དགོངས་ཚུལ།

བཀའ་ཁྲིའི་འོས་མི་ཚོར་བགྲོ་གླེང་གོ་སྒྲིག་ཞུ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༠ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་དང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་མི་མང་ནས་འཛུལ་ཞུགས་གང་ལེགས་ཡོང་ཆེད་བགྲོ་གླེང་ཁག་ཅིག་གོ་སྒྲིག་ཞུ་འཆར་ཡོད་འདུག

རང་གིས་འོས་འདེམས་བྱེད་ཡུལ་གྱི་མི་སྣའི་སྐོར་ལ་ཤེས་རྟོགས་དང་། མ་འོངས་ལས་དོན་བྱེད་ཕྱོགས་སོགས་ཤེས་རྟོགས་སྔར་བས་ལེགས་པོ་ཡོང་ཆེད། ཟླ་༡ཚེས་༡༥ཉིན་སྦེང་ལོར་ནི་ལ་མན་ག་ལ་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཀྱི་སློབ་ཕྲུག་ལ་འོས་བསྡུའི་གལ་གནད་དང་། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སོགས་བརྗོད་གཞིའི་ཐོག་ཉིན་གཅིག་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་དང་། ཚེས་༡༦ཉིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་མཐོ་སློབ་སློབ་ཕྲུག་ལ་གོང་གསལ་བརྗོད་གཞིའི་ཐོག་ཉིན་གཅིག་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

ཡང་ཟླ་༡ཚེས་༡༧ཉིན་ཕྱི་དྲོ་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་བཀའ་ཁྲིའི་འོས་མི་གསུམ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་གསུམ་གདན་ཞུས་ཀྱིས་སོ་སོས་རྒྱབ་སྐྱོར་བྱེད་ཡུལ་གྱི་མི་སྣའི་སྐོར་གཏམ་བཤད་དང་། མི་མང་ལྷན་དུ་བགྲོ་གླེང་ཞུ་རྒྱུ། བཀའ་ཁྲི་འོས་མི་གསུམ་ས་གནས་སུ་གདན་ཞུས་ཀྱིས་མིང་མང་དང་ལྷན་དུ་བགྲོ་གླེང་ཞུ་རྒྱུ་སྟེ་དེ་ཡང་ཐོག་མར་ཟླ་༡ཚེས་༢༣ཉིན་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་དུ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་དང་། ཚེས་༢༤ཉིན་བཀའ་ཁྲིའི་འོས་མི་བཀྲིས་དབང་འདུས་ལགས། ཚེས་༢༦ཉིན་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཅས་ཁག་སོ་སོར་མི་མང་ལྷན་དུ་ས་གནས་སུ་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ།

ཟླ་༡ཚེས་༢༥ཉིན་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་སྒར་དུ་བཀའ་ཁྲིའི་འོས་མི་བློ་བཟང་སེངྒེ་ལགས་དང་། ཚེས་༢༦ཉིན་བཀའ་ཁྲིའི་འོས་མི་བཀྲིས་དབང་འདུས་ལགས། ཚེས་༢༨ཉིན་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཅས་གསུམ་ནས་ཁག་སོ་སོར་གོང་ཚེས་ཐོག་ས་གནས་སུ་མི་མང་དང་ལྷན་དུ་བགྲོ་གླེང་གནང་རྒྱུའི་གོ་སྒྲིག་ཞུ་འཆར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།