས་འགྲན་བསྡུར་དུ་འཛུལ་ཞུགས་བྱེད་རྒྱུར་ཨ་སྒོར་༥༥༠༠༠ཙམ་སྤྲད་པར་དཀའ་ངལ་ཆེན་པོ་ཡོད་པ་རེད་ཅེས་བརྗོད་འདུག

ཝེ་ཝཱ་འཛམ་གླིང་གསེར་བུམ་གྱི་འགྲན་བསྡུར་ཐོག་མ་དེ། ཕྱི་ལོ་༢༠༠༦ཟླ་༡༡པར་ཧྥ་རན་སིའི་ལྷོ་ཁུལ་གྱི་གྲོང་ཁྱེར་ཨོ་སི་ཐན་ནེ་ཡ་ནང་དུ་མགོ་འཛུགས་བྱས་ཡོད་པ་དང༌། དེ་ནས་བཟུང༢༠༡༠ལོ་བར་དུ་ལོ་ལྟར་རྩེད་འགྲན་རྒྱུན་འཁྱོངས་བྱས་ཡོད་ཀྱང༌། རྗེས་ཕྱོགས་སུ་NFརྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ལོ་གཉིས་རེའི་ནང་ཝེ་ཝཱ་འཛམ་གླིང་གསེར་བུམ་གྱི་འགྲན་བསྡུར་ཐེངས་གཅིག་དང༌། དེ་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་རྩེད་འགྲན་གཞན་ཞིག་ཀྱང་གོ་སྒྲིག་བྱ་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༧༢༠༡༡༡༣༢༨
དབྱངས་ཅན་རོལ་པའི་འོ་མཚོ།
གནས་ཚུལ་འདི་ཞེ་དྲག་ཡག་པོ་རེད་དེ། བོད་པ་ཚང་གི་འཇོན་མདོག་ཁག་པོ་མ་རེད་མ་ཟད་ཕར་སླེབས་ཚར་དུས་བྲོས་མ་འགྲོ་ན་ཨའུ་ཙམ་རེད། ཡིན་ནའང་ནང་འཁྲུགས་ཡག་ཐག་ཆོད་ཅེས་རྒྱབ་ནས་ཁོས་མི་འཇོན་རབས་ངས་བྱས་རབས་ལུང་པ་བཀང་ནས་སླེབས་མདོག་ཁག་པོ་རེད། ཁྱོད་ཚོས་འདིར་ལྟོས།



བརྗོད་གཞི་གཞན་ཁག་ལ་གཟིགས།