དགོངས་ཚུལ།

བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༢ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གིས། སྐབས་༣ པའི་བཀའ་བློན་ཁྲི་པ་དང༌། སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་སོང༌།

ཐེངས་འདིར་དབུས་འོས་བསྡུ་ལྷན་ཁང་གིས། བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་གྲངས་༦དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་ཁག་༥དང༌། ཡོ་རོབ་དང་བྱང་ཨ་རི་བཅས་ཀྱི་ཆེད་སྔོན་འགྲོའི་འོས་མི་གྲངས་༡༠རེར། ཆོལ་ཁ་རེར་འོས་མི་གྲངས་༥༠ཐམ་པ་རེར་བཏོན་གནང་འདུག

སྐབས་༣པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་གྲངས་༦ནང༌། དང་པོ། བློ་བཟང་སེངྒེ། འོས་གྲངས། ༢༢༤༨༩དང༌། གཉིས་པ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། འོས་གྲངས། ༡༢༣༡༩ གསུམ་པ། རྒྱ་རི་སྒྲོལ་མ། འོས་གྲངས། ༢༧༣༣ བཞི་པ། བཀྲ་ཤིས་དབང་འདུས། འོས་གྲངས། ༢༡༠༡ ལྔ་པ། བློ་བཟང་སྦྱིན་པ། འོས་གྲངས། ༡༥༤༥ དྲུག་པ། བསོད་རྣམ་སྟོབས་རྒྱལ། འོས་གྲངས། ༦༠༥ བཅས་རེད་འདུག

ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེད། དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་༧༩༠༠༠ལྷག་ཙམ་ནང༌། སྔོན་འགྲོའི་སྐབས་སུ་དངོས་སུ་འོས་ཤོག་འཕེན་མཁན་མི་གྲངས། ༤༧༠༠༠ ཙམ་བྱུང་ཡོད་པ་དེས་ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་གྲངས་ལོངས་ཚད་དེ་བརྒྱ་ཆ་༦༥ལས་བརྒལ་ཡོད་པ་རེད། འོས་ཀྱང་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩིས་མེད་ཕྱིན་པའི་ཁྱོན་མི་གྲངས། ༡༠༡༩བྱུང་ཡོད་འདུག

བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དེ་འཛམ་གླིང་གི་རྒྱལ་ཁབ་རྒྱ་བལ་འབྲུམ་གསུམ་དང༌། ཡོ་རོབ། བྱང་ཨ་རིར་ལ་སོགས་པའི་ཁྱོན་ས་གནས་གྲངས་༥༧ནང་འོས་བསྡུ་བྱས་ཡོད་པའི་ནང༌། བལ་ཡུལ་ས་གནས་ཁག་༦ནང་ས་གནས་ཁག་༢ཀྱི་འོས་སྒམ་༡༨བལ་གཞུང་གིས་བཙན་འཕྲོག་བྱས་ཡོད་པ་རེད། སྤྱིར་དང་ཐོག་བལ་ཡུལ་དུ་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་༡༡༦༢༠ བྱུང་ཡོད་ནའང༌། འཕྲོ་བརླག་མ་ཕྱིན་པའི་འོས་ཤོག་གྲངས་༣༦༢༣ལས་མེད་པ་རེད།

ཡང་འབྲུག་ཡུལ་དུ་བོད་མིའི་གཞིས་ཆགས་ཁག་༧ ནང་དེབ་སྐྱེལ་བྱས་པའི་མི་གྲངས་༡༠༩༧དང༌། དངོས་སུ་འོས་ཤོག་འཕེན་པ་གྲངས་༦༡༣བྱུང་ཡོད་པ་དེ་འབྲུག་གཞུང་གིས་བཀག་འགོག་བྱས་ནས་འཕྲོ་བརླག་ཏུ་ཕྱིན་ཡོད་པ་རེད།

