བཀྲས་མཐོང་ཁྱབ་བསྒྲགས་ཆེད་ལས་ཁུངས་གསར་འཛུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༨ཉིན། དང་བླངས་ན་གཞོན་མཐུན་ཚོགས་ཟེར་བས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐོར་ཁྱབ་བསྒྲགས་དང་གཞན་གྱིས་ཤེས་རྟོགས་ཡོང་ཆེད། བཞུགས་སྒར་དྷ་རམ་ས་ལ་གཙུག་ལག་ཁང་གི་ལམ་ཆེན་བསྟན་དབྱངས་ཇ་ཁང་གི་ཐོག་ཁར་ལས་ཁུངས་ཤིག་གསར་འཛུགས་བྱས་ཡོད་འདུག

འདི་གར་ན་གཞོན་དང་བླངས་ཚོགས་པས་བཏང་གནས་དེའི་ནང་། ཡང་དེ་རིང་དང་བླངས་ན་གཞོན་མཐུན་ཚོགས་པ་ནས་བཞུགས་སྒར་དྷ་རམ་ས་ལར་ཁོང་ལ་རྒྱབ་སྐྱོར་གྱི་བརྙན་པར་ཞིག www.kalontripa2011.org ཟེར་བའི་དྲ་རྒྱ་འདི་བརྒྱུད་ནས་དབུ་འབྱེད་བྱ་རྒྱུ་ཡིན་འདུག གོང་གསལ་དྲ་རྒྱ་དེ་ནི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ཆེད་དུ་བཟོས་པ་ཞིག་རེད་འདུག

གློག་བརྙན་དེའི་ནང༌། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས། ད་ལྟའི་དུས་ཚོད་འདིར། ཆོལ་ཁ་དང༌། ཆོས་ལུགས། ལུང་ཚན་སོགས་ལ་ཞེན་འཁོག་བྱེད་རྒྱུའི་དུས་ཚོད་མ་རེད་ཅེས་གསུངས་ཡོད་པ་རེད་ཟེར།

དང་བླངས་ན་གཞོན་མཐུན་ཚོགས་ཀྱི་ཚོགས་མི་ནི། རྒྱ་གར་དང༌། བལ་ཡུལ། ཨ་རི། ཁེ་ན་ཌ། ཡོ་རོབ་སོགས་ཀྱི་སློབ་མ། ལས་བྱེད་པ། ཆེད་ལས་པ་སོགས་ལས་གྲུབ་པ་ཞིག་ཡིན་འདུག ཡང་དེ་སྔོན་བོད་ཀྱི་མཛངས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་སོགས་ན་གཞོན་དང་བླངས་པ་ཁག་ཅིག་གིས། མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་ཆེད་དུའང༌། www.kalontripafortibet.org ཞེས་པའི་དྲ་རྒྱ་ཞིག་གསར་བཟོ་བྱས་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུ་སྐབས། ཁྱོན་འོས་མི་༦བདམས་ཐོན་བྱུང་ཡོད་པ་དང༌། ད་ལྟའི་ཆར་མཁས་དབང་བློ་བཟང་སེངྒེ་ལགས་དང༌། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྒྱལ་རྣམ་ལགས། །བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གསུམ་ལས། གཞན་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང༌།  སྐུར་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ། སྐུ་ངོ་བསོད་ནམས་སྟོབས་རྒྱལ་གསུམ་བཀའ་ཁྲིའི་འོས་མི་ལས་དགོངས་ཞུ་གནང་ཟིན་པ་རེད།

