དགོངས་ཚུལ།

བོད་ཀྱི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་གནང་བར་བསྔགས་བརྗོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༧ཉིན། ཟླ་འདིའི་ཕྱི་ཚེས་༡༣ཉིན། ༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་རྣམས་ཀྱིས་བོད་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་རྒྱུར་འབད་བརྩོན་ལྷོད་མེད་གནང་བར་ཐུགས་རྗེ་བཀའ་དྲིན་ཞུས་འདུག

སྐབས་དེར་ལ་དྭགས་དང་འབྲས་ལྗོངས། བལ་པོ་སོགས་ནས་ཆོས་ཞུ་བ་༧༠༠༠བརྒལ་བ་འདུ་འཛོམས་བྱུང་ཡོད་ལ། ༧གོང་ས་མཆོག་གིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་སྐོར་གསུངས་དོན། བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར་ཆོས་དང་རིག་གཞུང་སོགས་ལ་འབྲེལ་བ་དམ་ཡོད་པ་རེད།

ན་ནིང་ལོ་ནས་བཟུང་རྒྱ་གཞུང་གིས་མདོ་སྨད་ཕྱོགས་སུ་བོད་སྐད་ཡིག་ཁོ་ན་མ་གཏོགས་སློབ་ཚན་གཞན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་བའི་ལྐོག་ཇུས་གསར་པ་ཞིག་ལག་བསྟར་བྱེད་འགོ་བརྩམས་ཡོད་པ་དེ་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བར་གྱུར་བའི་སྐད་ཡིག་འདི་རྩ་མེད་དུ་གཏོང་འདོད་པ་ཡིན་ལ། གལ་སྲིད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་མ་འཐོབ་ཡིན་ན། བོད་མི་རིགས་ཞེས་པའི་རླབས་ཆེན་གྱི་མི་རིགས་འདི་ཡང་འཚོ་ཐབས་མེད་པ་རེད་ཅེས་གསུངས་འདུག

དེ་ཡང་བོད་ཀྱི་གདན་ས་གསུམ་གྱིས་གཙོ་བྱས་པའི་དགོན་པ་ཁག་ཏུ་ལ་དྭགས་དང་མོན་རྟ་དབང་སོགས་ནས་ཡོང་བའི་སློབ་གཉེར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པར་བསྔགས་བརྗོད་དང་ནང་ཆོས་ལ་སློབ་སྦྱོང་བྱས་ནས་སོ་སོའི་ནང་སེམས་ལ་ལེགས་བཅོས་གཏོང་དགོས་པའི་སྐོར་བཀའ་སློབ་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།