ཆོལ་ཁ་དང་ཆོས་ལུགས་བྱང་ཨ་རི་ཡོ་རོབ་བཅས་ཀྱི་འོས་མི་དང་། འོས་གྲངས། ཨང་རིམ་བཅས་ནི་འདི་ལྟར་རེད་འདུག

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་ཆོལ་ཁའི་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། མངའ་རིས། ལྡི་ལི། ༨༦༥༥

༢ པདྨ་འབྱུང་གནས། སྟོད་རུ་ཐོག རྡ་ས་འམ་སྡེ་ར་ལྡུན། ༧༥༢༥

༣ སྒྲོལ་མ་ཚེ་རིང༌། བྲག་སྣེ། རྡ་ས། ༧༤༤༦

༤ ཀརྨ་ཡེ་ཤེས། ས་སྐྱ། རྡ་ས། ༧༢༧༦

༥ ཟླ་བ་ཚེ་རིང༌། སྟོད་ར་ཆུ། རྡ་ས། ༦༦༦༢

༦ བོུ་ཚེ་རིང༌། ཀོང་པོ། རྡ་ས། ༦༢༤༦

༧ ཟླ་བ་ཕུན་སྐྱིད། གཙང་གམ་པ། རྡ་ས། ༦༠༧༥

༨ ཚེ་བརྟན་ནོར་བུ། འབྲོག་སྨད། བལ་ཡུལ། ༥༧༡༧

༩ འཇིགས་མེད་འབྱུང་གནས། སྟོད་རུ་ཐོག སྦེལ་ཀོབ། ༥༣༧༢

༡༠ ཨོ་རྒྱན་བསྟན་འཛིན། གཙང་རྡོ་ཆེན། རྡ་ས། ༤༧༠༣

༡༡ འཇམ་དབྱངས་རྡོ་རྗེ། འཕན་པོ། བལ་ཡུལ། ༤༥༥༢

༡༢ ངག་དབང་ལྷ་མོ། སྟོད་དིང་རི། རྡ་ས། ༤༠༣༤

༡༣ སྒོ་དྲུག་སྐལ་བཟང་ཕུན་ཚོགས། སྟོད་ཡོན་གདོང༌། རྡ་ས། ༣༩༢༧

༡༤ དགེ་བཤེས་སྐལ་བཟང་དགྲ་འདུལ། མཚོ་སྣ། རྡ་ས། ༣༨༥༩

༡༥ ཤར་གླིང་བསྟན་འཛིན་ཟླ་སྒྲོན། གཙང་འགྲུམ་པ། རྡ་ས། ༣༦༤༨

༡༦ ཚེ་རིང་སྒྲོལ་མ། ་་་་་་ཁ་གཙང༌། ར་ཇི་སྤུར། ༢༦༧༦

༡༧ འཆི་མེད་གཡུང་དྲུང༌། མངའ་རིས། རྡ་ས། ༢༤༨༥

༡༨ བསོད་ནམས་བཟང་པོ། ཆོས་μྣང༌། བལ་ཡུལ། ༢༢༤༡

༡༩ བྱ་ཉང་ཚེ་རིང་ལྷ་སྐྱབས། རྒྱལ་རྩེ། སྦེལ་ཀོབ། ༢༠༤༦

༢༠ སྨན་རམས་པདྨ་རྡོ་རྗེ། ལྷོ་བྲག རྡ་ས། ༡༨༤༠

༢༡ བསམ་གཏན་ཆོས་སྒྲོན། སྤུ་ཧྲེང༌། སྦེལ་ཀོབ། ༡༧༧༦

༢༢ དགེ་བཤེས་ངག་དབང་དཔལ་ལྡན། ཀོང་པོ། སྦེལ་ཀོབ། ༡༧༠༧

༢༣ སྐལ་བཟང་གཡུ་སྒྲོན། མངའ་རིས། རྡ་ས། ༡༥༠༩

༢༤ ཚེ་རིང་དོན་གྲུབ། རྒྱལ་རྩེ། སྡེ་ར་ལྡུན། ༡༤༤༨

༢༥ རིན་ཆེན་ཚེ་རིང༌། མདུན་ཆུ། སྡེ་ར་ལྡུན། ༡༤༢༠