སྐབས་༣པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་གྲངས་༦ནང༌། དང་པོ། བློ་བཟང་སེངྒེ། འོས་གྲངས། ༢༢༤༨༩དང༌། གཉིས་པ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། འོས་གྲངས། ༡༢༣༡༩ གསུམ་པ། རྒྱ་རི་སྒྲོལ་མ། འོས་གྲངས། ༢༧༣༣ བཞི་པ། བཀྲ་ཤིས་དབང་འདུས། འོས་གྲངས། ༢༡༠༡ ལྔ་པ། བློ་བཟང་སྦྱིན་པ། འོས་གྲངས། ༡༥༤༥ དྲུག་པ། བསོད་ནམས་སྟོབས་རྒྱལ། འོས་གྲངས། ༦༠༥ བཅས་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (9)
༆།། རེད་ཡ་ད་ཡག་པོ་བྱེད་གྲསག་བྱུང་འདུག། ཡིན་ན་ཡོང་བོད་བཞེས་བྱེས་གཉིས་གྱི་རེ་བ་དང་ཡིད་ཆེས་ཚང་མ་ཡོད་ས་དེ་མཁས་དབང་བློ་བཟང་སེངྒེ་ལགས་ཡིན་པ་སྨོས་མ་དགོས་པ་ཞིག་རེད་འདུག་པའི་དེ་ལུགས་གི་ན་གཞོན་བུ་དང་བུ་མོ་ཚོའི་སོ་སོར་ལངས་ཕྱོགས་བསྟན་པོ་ཐོག་ནས་ཐུགས་བསམ་བཞེས་རོགས་ཞུ།། །།
ང་ཚོའི་ཐང་འདིའི་བཀའ་ཁྲི་འདེམས་རྒྱུ་ནི་ཆབ་སྲིད་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་ཞིག་ཡིན་པས། ང་ཚོས་དོན་དངོས་ཐོག་བོད་ཀྱི་མ་འོང་པའི་མདུན་ལམ་ལ་ཐུགས་བསམས་བཞེས་པ་ལས། ཕྱོགས་ལྷོང་གི་བསམ་བློ་དུས་ནམ་ཡང་ཁྱེར་མི་རུང་། ཕྱོགས་ལྷུང་གི་བསམ་བློ་འདིས་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཚད་འདི་ཙམ་ལ་བསྐྱལ་བ་ནམ་ཡང་བརྗེད་མི་རུང་། ད་དུང་ཕྱོགས་ལྷུང་ཅན་གྱི་བསམ་སྤྱོད་ལ་དུས་ནམ་ཡང་སྐྱོན་བལྟ་དགོས། དེ་ནི་ངའི་རེ་བ་དང་། བསམ་ཚུལ་ནི་མ་འོང་པའི་བཀའ་ཁྲི་དེ་དུས་རབ་ཉེར་གཅིག་པའི་སྐབས་འདིར་ང་ཚོ་བོད་ཀྱི་མདུན་ལམ་ཡང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐག་གཅོད་ཅིག་དགོས་པས། རྒྱལ་སྤྱིའི་ཁྲིམས་ལུགས་ལ་བྱང་ཆ་དང་གདེང་ཚོད་ཡོད་པ། སྤྱིར་ལོ་ན་གཞོན་པའི་མི་ལ་ལུས་སེམས་གང་ཅིའི་ཐད་གསོན་ཤུགས་ཡོད་པ་དང་། མ་འོང་བོད་ཀྱི་སྲིད་སྟེགས་སྟེང་མི་སྣ་གལ་ཆེན་ཞིག་འགྱུར་རྒྱུའི་རེ་བ་ཆེ་བས་ན་གཞོན་ཡིན་པ་ཞིག་དགོས། དེང་སང་རྒྱལ་སྤྱིའི་འགྲོས་དང་མཐུན་པར་རྒྱལ་ཁམ་གང་ཞིག་ཡིན་ཡང་གཞུང་ཞབས་མི་སྣ་དེར་ལོ་རྒྱས་ཐོག་ནག་ཐིག་མེད་པ་ཞིག་དགོས་པ་བཞིན་ང་ཚོའི་བཀའ་ཁྲིའང་དེ་མཚུངས་རྙོག་གླེང་གང་ཡང་མེད་མཁན་ཞིག་དགོས། འདི་ནི་ཧ་ཅང་གལ་ཆེན་ཞིག་སྟེ། སྤྱིར་མི་སྣ་གང་ཞིག་ཡིན་ཡང་རྩ་བའི་རང་བཞིན་དངས་གཙང་ཞིག་ཡིན་དགོས་པས་སོ།། བོད་རྒྱལ་ལོ།།
