བོད་ནས་གསར་དུ་འབྱོར་བའི་ཆབ་སྲིད་ལས་འགུལ་བ་གསུམ་ངོ་སྤྲོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༨ཉིན། དེ་རིང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག ཉེ་ཆར་དྷ་སར་འབྱོར་བའི་ཁམས་སྡེ་དགེ་ནས་ཡིན་པའི་ཆབ་སྲིད་ལས་འགུལ་བ་གསུམ་གསར་འགོད་པ་རྣམས་ལ་ངོ་སྤྲོད་གནང་སོང༌།

དེ་ཡང་ཐོག་མར་གསར་འགོད་ལྷན་ཚོགས་ཐོག བོད་ཀྱི་འགྲོ་བ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགན་འཛིན་དབུ་རྒྱན་བསྟན་འཛིན་ལགས་ཀྱིས། ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་ཁམས་སྡེ་དགེ་ནས་ཡིན་པའི་ཆབ་སྲིད་ལས་འགུལ་བ། བློ་བཟང་ནོར་བུ་ལགས་དང༌། མཁས་གྲུབ་རྒྱ་མཚོ་ལགས། ཀུན་དགའ་རིན་ཆེན་ལགས་བཅས་ཀྱིས་དེ་སྔོན་བོད་ནང་དུ་ལས་འགུལ་ཇི་ལྟར་སྤེལ་མིན་སོགས་བཙན་བྱོལ་བོད་མིའི་གསར་འགོད་པར་ངོ་སྤྲོད་དང༌། ཁོང་ཚོ་གསུམ་པོའི་ནང་ནས་བློ་བཟང་ནོར་བུ་ལགས་ཀྱིས། ཁོང་ཚོས་དེ་སྔོན་ལས་འགུལ་ཇི་ལྟར་སྤེལ་མིན་དང༌། ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན། གཞན་ཡང་ཁམས་སྡེ་དགེ་དང་དཀར་མཛེས་སོགས་སུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཇི་ལྟར་བྱས་མིན། རྒྱ་ནག་གིས་བོད་མི་རྣམས་ལ་མནར་གཅོད་ཇི་ལྟར་བཏང་ཚུལ། ཁོང་གསུམ་པོ་རི་ལ་བྲོས་བྱོལ་དུ་ཕྱིན་སྐབས། ཁོང་ཚོའི་ཕ་མ་གསུམ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་འོག མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས། བློ་བཟང་ནོར་བུ་ཁོང་རང་ཉིད་ཀྱི་ཨ་ཕ་གློད་ནས་ཉིན་༢ལས་མ་ཕྱིན་པ་གྲོངས་སོང་ཚུལ་སོགས། བརྒྱུད་རིམ་ཆ་ཚང་ཞིག་འགྲེལ་བརྗོད་གནང་སོང་བས་མ་ཚད། གཞན་ཡང་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་ཡང་གནང་སོང༌།

གསར་འགོད་གསལ་བསྒྲགས་གྲུབ་མཚམས་སུ། བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གསུམ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས་ཁོང་གསུམ་པོར་མཇལ་དར་ཡང་སྒྲོན་སོང་། ཁོང་གསུམ་པོའི་ཞིབ་ཕྲའི་གནས་ཚུལ་འདི་ནས་གཟིགས་རོགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཁྱེད་རྣམ་པ་གསུམ་འོ་རྒྱལ་རྣམ་པ་གསུམ་གྱིས་རང་མི་རིགས་ཀྱི་དཀའ་ངལ་དང་འགན་འཁྲིད་ངོ་ཤེས་པའི་ཐོག་ནས་ཕྱག་ལས་དེ་ལྟར་གནང་བར་སེམས་དབུས་ནས་བཀྲིན་ཆེ་ཞུ་རྒྱུ་དང་རྣམ་པ་གསུམ་ནི་གྲྭ་པ་བྱས་པའི་དོན་གོ་ཆོད་འདུག གང་རེད་ཞུས་ན་གྲྭཔ་བྱས་པའི་དོན་གོ་ནི་སྤྱི་པའི་དོན་དུ་ལུས་ངག་གི་བྱ་སྤྱོད་ཐོག་ནས་མདུན་མཆོང་བྱེད་ཐུབ་མཁན་ཞིག་དང་ཡང་ན་རྫས་སྔགས་ཏིང་ངེ་འཛིན་སྒོ་ནས་མི་མང་ལ་ཕན་ཐོག་པ་ཞིག་དགོས་དེ་མ་བྱུང་ཕྱིན་ཆད་བོད་མི་རིགས་ཉམ་ས་རྒུད་འགྲོ་རྒྱུ་ལས་ཡིད་རང་བྱ་ཡུལ་གྱི་མཛད་སྤྱོད་གང་ཡང་མིན་དེ་སྐྱ་སེར་ཚང་མས་ཤེས་དགོས་རྒྱུའི་གནད་གལ་ཆེན་ཡིན།
ཁྱེད་ཚོས་ང་ཚོ་བོད་པ་མི་རིགས་ཀྱི་དཀའ་ངལ་འཛམ་གླིང་ལ་བསྐྱལ་བ་ལ་དགའ་བསུ་ཞུ་གྲོགས་པོ་ཚོ།



བརྗོད་གཞི་གཞན་ཁག་ལ་གཟིགས།