༢༦ བཀྲིས་སྒྲོལ་མ། གཉའ་ནང༌། སྡེ་ར་ལྡུན། ༡༤༠༤

༢༧ ཚེ་བརྟན་དབང་ཕྱུག མངའ་རིས། ལ་དྭགས། ༡༢༤༡

༢༨ ཚེ་དབང་བསོད་ནམས། གཞུང་པ། ཀོ་ལེ་གྷལ། ༡༡༩༦

༢༩ ཚེ་དབང་ནོར་བུ། སྐྱིད་གྲོང༌། མོན་གྷོ། ༡༡༨༨

༣༠ ཚེ་དབང་རྡོ་རྗེ། པད་བཀོད། སྦེལ་ཀོབ། ༡༡༧༠

༣༡ ཐར་ལམ་སྒྲོལ་མ། ཀོང་པོ། མོན་གྷོ། ༡༠༨༩

༣༢ བློ་བཟང་རྡོ་རྗེ། མངའ་རིས། སྦེལ་ཀོབ། ༡༠༧༦

༣༣ བསྟན་འཛིན་སྒྲོལ་མ། སྐྱིད་གྲོང༌། རྡ་ས། ༡༠༦༥

༣༤ བསོད་ནམས་ཚེ་རིང༌། སྟོད་འབའ་བ། རྡ་ས། ༡༠༠༩

༣༥ འཕན་པོ་རྒྱལ་མཚན། འཕན་པོ། བལ་ཡུལ། ༩༨༤

༣༦ ཤེར་ཝ་འཆི་མེད་ཚེ་རིང༌། སྟོད་བཅུང་ཚོམ་བུ་ལུང༌། མ་སུ་རི། ༨༨༩

༣༧ ཉི་མ་བསམ་མཁར། གཞུང་ཞབས། རུ་འཐོར། བལ་ཡུལ། ༨༥༦

༣༨ ཚུལ་ཁྲིམས་ཆོས་འཕེལ། རྒྱལ་རྩེ། རྡ་ས། ༨༥༥

༣༩ བཀྲིས་ཕུན་ཚོགས། ནུབ་ལུང༌། བལ་ཡུལ། ༨༢༠

༤༠ རྟ་མགྲིན་ཆོས་དར། རུ་ཐོག ལ་དྭགས། ༧༩༤

༤༡ འཇིགས་མེད་བཀྲིས། ར་བང༌། ལ་དྭགས། ༧༩༠

༤༢ བསོད་ནམས་སྟོབས་རྒྱལ། འབྲོང་པ་བར་གཡང༌། བལ་ཡུལ། ༧༧༦

༤༣ ཁྱུ་གསར་དངོས་གྲུབ་དཔལ་ལྡན། རྒྱལ་རྩེ། སྦེལ་ཀོབ། ༧༦༢

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༤༤ ཐུབ་བསྟན་ཚེ་རིང༌། པད་བཀོད། མེའོ། ༧༠༩

༤༥ བཀྲིས་རྡོ་རྗེ། μྣང་ཁ། བལ་ཡུལ། ༦༦༠

༤༦ ཀརྨ་སེང་གེ། ར་བང༌། ལ་དྭགས། ༦༤༡

༤༧ སྨན་པ་ཐོགས་མེད། མངའ་རིས། རྡ་ས། ༥༩༢

༤༨ ཚེ་རིང་ནོར་བུ། དིང་རི། སྡེ་ར་ལྡུན། ༥༧༦

༤༩ པ་སངས་ཆོས་འབྱོར། མཚོ་སྣ། སྡེ་ར་ལྡུན། ༤༦༦

༥༠ རྒྱལ་ནོར་ཚེ་དབང༌། རྒྱལ་ནོར། བལ་ཡུལ། ༤༥༠

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྟོད་ཆོལ་ཁའི་ཁོངས་་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ འབའ་བ་སྐལ་བཟང་རྒྱལ་མཚན། འབའ་བ། རྡ་ས། ༦༦༦༩

