ཀུ་ཤུ་རྟགས་ཅན་བཟོ་གྲྭའི་རྒྱབ་སྐྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༢༥ཉིན། ཉེ་ཆར་གསར་དུ་ཐོན་པའི་ཀུ་ཤུ་རྟགས་ཅན་གྱི་ལག་འཛིན་ཁ་པར་དང་ལག་དེབ་གློག་ཀླད་སོགས་བོད་ཡིག་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་པ་བཟོས་འདུག་པ་དང་། འདི་ནི་གྲྭ་སྨོན་ལམ་ལགས་ལ་མཚོན་ན་མདུན་སྐྱོད་ཀྱི་གོམ་ཆུང་ཞིག་དང་། བོད་ཡིག་ལ་མཚོན་ན་འཕར་མཆོང་ཆེན་པོ་ཞིག་རེད་ཟེར།

དེ་ཡང་ཉེ་ཆར་གསར་དུ་ཐོན་པའི་ཀུ་ཤུ་རྟགས་ཅན་གྱི་ལག་འཛིན་ཁ་པར་དང་ལག་དེབ་གློག་ཀླད་སོགས་བོད་ཡིག་ཐོག་ནས་བཀོལ་སྐྱོད་ཆོག་པ་བཟོས་འདུག་པ་དང་། ཕྱི་ལོ་༢༠༠༥ལོར་བོད་ཀྱི་གདན་ས་ཆེན་པོ་སེ་ར་ནས་ཡིན་པའི་དགེ་འདུན་པ་བློ་བཟང་སྨོན་ལམ་ལགས་ཀྱིས་གསར་བཟོ་བྱས་པའི་རྒྱལ་སྤྱིའི་ཨང་སྒྲིག་ཅན་གྱི་བོད་ཡིག་དེ་ད་ལྟ་འཛམ་གླིང་གི་མི་གྲངས་ས་ཡ་མང་པོས་བཀོལ་སྤྱོད་བྱེད་བཞིན་ཡོད།

སྨོན་ལམ་བོད་ཡིག་ལེགས་འགྲུབ་བྱུང་བའི་ཉིན་མོར་ཁོང་གིས། དེ་རིང་བར་དུ་ང་ཚོས་གློག་འཕྲིན་ནང་དུ་བོད་ཡིག་གཏོང་སྐབས་ཐོག་མར་བོར་ཌའི(world document)ནང་དུ་ཡི་གེ་བྲིས་རྗེས་གཞི་ནས་གློག་འཕྲིན་དུ་གཏོང་གི་ཡོད་ཀྱང་། རྗེས་ཕྱོགས་ནས་བོད་ཡིག་ཐོག་ནས་ཐད་ཀར་གློག་འཕྲིན་གཏོང་བ་དང་ཡིག་ཐོག་ནས་ཁ་བརྡ་བྱས་ཆོག་ཅེས་འགྲེལ་བརྗོད་གནང་འདུག

འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཀུ་ཤུ་རྟགས་ཅན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་(Iphone)དང་ལག་དེབ་གློག་ཀླད( ipad) ཨེ་ཕོ་ཌའི་ཊ་ཆའི(ipod Touch), ཨེ་ཨོ་སའི་(iOs 4.2)བཅས་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ཅན་གྱི་བོད་ཡིག་གི་ཐོག་ནས་བཀོལ་སྤྱོད་ཆ་ཚང་ཐུབ་ཀྱི་ཡོིད། དེའི་སྐོར་དབུས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བརྗོད་དོན། འདི་ནི་གྲྭ་སྨོན་ལམ་ལགས་ལ་མཚོན་ན་མདུན་སྐྱོད་ཀྱི་གོམ་ཆུང་ཞིག་ཡིན་ལ། བོད་ཡིག་ལ་མཚོན་ན་འཕར་མཆོང་ཆེན་པོ་ཞིག་རེད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
6 ༡༣༢༠༡༡༡༩༡༨
འདི་ནས་ངས་རང་གི་ངོས་ནས་དཔེ་དགའ་ཚོར་ཆེན་པོ་བྱུང་ལ། དེ་ག་ནམ་བཞིན་བོད་རིགས་སྤུན་ཟླ་གཞན་པ་ཚོར་ཡང་ང་དང་གཅིག་མཚུངས་ཡིན་པ་ཡིད་ཆེས་བརྟན་པོ་ཡོད།
དེའི་རྒྱུ་མཚན་ནི། མི་སུ་དང་སུ་ཡིན་ན་སོ་སོའི་སྐད་དང་རིག་གཞུང་དེ་ཡང་འཛམ་བུ་གླིང་འདི་ཡིས་སྒང་ལ། སྐད་ཡིག་གཞན་དང་གཅིག་མཚུངས་ལྟར་བེད་སྤྱོད་བྱེད་ཐུབ་པ་བྱུང་དུས་་དགའ་དང་དགའ། གལ་སྲིད་དེ་ལ་མི་དགའ་མཁན་ཞིག་ཡོད་ན། དེ་ན་ཧ་ཅང་ཀླད་མེད་ཞིག་ཡིན་པ་སྨོས་ཅི་དགོས།
5 ༢༧༢༠༡༠༡༥༥༢
ནར་མ་སོན་པའིབོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་་རྒྱ་ཆེ་་རུ་བཏང་བ་འདི་ང་ལ་མཚོན་ན་ཆེས་དགའ་འོས་པ་ཞིག་རེད།། འོན་ཀྱང་རིན་གོང་མཐོ་བའི་དངོས་པོ་ལག་ཏུ་འབྱོར་དཀའ་མོ་རེད།། ངའི་རེ་བ་ཡིན་ན་འང་འདྲ་རྨི་ལམ་ཡིན་ཡང་ཆོག གང་ལྟར་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུཁྱབ་རྒྱ་ཆེ་བའི་ལག་འཛིན་ཁ་པར་ནོའུ་ཀེའེ་ཡའ་nokiaལྟ་བུའི་ནང་དུབོད་ཡིག་བཅུག་་ཐུབ་ན་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད་རེད།། སྐུ་ཞབས་བློ་བཟང་སྨོན་ལམ་གཙོས་པའི་ཆེད་མཁས་ཉམས་མྱོང་ཅན་དང་།།  འབྲེལ་ཡོད་ཆོགས་སྡེ་ཁག་གིས་ལས་འགུལ་ཞིག་དང་།། ལྷག་པར་བཀའ་ཤག་གསར་པའི་ལོ་ལྔའི་ལས་རིམ་གྱི་འཆར་གཞི་ནང་དུ་ཚུད་ཐུབ་པའི་རེ་བ་དང་སྨོན་ལམ་ཁྲི་སྟོང་ཡོད།།
ཕུལ་བྱུང་གི་མཛད་རྗེས་རེད། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སྨོན་ལམ་མཛད་རྗེས་རི་བོའི་པང་ལས་མཐོ། །
སྨོན་ལམ་མཛད་རྗེས་ཆུ་བོའི་རྒྱུན་ལས་རིང་། །
སྨོན་ལམ་ལྷག་བསམ་ཏེ་སེ་གངས་ལས་དཀར། །
སྨོན་ལམ་སྙིང་སྟོབས་རྒྱ་མཚོ་ལས་ཀྱང་ཟབ། །
སྨོན་ལམ་བརྩོན་པ་ཆུ་བོའི་རླབས་ལྟར་འཕྱོ། །
2 ༢༦༢༠༡༠༠༩༥༣
བོད་ཡིག་མི་ཉམས་པར་ཤོག
གཏམ་སྙན་མོ་རེད། རྟེན་འབྲེལ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།