བོད་གཞུང་མང་ཚོགས་ཆེན་གྱི་གྲུབ་དོན་ལག་བསྟར་བྱེད་ཕྱོགས།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༩ཉིན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་༢༠༡༠ ཡི་མཐའ་དོན་སྙན་ཐོ་ལག་ལེན་གནང་ཕྱོགས་དང་འབྲེལ་བའི་བཀའ་སྤྱི་ལྷན་ཚོགས་ཀྱིས་བཏང་བའི་གསལ་བསྒྲགས།

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩པའི་གྲོས་ཆོད་ཨང་༢༠༡༠།༡༤།༩།༤དགོངས་དོན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་༢༠༡༠ལྷོ་ཕྱོགས་སྤེབ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་༢༠༡༠ཟླ་༨ཚེས་༢༦ནས་ཚེས་༣༡བར་བསྐོང་འཚོགས་གནང་བའི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་རྣམས་སྤྱི་འཐུས་རྒྱུན་ལས་ཀྱིས་དབྱེ་གསེས་གནས་སྟེ་འབྲེལ་ཆགས་ཁུངས་སོ་སོར་འབུལ་གཏོང་བྱ་རྒྱུ་དང༌། འབྲེལ་ཆགས་ཁུངས་སོ་སོས་ལག་བསྟར་ཐུབ་པ་ཁག་དང༌། ལག་བསྟར་མ་ཐུབ་པ་རྣམས་ལ་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་དགོས་རྒྱུ་ཞེས་སྐབས་༡༤པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༠། ༡༤ །༡༠ །༤བཀོད་པ་སོལ་འཇོག་གནང་དོན་ལྟར་སྤྱི་འཐུས་ལྷན་ཁང་དང་འབྲེལ་ཆགས་སྙན་ཐོའི་དོན་ཚན་རྣམས་ལག་བསྟར་བྱེད་ཕྱོགས་སོགས་ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༦།༡༧།༡༨བཅས་སོ་སོར་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་གནང་ཏེ་བཀའ་བསྡུར་ཞིབ་ལྷུག་གནང་ཏེ་ལག་བསྟར་གནང་ཕྱོགས་ཐག་གཅོད་གཏན་འཁེལ་གནང་ཟིན་ཅིང༌། དེའི་ཁོངས་ནས་ཆབ་སྲིད་དང་འབྲེལ་བའི་སྐོར་དོན་ཚན་༥དང༌། གཞིས་ཆགས་སྲ་བརྟན་སྐོར་དོན་ཚན་༤དཔལ་འབྱོར་སྐོར་དོན་ཚན་༡ཤེས་ཡོན་སྐོར་དོན་ཚན་༡བོད་དོན་དྲིལ་བསྒྲགས་སྐོར་དོན་ཚན་༡བཅས་དོན་ཚན་གྲངས་༡༢ཐད་བཀའ་སྤྱི་ལྷན་རྒྱས་ཐོག་བཀའ་བསྡུར་གནང་གལ་དགོངས་མཐུན་ཐག་གཅོད་བྱུང་དོན་བཞིན་ཕྱི་ལོ་༢༠༡༡ཟླ་༡ཚེས་༡༥ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་འཕྲོད་བསྟེན་བཅས་ཀྱི་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལྷན་འཛོམས་ཀྱིས་བཀའ་བསྡུར་ཞིབ་ཙམ་གནང་ཏེ་ཕྱག་ལེན་གནང་ཕྱོགས་སྐོར་ཐག་གཅོད་གཏན་འཁེལ་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།