དགོངས་ཚུལ།

ཉམས་མྱོང་མེད་ན་བཀའ་ཁྲི་བྱེད་རྒྱུ་ཁག་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན་ལ། རྒྱལ་ས་ལུན་ཏུན་གྱི་ལྟེ་བ་རུ་ཡོད་པའི་ཟླ་བཅུ་པའི་པར་རིས་འགྲེམས་སྟོན་ཚོམས་རར། བཀའ་བློན་ཁྲི་པའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ས་གནས་བོད་མི་ཚོ་དང་མཉམ་དུ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུ་གོ་སྒྲིག་གནང་མཁན་ནི་ལོན་ཌོན་ནིད་LondonNeyདང་བོད་ཀྱི་ཐོན་སྐྱེད་ཁང༌། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཡིན་པ་དང༌། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་ལོན་ཌོན་དུ་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚབ་དང་བོད་རང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་ཟུར་པ་ཞིག་བཅས་ཕེབས་ཡོད་ལ། ཚོགས་འདུ་དེ་ནི་རྒྱལ་ཁབ་དེའི་ནང་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་རང་དབང་གི་ཐོག་ནས་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཞིག་འོས་འདེམས་བྱུང་བའི་ཆེད་དུ་ཡིན་པ་དང༌། ཚོགས་ཐོག་ཏུ་དུས་ཚོད་གཉིས་ཙམ་གྱི་རིང་ལ་བཀའ་ཁྲི་འོས་འདེམས་ཀྱི་སྐོར་ལ་མི་མང་གིས་བགྲོ་གླེང་གནང་ཡོད་པ་རེད།

ཐེངས་འདིའི་ཚོགས་འདུ་བརྒྱུད་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་གཞུང་ལ་མི་ལོ་༣༠ལྷག་གི་རིང་ལ་ཞབས་ཞུ་སྣ་མང་བསྒྲུབས་ཡོད་ལ། སྤྱི་ལོ་༡༩༨༧ ནས་༡༩༩༠ བར་ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པ་དང༌། ཨ་རིར་བོད་ཀྱི་ཐེབས་རྩ་དང་པོ་ཏཱ་ལ་དཔར་སྐྲུན་ཁང༌། རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུངས་སོགས་གསར་འཛུགས་གནང་ཡོད་པ་མ་ཟད།  ྋགོང་ས་མཆོག་གི་ཐེབས་རྩ་གསར་འཛུགས་གནང་མཁན་བཅས་ཡིན་པས། ཁོང་ནི་བཙན་བྱོལ་སྤྱི་ཚོགས་ནང་བྱས་རྗེས་ཅན་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མི་མང་གིས་ཤེས་རྟོགས་་ཐུབ་ཡོད་པ་རེད།

ཁོང་གིས་ཕྱི་ལོ་༡༩༩༠ནས་༡༩༩༥བར་དུ་བཀའ་བློན་གྱི་ཕྱག་ལས་ཐོག་འབད་བརྩོན་གནང་ཡོད་ལ། མ་འོངས་པ་ནའང་མུ་མཐུད་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འབད་བརྩོན་གནང་རྒྱུ་ཡིན་པའི་སྐོར་གསུངས་དོན།

བདག་གིས་མི་ལོ་༣༠ལྷག་གི་རིང་ལ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ཞབས་འདེགས་ཧུར་ཐག་གིས་བསྒྲུབས་ཡོད་ལ། མ་འོངས་པ་ནའང་མུ་མཐུད་དུ་མི་རིགས་དང་རང་རེའི་སྤྱི་ཚོགས་ལ་ལེགས་སྐྱེས་གང་ལེགས་འབུལ་ཐུབ་པར་འབད་བརྩོན་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་དང༌། ཡང་ཁོང་གིས་ནན་གྱིས་བཤད་དོན། བཀའ་བློན་ཁྲི་པའི་ཕྱག་ལས་དེ་ལས་སླ་བོ་ཞིག་གཏན་ནས་མ་རེད། ལྷག་པར་དུ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་སོགས་ལ་བསམ་ན་ཧ་ཅང་དཀའ་རྙོག་ཆེན་པོ་ཞིག་ཡིན་པས། བྱ་བ་དངོས་ལ་ཞུགས་པའི་ཉམས་མྱོང་ཞིག་མེད་ན། ཇི་ལྟར་བྱས་ནས་བཀའ་བློན་ཁྲི་པའི་འོས་འགན་དེ་འཁུར་དགོས་པ་རེད་ཅེས་གསུངས་འདུག

གལ་ཏེ་ཁོང་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་ཡིན་ན། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡིན་མིན་བཀའ་འདྲི་ཞུས་པར། ཁོང་གིས། མ་འོངས་བཀའ་བློན་ཁྲི་པས་བོད་གཞུང་གི་ད་ལྟའི་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་རུང་བ་མ་ཟད། ང་ཚོས་སོ་སོའི་མང་གཙོའི་བརྒྱུད་རིམ་ལ་སྲིད་བྱུས་གསར་པ་གཏན་འབེབས་བྱེད་དགོས། འོན་ཀྱང༌། གནས་ཚུལ་གང་འདྲ་ཞིག་ཡིན་ནའང་དཔྱད་བསྡུར་མཐར་སོན་པ་བྱས་ཏེ་༧གོང་ས་མཆོག་དང་གྲོས་ཚོགས་སོགས་སུ་ཞུ་དགོས་པ་རེད་ཅེས་གསུངས་འདུག