༢ འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྡེ་དགེ རྡ་ས། ༦༠༡༡

༣ གསེར་རྟ་ཚུལ་ཁྲིམས། གསེར་རྟ། རྡ་ས། ༥༧༠༠

༤ ཚུལ་ཁྲིམས་བསྟན་འཛིན། དཀར་མཛེས། སྦིར། ༤༠༦༡

༥ བཀྲིས་དབང་འདུས། སྦྲ་ཆེན། སྦེལ་ཀོབ། ༣༤༡༣

༦ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ཁྱུང་པོ། བལ་ཡུལ། ༣༢༤༢

༧ དབུ་དཀར་ཚང་གཡུ་སྒྲོན། ཆབ་མདོ། ལྡི་ལི་ ༣༡༠༥

༨ གངས་ལྷ་མོ། བྲག་གཡབ། རྡ་ས། ༣༠༧༦

༩ ཆོས་སྐྱོང་དབང་ཕྱུག སྒ་པ། ལྡི་ལི་ ༢༧༨༨

༡༠ བློ་བཟང་ཡེ་ཤེས། ཚ་རོང༌། སྦེལ་ཀོབ། ༢༦༨༣

༡༡ རྡོ་རྗེ་དབང་འདུས། ལི་ཐང༌། ལྡི་ལི་ ༢༡༠༠

༡༢ འཇམ་འབྱངས་བཟོད་པ། ལི་ཐང༌། རྡ་ས། ༢༠༠༧

༡༣ བསྟན་འཛིན་ནོར་བུ། ཏྲེ་ཧོར། རྡ་ས། ༡༩༢༦

༡༤ སྒ་པ་ལྷ་མོ། སྒ་པ། སྡེ་ར་ལྡུན། ༡༧༧༣

༡༥ སྨར་ཁམས་ཆོས་འཕེལ། སྨར་ཁམས། སྦེལ་ཀོབ། ༡༦༦༡

༡༦ ཆོས་འཕེལ་ཐུབ་བསྟན། འབའ་བ། སྦེང་ལོར། ༡༤༨༩

༡༧ པདྨ་བདེ་ལེགས། གླིང་ཚང༌། སྦེལ་ཀོབ། ༡༣༦༤

༡༨ དབྱངས་ཅན་སྒྲོལ་དཀར། སྡེ་དགེ ཤི་ལོང༌། ༡༣༢༧

༡༩ གྲའུ་ཚེ་བརྟན། སྒ་པ། ཀམ་རའོ། ༡༣༡༥

༢༠ ཟླ་བ་སྒྲོལ་མ། དཀར་མཛེས། ཧོན་སུར། ༡༢༧༨

༢༡ ཀརྨ་མཁས་གྲུབ། རི་བོ་ཆེ། ཨོ་རི་ས། ༡༡༤༤

༢༢ རིན་ཆེན་མཁའ་འགྲོ། ཏྲེ་ཧོར། རྡ་ས། ༡༠༩༩

༢༣ གོ་བོ་བློ་བཟང་ཕན་བདེ། འབའ་བ། མོན་གྷོ། ༡༠༥༧

༢༤ བྲག་གཡབ་བཀྲིས་རྣམ་རྒྱལ། སྡེ་དགེ བལ་ཡུལ། ༡༠༣༣

༢༥ ངག་དབང་བསྟན་པ། རི་བོ་ཆེ། བལ་ཡུལ། ༩༦༨

༢༦ གཡང་འཛོམས་སྒྲོལ་དཀར། ཏྲེ་ཧོར། རྡ་ས། ༩༦༢

