གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་བསམ་བློའི་སྐོར་བཀའ་སློབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༧ཉིན། སང་ལོའི་ཕྱི་ཟླ་༢པའི་ཚེས་༡༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མུམ་བྷེའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་ལ། ༼གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་བསམ་བློ་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་གཏན་ཁེལ་ཡོད་འདུག

དེ་ཡང་སྐད་གྲགས་ཆེ་བའི་རྒྱ་གར་གྱི་མུམ་བྷེ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སང་ལོའི་ཕྱི་ཟླ་༢པའི་ཚེས་༡༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་རིམ་སློབ་གཉེར་ཁང་དེའི་སློབ་མ་རྣམས་ལ། ༼གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་བསམ་བློ་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་གཏན་ཁེལ་ཡོད་ལུགས། མཐོ་རིམ་སློབ་གཉེར་ཁང་དེའི་འགན་འཛིན་མཁས་དབང་རཱ་ཇ་པཱལ་མཆོག་གིས་འགྲེལ་བརྗོད་གནང་འདུག གཞན་ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གཙུག་ལག་སློབ་གཉེར་ཁང་གི་ལས་བྱེད་པ་དང༌། སློབ་གཉེར་ཁང་གི་མཁས་དབང་སོགས་དང་མཇལ་འཕྲད་གནང་རྒྱུ་སོགས་མཛད་འཆར་མང་པོ་ཞིག་ཡོད་འདུག

གཞན་ཡང་འདི་ལོའི་ཕྱི་ཟླ་༡༡པའི་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཟླ་མིད་ཅ་ལི་ཨོ་བྷ་མ་ལགས་གཙུག་ལག་སློབ་གཉེར་ཁང་དེའི་ནང་གཟིགས་སྐོར་དུ་ཕེབས་ནས། སློབ་མ་རྣམས་ལ་གསུང་བཤད་གནང་ཡོད་པས་མ་ཚད། སློབ་གཉེར་ཁང་གི་དཔེ་མཛོད་ཁང་སོགས་ལའང་གཟིགས་སྐོར་གནང་ཡོད་པ་རེད། ད་ལྟའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཛད་བྲེལ་ཧ་ཅང་ཆེ་ཞིང༌། སང་ལོའི་ཕྱི་ཟླ་༢པའི་ནང་མུམ་བྷེ་རུ་ཆིབས་བསྒྱུར་མཛད་འཕྲིན་མ་སྐྱོང་གོང༌དུ། ཟླ་འདིའི་ཚེས་༣༠ཉིན་མགོན་པོ་གང་ཉིད་ཀྱིས་རྒྱ་གར་ཀེ་རི་ལ་མངའ་སྡེའི་ཝར་ཀ་ལར་ཞེས་པའི་ཧིན་དྷུའི་ཆོས་ལུགས་ཀྱི་དུས་སྟོན་དབུ་འབྱེད་གནང་རྒྱུ་དང༌།

ཡང་སང་ལོའི་ཕྱི་ཟླ་དང་པོའི་ཚེས་༩ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ། ལྡི་ལི་དེང་རབས་སློབ་གྲྭའི་ཚོགས་ཁང་དུ། ཏུའུ་སི་ཊ་ནང་ཆོས་གཅེས་སྐྱོང་ཁང་དབུ་བརྙེས་ནས་མི་ལོ་༣༠འཁོར་བའི་དུས་སྟོན་མཛད་སྒོའི་ཐོག་ཕེབས་ནས། གང་ཉིད་ཀྱིས་༼བདེ་སྐྱིད་ཀྱི་གནས་རིམ་འདྲ་མིན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་རེད།

གཞན་ཡང་སང་ལོའི་ཕྱི་ཟླ་ ༡ ཚེས་ ༡༢ ནས་ ༡༦ བར་ཉིན་གྲངས་ལྔའི་རིང་ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་ཝཱ་རཱ་ཎ་སཱིར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ་ཡིན་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།