ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ཡིག་གི་དུས་དེབ་ཤིག་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡༧ཉིན། ཟླ་འདིའི་ཚེས་༡༦ཉིན་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས་རྒྱ་ཡིག་གི་དུས་དེབ་༼ཟླ་གསུམ་དུས་དེབ་ཀུན་གསལ་འོད་སྣང་༽ཞེས་པའི་དུས་དེབ་ཅིག་དཔར་སྐྲུན་དང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་དོན་གཅོད་ལས་ཁུངས་ཀྱི་འཛིན་ཁང་ནང་ཚོགས་ཡོད་འདུག

དུས་དེབ་དེར་དེ་སྔོན་༧གོང་ས་མཆོག་གིས་༼ཀུན་གསལ་འོད་སྣང་༽ཞེས་མིང་བསྩལ་གནང་མཛད་པ་ཞིག་རེད་འདུག་ལ། དུས་དེབ་འདི་འདྲ་ཞིག་འདོན་སྤེལ་གནང་དགོས་པའི་དམིགས་ཡུལ་ནི།  གཙོ་བོ་ཐེ་ཝན་ནང་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་གྲུབ་མཐའ་དང༌། བོད་མིའི་རྒྱལ་རབས། མཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་སོགས་ངོ་སྤྲོད་དང༌། དམིགས་བསལ་དེ་སྔོན་ཐེ་ཝན་ནང་བོད་ཀྱི་ནང་ཆོས་ལ་ལོག་འགྲེལ་དང༌། ཚུལ་མིན་གྱི་བྱ་སྤྱོད་སྤེལ་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། དུས་དེབ་གསར་དུ་འདོན་སྤེལ་ཞུས་པ་བརྒྱུད་བོད་ཀྱི་ནང་ཆོས་དང༌། རིག་གཞུང་སོགས་དངོས་དོན་གསལ་བཤད་དང་ངོ་སྤྲོད་ཞུ་ཡིན་ཞེས་གསུངས་འདུག

དུས་དེབ་འདིར་ཁྱོན་ཤོག་གྲངས་ ༤༨ ཡོད་ཅིང༌། ནང་དོན་གཙོ་བོ་ྋགོང་ས་མཆོག་གི་བཀའ་སློབ་དང༌། རིས་མེད་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པས་བོད་ཀྱི་ནང་ཆོས་ངོ་སྤྲོད་གནང་བའི་ནང་དོན། བོད་ཀྱི་ཆོས་འབྱུང༌། བོད་ཀྱི་ནང་ཆོས་ཐེ་ཝན་དུ་དར་ཁྱབ། བོད་ཀྱི་གལ་ཆེའི་མི་སྣ་དང་དེའི་མཛད་པ་ངོ་སྤྲོད། བོད་ཀྱི་ནང་ཆོས་གླེང་སྟེགས། བོད་དོན་གསར་འགྱུར། གནས་ཚུལ་གཞན་སོགས་ལེ་ཚན་ཆེ་ཁག་དགུ་ཡོད་འདུག

མ་འོངས་དུས་དེབ་དེ་ཟླ་གསུམ་རེའི་མཚམས་སུ་ཐེངས་རེར་འདོན་འཆར་དང༌། ཐེངས་འདིར་དུས་དེབ་གྲངས་ ༧༠༠༠ ཐམ་པ་དཔར་སྐྲུན་ཞུས་ཡོད་པ་དང༌། དུས་དེབ་དེ་མ་འོངས་ནང་པའི་ཆོས་ཚོགས་ཁག་དང༌། དཔེ་མཛོད་ཁང༌། དད་ལྡན་ནང་པ་བཅས་ལ་རིན་མེད་རིན་མེད་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༨༢༠༡༠༡༨༤༠
དུས་དེབ་དེ་འདྲ་ཞིག་གལ་ཏེ་སྐམ་ས་ཆེན་པོར་མགྱོགས་མྱུར་འགྲེམ་སྤེལ་ཐུབ་ཚེ་ཅི་མ་རུང་།
2 ༡༨༢༠༡༠༠༩༤༩
དྲ་རྒྱ་དོ་དམ་པ།
དུས་དེབ་འདི་རྒྱ་ནག་སྐམ་ས་ཆེན་པོར་དཔར་སྐྲུན་དང་འགྲེམས་སྤེལ་བྱ་རྒྱུར་དམིགས་བསལ་གང་ཡང་བརྗོད་མི་འདུག འོན་ཀྱང་དེབ་མང་པོ་དེ་འདྲ་ཞིག་དཔར་སྐྲུན་བྱས་དུས་ག་ལེ་ག་ལེར་རྒྱ་ནག་ནང་ལའང་མང་པོ་ཞིག་སླེབས་སྲིད་པ་ཞིག་རེད་སྙམ།
1 ༡༨༢༠༡༠༠༩༢༧
དུས་དེབ་འདི་རྒྱ་ནག་སྐམ་ས་ཆེན་པོར་ཡོད་དམ།



བརྗོད་གཞི་གཞན་ཁག་ལ་གཟིགས།