༢༧ བསོད་ནམས་དཔལ་མོ། སྤོ་བོ། ཨོ་རི་ས། ༨༨༩

༢༨ ནང་ཆེན་བསྟན་འཛིན། ནང་ཆེན། སིམ་ལ། ༨༥༦

༢༩ ཨ་རྡོ། ནང་ཆེན། སྦེལ་ཀོབ། ༨༤༣

༣༠ ངག་དབང་འོད་འབར། སྒ་པ། རྡ་ས། ༧༣༤

༣༡ ཀརྨ་གཡུལ་རྒྱལ། གླིང་ཚང༌། སྒང་ཏོག ༦༩༢

༣༢ སྐལ་བཟང་ཆོས་སྐྱིད། ཆབ་མདོ། ཀ་སྤུག ༦༨༥

༣༣ སེར་སྨད་བློ་དགའ། ལི་ཐང༌། སེར་སྨད། ༦༧༥

༣༤ ཕུར་བུ་ཚེ་རིང༌། ཀོང་པོ། མོན་གྷོ། ༦༦༤

༣༥ ཚེ་རིང་དབང་ཕྱུག སྨར་ཁམས། རྡ་ས། ༦༠༠

༣༦ ཚེ་དབང་བསྟན་འཛིན། སྡེ་དགེ ཧོན་སུར། ༥༩༥

༣༧ ཕུ་པ་ཚེ་རིང་སྟོབས་རྒྱལ། སྨར་ཁམས། རྡ་ས། ༥༤༨

༣༨ སྐྱུ་ར་དཔལ་རྡོར། ཛ་ཆུ་ཁ། རྡ་ས། ༥༠༧

༣༩ ཚེ་རིང་བདེ་སྐྱིད། ལི་ཐང༌། ལྡི་ལི། ༤༧༤

༤༠ བཀྲིས་བདེ་ལེགས། མི་ཉག སྦེལ་ཀོབ། ༤༦༥

༤༡ ཡེ་ཤེས་ཆོས་བཟང༌། ལི་ཐང༌། རྡ་ས། ༤༦༡

༤༢ དོན་གྲུབ་ལྷ་དར། སོག་μྣང༌། རྡ་ས། ༤༢༨

༤༣ འཇམ་དཔལ་རྒྱ་མཚོ། ཁྱུང་པོ། རྡ་ས། ༣༩༡

༤༤ བསོད་ནམས་ཆོས་སྒྲོན། འཇོལ་པ། ཀ་སྤུག ༣༧༩

༤༥ སྐལ་བཟང་ནོར་བུ། ནང་ཆེན། ཅོན་ཏ་ར། ༣༧༠

༤༦ ཚེ་བརྟན་རྡོ་རྗེ། ཏྲེ་ཧོར། རྡ་ས་བདེ་སྨན། ༣༦༠

༤༧ ཨ་འབྲུག་ཆོས་སྐྱིད། ལི་ཐང༌། རྡ་ས། ༣༣༧

༤༨ བཟང་མཁན་མཁས་གྲུབ། སྒ་པ། ལྡི་ལི ༣༢༢

༤༩ དཀོན་མཆོག་ནོར་བུ། སྡེ་དགེ། སྦེལ་ཀོབ། ༣༡༠

༥༠ ངག་དབང་ཐར་པ། སོག་རྫོང༌། རྡ་ས། ༣༡༠

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྨད་ཆོལ་ཁའི་ཁོངས་་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ སྤེན་པ་ཚེ་རིང༌། སྣང་ར། རྡ་ས། ༡༧༢༣

