དགོངས་ཚུལ།

ཨོ་སི་ཊོ་ལི་ཡའི་གནོད་ཐེབས་མི་མང་ལ་ཐུགས་གསོའི་འཚམས་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༡ཉིན། ཉེ་ཆར་ཨོ་སི་ཊོ་ལི་ཡའི་ཁོན་སི་ལེན་ཌེའི་མངའ་སྡེའི་ནང་དུ་ཆུ་ལོག་གིས་གནོད་སྐྱོན་ཚབས་ཆེན་ཕོག་པར་༧གོང་ས་མཆོག་ནས་གནོད་ཐེབས་མི་མང་ལ་ཐུགས་གསོའི་འཚམས་འདྲི་གནང་འདུག

ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནས་བཟུང་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཨོ་སི་ཊོ་ལི་ཡའི་ཁོན་སི་ལེན་ཌེའི་མངའ་སྡེའི་ནང་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པར་བརྟེན།  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནོད་འཚེ་ཐེབས་སའི་མངའ་སྡེ་དེའི་བློན་ཆེན་ཨེན་ན་བྷ་ལེ་གྷའི་ལགས་ཀྱི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་བསྩལ་བའི་ནང་བཀོད་དོན།  སྐུ་ཉིད་ཀྱི་མངའ་སྡེའི་ས་ཁུལ་ནང་ལོ་མང་རིང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་དང༌། གནོད་སྐྱོན་ཁྲོད་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུད་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཡིད་སྐྱོའི་གནས་ཚུལ་དེ་དག་ལ་ངོས་རང་བློ་ཕམ་ཆེན་པོ་བྱུང། འོན་ཀྱང་ཨོ་སི་ཊོ་ལི་ཡ་གཞུང་ཕྱོགས་ནས་ཆུ་ལོག་གི་གནོད་འཚེའི་བྱུང་བ་དེར་གདོང་ལེན་དང་རོགས་སྐྱོབ་གནང་རྒྱུའི་གྲ་སྒྲིག་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད།

ཆུ་ལོག་སྐབས་ཡུལ་མིར་སྲོག་སྐྱོན་མི་ཡོང་བ་དང། ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་བསྐྱར་གསོ་གང་མགྱོགས་ཡོང་བ་དང། ཆུ་ལོག་གི་གནོད་འཚེ་གང་མགྱོགས་ངང་ཞི་བའི་སྨོན་ལམ་འདེབས་བཞིན་ཡོད།  ཅེས་བཀོད་ཡོད།  ཕྱི་ཟླ་ ༡ ཚེས་ ༡༡ ཉིན་ཨོ་སི་ཊོ་ལི་ཡའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གྲོང་ཁྱེར་ཁ་ཤས་ཀྱི་ནང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང། ཡུལ་མིའི་ཁང་ཁྱིམ་ཆུས་བསྣུབས་ཡོད་པ་མ་ཟད། ཉུང་མཐར་ཡང་མི་ ༨ ཙམ་ཤི་སྐྱོན་དང་གཞན་མི་གྲངས་ ༧༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁུལ་དེའི་ཆུ་ལོག་ནི་ལོ་ངོ་བཅུ་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་རྐྱེན་ངན་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག།

བོད་གཞུང་དྲ་རྒྱ་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།