དགོངས་ཚུལ།

༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུར་སེམས་འཚབ་མི་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ༢༠༡༡ཟླ་༡ཚེས་༡༤ཉིན། བཀའ་ཁྲི་མཆོག་གིས་ཝྭར་ཎ་མཐོ་སློབ་ཏུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུར་སེམས་འཚབ་མི་དགོས་པའི་སྐོར་གསལ་བཤད་གནང་འདུག

འདི་ལོ་ཕྱི་ཟླ་༣ པའི་ནང་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུ་དང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ཐུགས་འགན་བཞེས་མི་དགོས་རྒྱུའི་བཀའ་སློབ་བསྩལ་ཡོད། ཡིན་ནའང་དེའི་སྐོར་ཉེ་ཆར་ཀ་སྦུག་དང་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱངས་སྐབས་དམིགས་བསལ་གྱིས་གསལ་བཤད་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས་ཉིན་རེའི་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་བསྒྱུར་བ་བཏང་བ་ཙམ་རེད་མ་གཏོགས་སྤྱིར་བཏང་བོད་མི་བརྒྱ་ཆ་ ༩༩ ངོས་ལ་ཡིད་ཆེས་དང་དད་དམ་གཙང་མ་ཡོད་པས་ངོས་དང་བོད་རིགས་མང་ཚོགས་བྲལ་ཐབས་མེད་པ་དང༌། རྩ་དོན་གྱི་ཐོག་ཐུགས་འགན་མུ་མཐུད་ནས་ལེན་རྒྱུ་ཡིན་ཞེས་བཀའ་སློབ་གསལ་པོ་ཕེབས་ཡོད། དེར་བརྟེན་ཁྱེད་རང་ཚོས་སེམས་འཚུབ་གནང་མི་དགོས་ཞེས་བོད་འབྱོར་ཆོས་ཞུ་བ་ཚོར་དམིགས་བསལ་གསལ་བཤད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།