༢ རྒྱལ་རོང་ཟླ་བ་ཚེ་རིང༌། རྒྱལ་རོང༌། མན་སྤར། ༡༥༠༥

༣ ཐུབ་བསྟན་ལུང་རིགས། རེབ་ཀོང༌། རྡ་ས། ༡༤༣༧

༤ འཕེལ་རྒྱས་སྒྲོལ་མ་མཚོ་མོ། བྱ་ཁྱུང༌། བལ་ཡུལ། ༡༢༥༢

༥ བསོད་ནམས་རྒྱལ་མཚན། ཁྲི་ཀ། རྡ་ས། ༡༡༣༦

༦ ཀིརྟི་སྒྲོལ་དཀར་ལྷ་མོ། རྔ་བ། རྡ་ས། ༡༡༠༨

༧ སྒྲོལ་དཀར་སྐྱབས། རྨ་ཆུ། རྡ་ས། ༡༡༠༠

༨ ཚེ་རིང་གཡུ་སྒྲོན། ཅོ་ནེ། ཧོན་སུར། ༩༡༤

༩ ཡེ་ཤེས་སྒྲོལ་མ། ཧོར་གཙང༌། རྡ་ས། ༨༨༧

༡༠ གསེར་རྟ་ཚུལ་ཁྲིམས་འོད་ཟེར། གསེར་རྟ། མོན་གྷོ། ༧༤༦

༡༡ སྨན་པ་མཁྱེན་རབ། ཁྲི་ཀ། རྡ་ས། ༥༨༡

༡༢ རྨོག་རུ་བསྟན་པ། མཚོ་ལྷོ། རྡ་ས། ༥༥༨

༡༣ རྒྱ་རིགས་ཐར། མང་ར། རྡ་ས། ༥༠༢

༡༤ ཀུན་ཐར་དོན་གྲུབ། བླ་བྲང༌། རྡ་ས། ༣༥༡

༡༥ བསྟན་འཛིན་མགོན་པོ། བྱ་མདོ། རྡ་ས། ༣༥༡

༡༦ བློ་བཟང་དཔལ་ལྡན། ར་རྒྱ། སྦེལ་ཀོབ། ༣༤༧

༡༧ ཀརྨ་དགེ་ལེགས། བྱ་ཁྱུང༌། བྷན་རྡ་ར། ༣༤༠

༡༨ ཆབ་བྲག་ལྷ་མོ་སྐྱབས། གཡུ་སྒང༌། རྡ་ས། ༣༡༢

༡༩ ཤིང་བཟའ་རིན་པོ་ཆེ། མགོ་ལོག་ར་རྒྱ། སྦེལ་ཀོབ། ༣༠༠

༢༠ ཀླུ་མཁར་བྱམས། ཨ་ཚོགས། རྡ་ས། ༢༢༢

༢༡ བཀྲིས་དོན་གྲུབ། མགོ་ལོག བལ་ཡུལ། ༢༢༠

༢༢ ལུང་རིགས་རྒྱལ། མཚོ་སྔོན། རྡ་ས། ༢༡༤

༢༣ ཚངས་དབྱངས་རྒྱ་མཚོ། མགོ་ལོག། རྡ་ས། ༢༠༨

༢༤ གཟུངས་ཕྱུག་སྐྱིད། མཚོ་ལྷོ། རྡ་ས། ༡༩༨

༢༥ བསྟན་འཛིན་དོན་ཡོད། ཨ་མཆོག རྡ་ས། ༡༨༩

༢༦ ཚེ་རིང་རྡོ་རྗེ། རེབ་གོང༌། རྡ་ས། ༡༥༧

༢༧ སྐལ་བཟང་ལྷ་མོ། ཤར་པ། བོན་གཞིས། ༡༤༩

༢༨ བློ་བཟང་ཆོས་འཕེལ། རྔ་བ། སྡེ་ར་ལྡུན། ༡༣༠

༢༩ འཇིགས་མེད་མཆོག་སྒྲུབ། བྱ་ཁྱུང༌། རྡ་ས། ༩༧

༣༠ ཤེས་རབ་དར་རྒྱས། གཅན་ཚ། རྡ་ས། ༩༢

༣༡ ཇོ་ལེབ་ཆོས་འཕེལ། རྔ་བ། ལྡི་ལི། ༨༦

༣༢ རྨེའུ་དབང་འཛིན་ལྷ་མོ། རྔ་བ། རྡ་ས། ༨༥

༣༣ གངས་རི། རྔ་བ། མོན་གྷོ། ༧༥

༣༤ ཀིརྟི་རིན་པོ་ཆེ། རྔ་བ། རྡ་ས། ༧༡

