ཚན་རིག་ནི་ཆོས་ལུཌ་གཏོར་རྐྱེན་བཟོ་མཁན་གཙོ་བོ་དེ་རེད་ཟེར།།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༡ཉིན། འཛམ་གླིང་ཞི་བདེ་ནི་སྨོན་ལམ་རྒྱག་ནས་ཡོང་རྒྱུ་ཞིག་མ་རེད། འཛམ་གླིང་ཞི་བདེ་ནི་ལག་ལེན་ལ་བརྟེན་ནས་ཡོང་དགོས་པ་ཞིག་རེད་ཅེས་འབྲས་ལྗོངས་སུ་སེམས་དང་སྲོག་གི་ཚན་རིག་ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་འདུག

དེ་ཡང་ཟླ་འདིའི་ཚེས་༢༠ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་ཕྱི་ཚེས་༢༣བར་ཚོགས་རྒྱུའི་རྒྱལ་སྤྱིའི་ཚན་རིག་པའི་༼ནང་སེམས་ཀྱི་ལྟ་གྲུབ་དང་དེང་དུས་ཚན་རིག་གཉིས་དབར་སྤྱི་ལ་སྨན་པའི་འབྲེལ་ལམ་ཇི་ཡོད་སྐོར་༽ཞེས་པའི་བརྗོད་གཞི་ཐོག ཚན་རིག་པའི་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོ་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

སྐབས་དེར་༧གོང་ས་མཆོག་གིས། ཚན་རིག་གི་ཐོག་ནས་ཕྱིའི་དངོས་པོ་ཡར་རྒྱས་ཟེར་བ་དེ་ཧ་ལས་པ་ཞིག་རེད། དེ་ལ་དངོས་གནས་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། འོན་ཀྱང་འགྲོ་བ་མིའི་ནང་སེམས་ཀྱི་ཚན་རིག་ཟེར་བ་དང༌། སེམས་ནང་གི་ཞི་བདེ་ཟེར་བ་ཧ་ཅང་ཆུང་ཆུང་ཆགས་བསྡད་ཡོད་པ་རེད།

འཛམ་གླིང་ཞི་བདེ་ཟེར་བ་དེ་སྨོན་ལམ་རྒྱག་ནས་ཡོང་རྒྱུ་དང་འགྲུབ་ཐུབ་རྒྱུ་ཞིག་མ་རེད། ཞེ་བདེ་ཟེར་བ་དེ་ང་ཚོའི་ལག་ལེན་ལ་བརྟེན་ནས་ཡོང་དགོས་པ་ཞིག་རེད། ལག་ལེན་ནི་སྨོན་ལམ་ལས་ཧ་ཅང་གལ་ཆེ་བ་ཡོད་པ་རེད་ཅེས་བཀའ་གནང་འདུག

ཡང་༧གོང་ས་མཆོག་གིས་ངོས་རང་བྱིས་པའི་དུས་ནས་ཚན་རིག་དང་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དོ་དབྱིངས་ཆེན་པོ་ཡོད་པ་ཞིག་ཡིན། དེ་བཞིན་དེང་རབས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླེང་འཚོགས་རྒྱུ་དེ་ནི་ཕན་ཚུན་བློ་སྐྱེད་ཐོབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། འདིར་ཚོགས་བཞིན་པའི་བགྲོ་གླེང་འདི་ལྟར་ང་ཚོ་བོད་མིའི་དགོན་སྡེ་ཁག་ནས་དགེ་འདུན་པ་ཁག་གཅིག་བསྡུས་ཏེ་ཚན་རིག་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོས་བོད་ཡིག་ཐོག་ཚན་རིག་སྐོར་བསྒྱུར་ཏེ་སློབ་དེབ་ཅིག་ཀྱང་པར་སྐྲུན་བྱས་ཟིན་ཡོད །

ལོ་བཞི་བཅུའི་གོང་ལ་ཨ་རི་བ་ནང་པའི་གྲོགས་པོ་ཁག་གཅིག་གིས་དེང་རབས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླེང་དང་གྲོས་བསྡུར་བྱེད་སྐབས་གཟབ་གཟབ་བྱེད་དགོས་པ་ཡིན། ཚན་རིག་ནི་ཆོས་ལུགས་གཏོར་རྐྱེན་བཟོ་མཁན་གཙོ་བོ་དེ་རེད།   ཅེས་བརྗོད་བྱུང་བར་ངོས་ཀྱི་བསམ་བློ་ཡང་ཡང་གཏོང་སྐབས་ནང་ཆོས་ནི་ཀླུ་སྒྲུབ་ཡབ་སྲས་སོགས་ནཱ་ལེན་དྲའི་མཁས་དབང་རྣམས་ཀྱིས་བརྟག་ཅིང་དཔྱད་པའི་ཐོག་ནས་གནད་དོན་དངོས་གང་ཡིན་གཏན་ལ་ཕབ་པ་གཅིག་རེད་ཅེས་བཀའ་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བསྡུ་སྒྲིག་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།