7 ༣༠༢༠༡༠༡༩༥༤
གང་ཡིན་ཡང་དུས་ཀྱི་མི་དམངས་དབུ་ཁྲིད་དེ་ལུས་ངག་ཡུད་གསུམ་བདེན་པ་དང་ལྷག་པར་དུ་འཛམ་གླིང་སྤྱིའི་འགྲོ་སྟང་དང་ལྷག་པར་དུ་ཁྲིམས་ལུགས་ལ་རྒྱས་ཡོད་དང་ཉམས་མྱོང་ཅན་ཞིག་གལ་ཆེ་བར་སྣང། གང་ཡིན་ཟེར་ན་ང་ཚོ་འཛམ་གླིང་རྒྱལ་སྤྱིའི་མཉམ་དུ་ལང་ཐབས་དང་འགྲོ་ཐབས་བྱེད་དགོས། དེའང་ཁྲིམས་ཀྱི་ཐོག་ནས་ལང་ཐབས་དང་འགྲོ་ཐབས་བྱེད་དགོས་དུས་ཉམས་མྱོང་ནང་ནས་ཁྲིམས་ལུགས་ཀྱི་ཉམས་མྱོང་དེ་གལ་ཧ་ཅང་ཆེ་བར་སྣང་ངོ།།
6 ༢༩༢༠༡༠༡༤༠༧
དྲ་རྒྱ་དོ་དམ་པ།
རྒྱ་ཆེའི་དྲ་རྒྱ་ཀློག་པ་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཞིག་ལ། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག བོད་གཞུང་སྐུ་ཚབ་དོན་གཅོད་ནས་རྩ་དགོངས་ཞུས་པ་ལས། བཀའ་བློན་ཁྲི་པའི་འོས་མི་ལས་དགོངས་པ་ཞུས་པ་ཞིག་རེད་མི་འདུག་པས། དེ་དོན་དགོངས་འཇགས་ཞུ། ཤམ་བྷ་ལའི་དྲ་རྒྱ་དོ་དམ་པས།
བཀའ་ཟུར་བཀྲིས་དབང་འདུས་ནི་བཙན་བྱོལ་བོད་གཞུང་གི་ས་རྒྱུས་ཆུ་རྒྱུས་ཡོད་པའི་ལོ་ན་དྲུག་ཅུ་རེ་གྲངས་ལ་དམའ་མཐར་སླེབས་ཟིན་པའི་བགྲེས་སོང་ཞིག་རེད། ད་ཆ་ཁོང་གི་དགོངས་ཞུ་ཕུལ་ཡོད་ན་དོན་དངོས་ཐོག་བསམ་བློ་སྤྱི་ཕན་ཞིག་གཏོང་ཡོད་ངེས་རེད། སྤྱི་ཚོགས་ནང་མི་འགས་ཁོང་ནི་མི་གཞན་གྱི་བཀོད་བསྒྲིགས་བྱས་པ་དང་ཁོང་དང་འདྲ་བའི་སྔོན་འགྲོའི་འོས་གཞིའི་ནང་འཕེབས་མཁན་མང་པོ་ཞིག་ལ་མ་ཉེས་ཁ་གཡོགས་བྱེད་ཀྱི་ཡོད་སྲོལ་འདུག ད་ཆ་ས་གཞི་རྡུལ་དག་དང་ནམ་མཁའ་གཡའ་དག་ཟེར་བའི་དཔེ་ལྟར་སྤྱི་ཚོགས་ཁྲོད་མི་དེ་ཚོར་ལན་ཞིག་གནང་སོང་ཡིད་རང་ཞུ་འོས་པ་ཞིག་འདུག མ་གཞི་བྱས་ན་བཀའ་ཤག་ལྷན་ཁང་ནང་ལོ་བཅོ་བརྒྱད་ལྷག་ཕྱག་ལས་གནང་མཁན་ཁོང་ལྟ་བུ་ཧ་ཅང་དཀོན་པ་དང་གཅིག་བྱས་ན་མེད་ཞེས་ཚིག་མཚམས་གཅོད་ནའང་མ་སྒྲིག་པ་མེད། ད་ཆ་དངོས་གཞིར་སླེབས་པའི་མི་གཉིས་ནི་ཕྱིར་འཐེན་ཟེར་བའི་ཐ་སྙད་གྲུབ་མེད་པ་རེད་གལ་སྲིད་གཅིག་དགོངས་པ་ཞུས་ན་གཅིག་བེད་མེད་དུ་གཏོང་རྒྱུ་ཡིན་པ་ཐག་གཅོད། དེར་བརྟེན་དགོངས་ཞུ་ཟེར་བའི་མིང་དེ་མེད་པར་འགྱུར་ཡོད། སྟབས་ལེགས་པ་ཞིག་ལ་ཁོང་གཉིས་སུ་ཡིནའང་བོད་དོན་ཐོག་ཉམས་མྱོང་ཡོད་ཟེར་མཁན་ཞིག་དང་ཡང་བོད་དོན་ཐད་མི་ཤེས་པའི་སྣ་མེད་ཟེར་བའི་མི་གཉིས་པོ་དེ་གཉིས་རེད། གང་ལྟར་ཁོང་གཉིས་ནས་གཅིག་ནི་བཀའ་ཁྲིར་འཁོར་རྒྱུ་ཕལ་ཆེར་ངེས་ཟིན་ཡོད། དེར་བརྟེན་ང་རང་ཚོའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་སྔ་བལྟས་ཕྱི་བལྟས་གཏོང་དགོས་པ་རེད། ད་ཆ་དེ་སྔ་དང་མི་འདྲ་བར་བསམ་བློ་རྙོགས་འཛིངས་ཚ་བོ་མེད་གང་ལ་ཟེར་ན། འོས་མི་མཁས་དབང་བློ་བཟང་སེངྒེ་དང་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་གཉིས་རེད། ཁོང་གཉིས་ཀྱི་ལོ་རྒྱུས་ལ་བསམ་བློ་གཏོང་རྒྱུ་དང་མཐའ་མའི་འོས་ཤོག་བླུགས་རྒྱུའི་ཉི་མོ་དེ་ངང་འགུགས་བྱེད་རྒྱུ་དེ་རེད། ཐུགས་རྗེ་ཆེ་བོད་རྒྱལ་ལོ།
4 ༢༨༢༠༡༠༡༩༤༤
Tenpa Nyima
ཨ་རོ་ཡིན་རྒྱུ་མ་རེད། བཀྲ་ཤིས་དབང་འདུས་དགོངས་པ་ག་དུས་ཞུས་ཡིན་ན། ཁོང་བཀའ་ཁྲི་དངོས་གཞིའི་འོས་བསྡུ་ལ་ཞུགས་ཀྱི་ཡིན་ཟེར་ནས་བྷི་རིལ་ཛི་དོན་གཅོད་ནས་དགོངས་ཞུ་བཏང་ཚར་བ་རེད་ད།
གདེང་ཚོད་དང་འཆར་གཞི་གང་ཡང་མེད་ཞེས་སྐད་གསང་ཐོན་པོའི་ངང་ནས་བསྒྲོགས་བཞིན་པའི་མི་རྒན་ཞིག་ལ་ད་དུང་རེ་བ་རྒྱབ་ནས་སྡད་ན་ངེད་ཅག་བོད་པ་ཚང་གི་རེ་བ་འགྲུབ་དུས་མེད་བཀའ་ཁྲི་ལངས་པ་ཆེས་མེད་དུ་མི་རུང་བ་ནི་འཆར་གཞི་དང་གདེངས་ཚོད་དེང་རབས་གི་ཤེས་ཡོན་གསུམ་ཡིན་པ་ཤེས་དགོས།
2 ༢༨༢༠༡༠༡༦༣༣
ན་གཞོན་དང་བླང་ཚོགས་པས་དམངས་གཙོའི་ལམ་སྲོལ་ལྟར་ཁྱབ་བསྒྲགས་དང་ལས་འགུལ་གྱི་ཆེད་ལས་ཁུངས་ཤིག་གསར་འཛུགས་གནང་བར་སྙིང་ནས་ཡི་རངས་དང་དགའ་བསུ་ཞུ། འོན་ཀྱང་ཆོལ་ཁ་དང་ཆོས་ལུགས།  ལུང་ཚན་མི་ཚན་གྱི་ཞེན་ཁོག་དང་གུ་དོག་པའི་བསམ་བློའི་དབང་དུ་མ་སོང་བར་མི་རིགས་དང་མི་རིགས་ཀྱི་བདེ་སྡུག་ཡིད་ལ་བཟུང་སྟེ་སྐབས་སུ་བབ་ལ། ལུགས་དང་མཐུན་པ། རྣམ་པ་གསར་ལ་དོན་སྙིང་ལྡན་པའི་ལས་འགུལ་རེ་སྤེལ་བར་ཞུ།།  དེ་ལས་གཞན་ཁས་མི་ལེན།།
ཤམ་བྷ་ལའི་ཕོ་ཉའི་ལས་བྱེད་པ་ཡོངས་ནས་ལས་དོན་དེའི་ཐོག་གསར་འགྱུར་བཀོད་ཆོག་ཐད་ཧ་ཅང་གི་གཙང་མ་དང་ཕྱོགས་ལྷུང་མེད་པའི་ཚད་མཐོའི་དམངས་གཙོའི་ལས་འགུལ་ནང་མཉམ་བཞུགས་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཕྱི་ལོ་2011ལོ་གསར་དུ་བཞད་པའི་དུས་བཟང་དང་སྟབས་བསྟུན་གྱི་མཚམས་འདྲི་བཀྲིས་བདེ་ལེགས་ལན་མང་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།