དགེ་འདུན་པ་༦ཚན་རིག་སློབ་སྦྱོང་བྱེད་པར་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༥ཉིན། རྒྱ་གར་ནས་ཆེས་ཐོག་མའི་བོད་པའི་དགེ་འདུན་པ་༦ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཇོར་ཇི་ཡའི་ནང་ཡོད་པའི་ཨེ་མོ་རི་ཡ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཚན་རིགས་སློབ་སྦྱོང་བྱེད་པར་བཏང་ཡོད་འདུག

ཁོང་ཚོས་གཙུག་ལག་སློབ་གཉེར་ཁང་དེའི་ནང༌། དངོས་ཁམས་རིག་པ་དང༌། སྐྱེ་དངོས་ཚན་རིག རྫས་འགྱུར་རིག་པ་བཅས་ལ་སློབ་སྦྱོང་གནང་ནས། ཕྱིར་དགོན་པར་ལོག་རྗེས་དགེ་འདུན་པ་དང་བཙུན་མ་གཞན་ལ་སློབ་ཁྲིད་གནང་རྒྱུའི་འཆར་གཞི་ཡིན་འདུག

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རྡོ་ལགས་ཀྱིས། འདི་ནི་རྒྱ་གར་ནང་ཡོད་པའི་བོད་པའི་དགེ་འདུན་པ་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་སྦྱོང་བརྡར་ལ་གཏོང་བའི་ལས་རིམ་ཐོག་མ་དེ་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

གཞན་ཡང་ཨེ་མོ་རི་ཡ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་ལོ་ལྟར་སློབ་ཕྲུག་བཅུ་ཕྲག་ཁ་ཤས་བཞུགས་སྒར་དྷ་རམ་ས་ལར་བཏང་ནས། བོད་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་བཅས་ལ་རྒྱུན་ལོན་བྱེད་ཀྱིན་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང༌། གང་ཉིད་ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༨ཉིན་སློབ་གཉེར་ཁང་དེར་ཆིབས་བསྒྱུར་བསྐྱངས་སྐབས། ཆོས་ལུགས་པ་དང་ཚན་རིག་པ་དབར་ཕན་ཚུན་སློབ་སྦྱོང་དང་ལེགས་ཆ་ལེན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ལུགས་བཀའ་སློབ་གནང་ཡོད་པ་རེད།

http://kiind.com/tibetweek/index.html འདི་ནི་ཨེ་མོ་རི་ཡ་དང་བོད་ཀྱི་མཐུན་ཚོགས་ཀྱི་བོད་ཡིག་དྲ་རྒྱ་ཞིག་ཡིན་ལ། ཁྱེད་ཀྱིས་འདི་ནས་ཨེ་མོ་རི་ཡ་དང་བོད་པའི་དབར་གྱི་འབྲེལ་བ་སྐོར་གནས་ཚུལ་གང་མང་ཞིག་ཤེས་རྟོགས་ཡོང་ངེས་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༠༢༠༡༡༡༡༣༧
དྲ་རྒྱ་དོ་དམ་པ།
མཁོ་སྤྲོད་གནང་བའི་གསར་འགྱུར་དེའི་ནང་། རྒྱ་གར་ནས་དགེ་འདུན་པ་དྲུག་ཚན་རིག་སློབ་སྦྱོང་བྱེད་པར་བཏང་ཚུལ་གསུངས་འདུག་ པ་ལས། གྲྭ་ཚང་གང་ནས་ཡིན་མིན་སོགས་བཀོད་མི་འདུག་པས་དེ་ལུགས་དགོངས་འཇགས་ཞུ། ཤམ་བྷ་ལའི་དྲ་རྒྱ་དོ་དམ་པས།
2 ༠༩༢༠༡༡༢༣༣༥
དབྱངས་ཅན་རོལ་པའི་འོ་མཚོ།
དགེ་འདུན་པ་དྲུག་པོ་དེ་ཁོངས་གང་ནས་བཏང་གནང་འདུག ཁོང་རྣམས་སློབ་པ་མཐའ་སོན་ཏེ་ཕྱིར་རང་ཡུལ་དུ་ལོག་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཐོན་ཐུབ་པའི་སྨོན་འདུན་ཞུ།
དགེ་འདུན་པ་དྲུག་པོར་ཐོག་མར་མཚམས་དྲི་ཞུ་རྒྱུ་དང་འབྲེལ་ཁྱེད་རྣམས་ནས་མིག་སྨན་མིག་ཐོག་ཏུ་འཁྱོལ་བ་གནང་དགོས་པ་ལས་ཕྱི་དངོས་པོའི་ཟང་ཟིང་དང། བུ་མོ་མཛེས་ཤིང་འཕོངས་མ་གཏོགས་མ་བཀབ་མཁན་དེ་ཚོ་གཟིགས་དུས་གང་བྱུང་མང་བྱུང་གནང་བ་དང་ཕྱིར་རང་དགོན་དུ་མ་ལོག་པའི་གནས་ཚུལ་བྱུང་ན་བོད་པ་ཚང་གི་ཞབས་འདྲེན་དང་། ༧རྒྱལ་བའི་དགོངས་པ་དཀྲུག་གཞི་ཡིན་པས་ཅིས་ཀྱང་གཟབ་ནན་གནང་རོགས་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན།།+



བརྗོད་གཞི་གཞན་ཁག་ལ་གཟིགས།