དགོངས་ཚུལ།

བེ་རི་འཇིགས་མེད་དབང་རྒྱལ་ལགས་དགོངས་ཞུ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༠ཉིན། སྐབས་༡༤པའི་རི་བོ་དགེ་ལྡན་པའི་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་མཆོག སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་ཁོངས་སུ་སྡོད་རྒྱུ་མིན་པ་དང་། དེ་ལུགས་དགོངས་ཞུ་གནང་ཟིན་པའི་ཡོང་ཁྱབ་གསལ་བསྒྲགས་གནང་འདུག

གསལ་བསྒྲགས་དེའི་ནང་། གུས་ཤིང་བཀུར་བའི་རྒྱ་ཆེ་མང་ཚོགས་དང་ལྷག་དོན་ཕྲན་ལ་རྒྱབ་སྐྱོར་འོས་བླུག་གནང་བའི་སྤུན་ཟླ་ཚོར་གུས་འདུད་བཅས་ཞུ་རྒྱུ། ཕྲན་སྤྱི་འཐུས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་དགེ་ལུགས་སྤྱི་འཐུས་སྔོན་འགྲོའི་སྐབས་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོས་འོས་འཕེན་གནང་བ་ལ་བརྟེན་ནས་འོས་གྲངས་རྩེ་ཏོག་གྲས་སུ་སླེབས་འདུག་པས།

གལ་ཏེ་དངོས་གཞིའི་འོས་སུ་བསྡད་ན་རྒྱལ་ཁ་ཐོབ་མིན་ཐེ་ཚོམ་མི་དགོས་མོད། དེ་ལྟ་ན་ཡང་ཐེངས་འདིར་ཕྲན་སྤྱི་འཐུས་དངོས་གཞིའི་འོས་ཞུགས་ལས་དགོངས་ཞུ་མི་གཏོང་མཐུ་མེད་བྱུང་བས། འབྲེལ་ཡོད་རྒྱ་ཆེ་མི་དམངས་ཚོར་དགོངས་སེལ་དང་སྦྲགས། རྒྱུ་མཚན་དོན་ཚན་ཁ་ཤས་ཞུ་དགོས་བྱུང༌།

༡༽ དངོས་གཞི་འོས་གྲོགས་ཚོ་དགེ་ལུགས་རྒྱུགས་སྤྲོད་ཕེབས་མཁན་ལ་བརྟེན་རྒྱུན་ལས་བཞུགས་རྒྱུ་ཁག་བའི་ཐོག་ཕྲན་ཡང་རྒྱུན་ལས་བསྡད་ལོང་མེད་པ།

༢༽ འོས་འགྲོ་བང་རིམ་རྗེས་མ་ཆེས་དམིགས་བསལ་བའི་སྐྱེས་ཆེན་ཡིན་པས་འོས་ཁོངས་སུ་ཚུད་ཐབས།

༣༽ གྲྭ་ཚང་རིན་པོ་ཆེ་ནས་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་གླེགས་བམ་གསུམ་བཞི་གཉིས་གང་མགྱོགས་རྩོམ་གྲུབ་པ་དགོས་པའི་ཕྱག་བྲིས་ནན་ཆེ་གནང་བ་(༢༠༡༡།༡།༡། ལ་འབྱོར) མ་ཟད། དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་རྩ་བའི་བླ་མ་དུ་མའི་བཀའ་དགོངས་ཡིན་པས་མཇུག་སྐྱེལ་དགོས་པ།

༤༽དགའ་ལྡན་ཁྲི་ཐོག་བརྒྱ་བའི་རྣམ་ཐར་རྩོམ་རྒྱུ། ྋགོང་ས་མཆོག་ནས་(༢༠༠༥)ལོར་བཀའ་གནང་བའི་ས་བོན་ཙམ་གྲུབ་ཀྱང༌། དངོས་གཞི་མ་ཚར་བས་གང་མགྱོགས་རྩོམ་དགོས་པ།

