དངོས་སྦྱོང་ལས་གྲུབ་འབྲས་མི་དམན་པ་ལེན་པར་རེ་བ་བཅངས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༥ཉིན། ཡོ་རོབ་གྲོས་ཚོགས་ནས་བོད་རིགས་གཞོན་སྐྱེས་ཚོར་དངོས་སྦྱོང་གི་གོ་སྐབས་ཐེངས་གཉིས་ལ་སྤྲད་རྒྱུ་གསར་བསྒྲགས་བྱས་མ་ཐག ས་གནས་ཀྱི་བོད་རིགས་གཞོན་སྐྱེས་ཚོས་ཚ་ཚ་འུར་འུར་གྱིས་སྙན་ཞུ་འབུལ་གྱིན་ཡོད་འདུག

ཐེངས་འདིའི་དངོས་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་བོད་རིགས་གཞོན་སྐྱེས་རང་ལོ་༢༠ལས་བརྒལ་བ་དང༌། སློབ་གྲྭ་ཆེན་མོ་མཐར་ཕྱིན་པ་རྣམས་ལ་ཡོ་རོབ་གྲོས་ཚོགས་སོགས་ཀྱི་སྒྲིག་འཛུགས་དང་རིག་གནས་སྣ་མང་ཅན་གྱི་འཁོར་ཡུག་ལ་རྒྱུས་ལོན་དང་ཤེས་རྟོགས་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན་ལ། འདི་ལོའི་ཕྱི་ཟླ་༣པའི་ཚེས་༡དང་ཕྱི་ཟླ་༥ཚེས་༢༣ཉིན་མགོ་འཛུགས་ཀྱིས་བདུན་ཕྲག་བཞི་རེའི་དངོས་སྦྱོང་གི་དུས་ཡུན་ནང་དུ། སློབ་མ་ཚོར་ཡོ་རོབ་གྲོས་ཚོགས་ནང་གི་ལས་དོན་དང་ཡོ་རོབ་མནའ་མཐུན་ཁྱོན་ཡོངས་ཀྱི་སྒྲིག་འཛུགས་ཁག་གཞན་དག་ལའང་རྒྱུས་མངའ་གཏིང་ཟབ་སྤེལ་རྒྱུ་ཡིན་པ་རེད།

སྦེལ་ཇམ་གྱི་རྒྱལ་ས་བྷིལ་ཟིལ་དུ་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་ག་གསར་ཁང་དུ་འགྲེལ་བརྗོད་བྱས་པ་ལྟར་ན།རྒྱལ་ཁབ་ཤོར་བའི་བོད་རིགས་ཚོར་མཚོན་ན། གོ་སྐབས་མང་པོ་ཞིག་འཐུས་ཤོར་དང་ཐ་ན་སོ་སོའི་མཚར་སྡུག་ལྡན་པའི་ན་གཞོན་ཀྱི་དུས་སྐབས་ཀྱང་འཕྲོ་བརླག་འགྲོ་བཞིན་ཡོད་པས། ཐེངས་འདིའི་གོ་སྐབས་བཟང་པོི་འདི་བརྒྱུད་ནས་ཁོ་ཚོའི་རིན་ཐང་བྲལ་བའི་ལས་ཀའི་ཉམས་མྱོང་དེ་ཚོ་རྒྱུས་ལེན་ཟབ་མོ་བྱེད་ངེས་ཡིན་ཞེས་དང༌།

ཡང་ཁོ་མོས། ཐེངས་འདིའི་དངོས་སྦྱོང་གིས་མ་འོངས་པར་སློབ་མ་ཚོའི་བྱ་བའི་ལས་གནས་ལ་ཕན་ཐོགས་ཆེན་པོ་ཡོང་བ་དང༌།  སོ་སོའི་ལས་རིམ་ཁྲོད་ཐེངས་འདིར་ཤེས་རྟོགས་བྱུང་བའི་ཉམས་མྱོང་རྣམས་ལག་བསྟར་ཆ་ཚང་བ་ཡོང་བ་དང་རང་རེའི་སྒྲིག་འཛུགས་ཁག་ལ་གྲུབ་འབྲས་མི་དམན་པ་འཇོག་ཐུབ་པའི་རེ་བ་བཅངས་ཡོད་ཅེས་སོགས་བརྗོད་འདུག

གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱེད་འདོད་ཡོད་པ་དང་ཐེངས་འདིའི་དངོས་སྦྱོང་ལ་སྙན་ཞུ་རྒྱག་འདོད་ཡོད་ཚེ། གཤམ་གྱི་གློག་འཕྲིན་ཁ་བྱང་ This e-mail address is being protected from spambots, you need JavaScript enabled to view it Choedon Genkhangགཟིགས་རོགས་ཞུ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།