དེ་རྗེས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་ཟུར་བས་བརྗོད་རྒྱུར། བདག་གིས་བཀའ་བློན་ཁྲི་པ་འོས་འདེམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ང་དང་ངའི་་ལས་རོགས་ཚོས་སྔ་ས་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲིར་ཕེབས་པར་རེ་བ་རྒྱག་བཞིན་ཡོད་ཅེས་སོགས་བརྗོད་འདུག

ཚོགས་འདུ་གྲོལ་རྗེས་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཚོས་ཆེད་དུ་རྒྱ་གར་གྱི་ཟ་ཁང་ཞིག་ཏུ་གསོལ་སྟོན་བཤམས་སྟེ། ཁོང་གིས་མི་ལོ་༣༠ལྷག་གི་རིང་ལ་མི་རིགས་ལ་ཞབས་འདེགས་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་མ་འོངས་པ་ནའང་བཀའ་ཁྲི་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༡༠༢༠༡༡༡༨༡༧
གངས་ཕྲུག་ གི་ ཚ་བོ
བཀུར་འོས་གསར་འགོད་པ་ལགས། ཡ་མཚན་ཨ། བོད་རང་སྐྱོང་ལྗོངས་ཞི་པ་དེ་ད་ལྟ་ལྷ་ས་ན་ཡོད་པའི་བོད་རང་སྐྱོད་ལྗོངས་ལ་གོ་དགོས་པས། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མོ་དེ་ལྷ་ས་ནས་ཕེབས་པ་རེད་དམ།
བཀུར་འོས་དྲ་གྲོགས་ཚོས་བསམ་ཚུལ་བཀོད་པར་ཐུགས་རྗེ་ཆེ་ཞུ།
གོང་གི་གསར་འགྱུར་རྩོམ་ཡིག་དེ་ལུན་ཏུན་ནས་འདི་ག་གསར་ཁང་དུ་དབྱིན་ཡིག་ཐོག་འབྱོར་བ་ཞིག་ཡིན་ལ། དབྱིན་ཡིག་ནས་ཐད་ཀར་གྷུའུ་གྷིལ་བརྒྱུད་དེ་རྒྱ་ཡིག་ཏུ་བསྒྱུར་སྐབས། མ་ཡིག་ནང་གསལ་ལྟར་བསྒྱུར་མི་འདུག
མ་ཡིག་ལྟར་ན། མིང་མ་བཀོད་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོིན་རིགས་ཟུར་པ་ཞིག་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་ལུགས་བཀོད་འདུག་པས། དྲ་རྒྱ་ཀློག་པ་པོ་རྣམས་ལ་སྙིང་ནས་དགོངས་དག་ཞུ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་ཀྱི་མཐུས་མིས་བཀྲས་མཐོང་བཀའ་ཁྲི་ལང་རྒྱུ་རྒྱབ་སྐྱོར་བྱས་པ་རེད་ཞེས་པ་ནི་ཅུང་ཟང་བཤད་མ་བཟོད་པ་ཞིག་རེད་ཡ། བོད་རང་སྐྱོངས་ལྗོངས་ནི་ད་ལྟ་རྒྱ་དམར་གྱིས་འབོད་བཞིན་པའི་བོད་རང་སྐྱོང་ལྗོངས་ལ་གོ་དགོས་པས་དེའི་སྐུ་ཚབ་ཀྱིས་བོད་ཀྱི་བཀའ་ཁྲི་ངོས་ལེན་བྱེད་དམ། གསར་འགོད་པས་དེར་གསལ་བཤད་གནང་དང་དེ་དངོས་གནས་ཧ་གོ་མ་སོང་།
2 ༠༩༢༠༡༡༡༨༠༠
ཅོ་རི་ཉི་མ།
《ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་ལུན་ཏུན་དུ་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚབ་དང་བོད་རང་ལྗོངས་ཀྱི་འཐུས་མི་བཅས་ཡོད་ལ། 》ཞེས་གསལ་འདུག་པས་བོད་རང་ལྗོངས་ཀྱི་འཐུས་མི་ཟེར་བ་འདི་ཅི་ཞིག་ལ་ཟེར་གྱི་ཡོད་དམ། བོད་རང་ལྗོངས་ཀྱི་འཐུས་མི་ལྷ་ས་ནས་ཕེབས་རེད་དམ། གནད་འགག་ཆེན་པོ་འདུག་པས་གསལ་བཤད་ཤིག་ཡོད་མཁྱེན་མཁྱེནན།
1 ༠༩༢༠༡༡༡༥༤༤
གསར་འགོད་པ་ལགས། གོང་དུ་གསལ་བའི་བོད་རང་ལྗོངས་ཀྱི་འཐུས་མི་ཞེས་པ་དེ་ག་རེ་ལ་གོ་དགོས་སམ། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ནི་ཡིན་རྒྱུ་མ་རེདབ།



བརྗོད་གཞི་གཞན་ཁག་ལ་གཟིགས།