༤༽ ད་ལྟའི་ཆར་ཝཱ་ཎའི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཉམས་ཞིབ་པར་གདན་ཞུས་གནང་དོན་ལྟར། ལོ་ཤས་རིང་ཉམས་ཞིབ་ཀྱི་དེབ་དེ་ཉིད་རྩོམ་པའི་ཞོར་ལ། དགེ་འོས་(B.ed)འཛིན་དགེ་སོགས་བྱེད་བཞིན་པ། ཝཱ་ཎར་སྡོད་རིང་གོང་གསལ་ལས་འཕྲོ་དེ་དག་མཇུག་སྐྱེལ་གྱི་དུས་ཚོད་ངེས་ཅན་ཡོད་པ་བཅས་ལ་བརྟེན་ནས་ཡིན། དེ་སྔོན་སྤྱི་འཐུས་ཐེངས་གཉིས་བྱས་རིང་དང༌། ད་ཐེངས་ཀྱང་རྒྱབ་སྐྱོར་མུ་མཐུད་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཕྲན་སྤྱི་འཐུས་རྐུན་ཀྱགས་ཐོག་སྡོད་མིན་ཇི་ལྟར་ཡང༌། རང་ངོས་ནས་གང་ནུས་ཅི་འཇོན་གྱིས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང༌། སྤྱི་དོན་སྒྲུབ་པའི་ཆེད་སེམས་ནམ་ཡང་འགྱུར་བ་མེད་པའི་ཐོག་ནས། སྤྱི་ཚོགས་ཀྱི་ངན་སྲོལ་ཐེར་འདོན་དང༌། སྐྱོན་ཡོན་ཡོ་སྲོང༌། གོ་སྐོན་ར་སྤྲོད་བཅས་འཛེམ་ཟོན་མེད་པའི་སྒོ་ནས་ཞུ་ངེས་ཡིན་ལ། ད་ལྟའི་བར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་ནང་ས་གང་དུ་འགྲོ་འདུག་གང་ཞིག་བྱས་པ་དེ་ཀུན་སྤྱི་དོན་ཁོ་ན་ལས་སྒེར་དོན་ཟུར་སྒྲུབ་གཅིག་ཀྱང་མ་མྱོང་བ་དེ་ ཡང་ལས་སྡོམ་གྱི་ཚུལ་དུ་མང་ཚོགས་ལ་གསལ་བཤད་ཞུ་རྒྱུ་ཡིན།

མཐའ་དོན།
འཕགས་མཆོག་ཕྱག་ན་པདྨོའི་ཐུགས་ཀྱི་གཞེད་པ་མཐའ་དག་ལྷུན་གྱིས་གྲུབ་པ་དང༌། བོད་དོན་བདེན་པའི་ཉི་མ་མྱུར་བར་འཆར་བའི་སྨོན་འདུན་བཅས། དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས། གནས་མཆོག་ཝཱ་ཎའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས། གུས་འདུད་བཅས ལྕགས་སྟག་(༢༠༡༡)ལོ་སྤྱི་ཟླ ༡ ཚེས་ ༧ ཉིན་ཕུལ་ཞེས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
3 ༡༠༢༠༡༡༡༦༤༢
དྲ་རྒྱ་དོ་དམ་པ།
མིག་གིས་མཐོང་མཐོང་བར་ནས་དོང་ནང་མཆོང་ཟེར་བའི་དཔེ་ལྟར་རེད། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལབ་ལབ་བར་ནས། ཡང་༡༣དང་༡༤ཞེས་འབྲི་ནོར་ཤོར་འདུག རྒན་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དགོངས་འཆར་དང་ནོར་བཅོས་གནང་བར་ཐུགས་རྗེ་ཆེ། སླད་ཕྱིན་ཡང་དེ་དེ་བཞིན་དུ་གནང་སྐྱོང་ཡོང་བ་ཞུ། ཤམ་བྷ་ལའི་དྲ་རྒྱ་དོ་དམ་པས།
2 ༡༠༢༠༡༡༡༦༡༡
གོང་དུ་གསར་འགྱུར་ནང། སྐབས་ ༡༣ པའི་རི་བོ་དགེ་ལྡན་པའི་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་མཆོག སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་ཁོངས་སུ་སྡོད་རྒྱུ་མིན་པ་དང། ཞེས་བྲིས་གནང་འདུག་པས་ད་ལྟ་ཁོང་སྐབས་ ༡༤ པའི་སྤྱི་འཐུས་ཡིན་པ་དང་སྐབས་ ༡༥ པའི་སྤྱི་འཐུས་ཀྱི་འོས་ཁོངས་སུ་བཞུགས་གནང་གི་མིན་གསུངས་ཀྱི་ཡོད་རེད། དེ་ལུགས་ནོར་བཅོས་དགོས་འདུག
1 ༡༠༢༠༡༡༡༢༤༧
དབྱངས་ཅན་རོལ་པའི་འོ་མཚོ།
ཤེས་ཡོན་ཅན་དགེ་བཤེས་ཁྱེད་དགོངས་ཞུ་གནང་བར་བློ་ཕམ་བྱུང་། ཡིན་ནའང་སྐུ་ཉིད་ཀྱིས་རང་ནུས་གང་འཇོན་གྱི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་འདོད་ཡོད་པར་གསུང་བར་སྙིང་ནས་དགའ་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།