༣༥ གཡང་མཁོ་རྒྱལ༌། ཆབ་ཆ། རྡ་ས། ༦༧

༣༦ ཨ་ལོ། རེབ་གོང༌། ནོར་གླིང༌། ༦༥

༣༧ རྔ་བ་ཚེ་རྒྱམ། རྔ་བ། རྡ་ས། ༦༠

༣༨ རྨེའུ་མགོན་པོ་མཚོ། རྔ་བ། རྡ་ས། ༤༧

༣༩ དགེ་བཤེས་བསྟན་པ་བཀྲིས། མཚོ་ལྷོ། རྡ་ས། ༤༦

༤༠ དཀོན་མཆོག་བཟོད་པ། ཐེ་བོ། མོན་གྷོ། ༤༤

༤༡ བློ་བཟང་བཀྲིས། ཨ་ཆོགས། སྡེ་ར་ལྡུན། ༤༣

༤༢ ཨ་ལགས་འཇིགས་མེད། རེབ་ཀོང༌། རྡ་ས། ༣༩

༤༣ ལྷ་ལུང་རྒྱལ། རེབ་ཀོང༌། རྡ་ས། ༣༧

༤༤ བསྟན་འཛིན་མཁས་གྲུབ། སྟག་འཚེར། རྡོར་གླིང༌། ༣༦

༤༥ ཉི་མ་ཚེ་རིང༌། བྱ་ཁྱུང༌། སྡེ་ར་ལྡུན། ༣༦

༤༦ བྷུད་ངྷ་སྐྱབས། རྨ་ཆུ། རྡ་ས། ༣༣

༤༧ རྡོ་རྗེ་དབང་ཕྱུག རེབ་གོང༌། རྡ་ས། ༣༢

༤༨ བློ་བཟང་དངོས་གྲུབ། བྱ་ཁྱུང༌། བལ་ཡུལ། ༢༩

༤༩ ཨ་མཆོག་རིན་པོ་ཆེ། ཨ་མཆོག རྡ་ས། ༢༩

༥༠ ལྷ་དབང་རྡོ་རྗེ། སྣང་ར། སྦེལ་ཀོབ། ༢༥

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་རྙིང་མ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ སློབ་དཔོན་བསོད་ནམས་བསྟན་འཕེལ། རེ་ཁེ། སྦེལ་ཀོབ། ༡༢༩༡

༢ རྒྱ་རི་བུ་ཕྲུག ཉག་རོང༌། སྦེང་ལོར། ༧༧༥

༣ སློབ་དཔོན་དྲི་མེད་རྒྱལ་མཚན། སྡེ་དགེ། རྡ་ས། ༤༦༣

༤ མཁན་པོ་ཆོས་དབྱངས། གསེར་རྟ། རྡ་ས། ༨༢

༥ བསོད་ནམས་རྒྱལ་མཚན། ཉག་རོང༌། སྦེལ་ཀོབ། ༢༦

༦ རི་འགོ་སྤྲུལ་སྐུ། སྡེ་དགེ། འབིར། ༢༢

༧ ཚེ་རིང་ཕུན་ཚོགས། གོ་འཇོ། སྦེལ་ཀོབ། ༡༣

༨ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ནང་ཆེན། སྦིར། ༡༡

༩ ངག་དབང་སྙན་གྲགས། སྟོད་ར་ཆུ། སྡེ་ར་ལྡུན། ༦

༡༠ མཁན་པོ་ཚེ་དབང༌། འབྲས་ལྗོངས། རྡོར་གླིང༌། ༥

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བཀའ་བརྒྱུད་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ བསྟན་པ་གཡར་འཕེལ། ཆབ་མདོ། རྡ་ས། ༣༣༥

༢ ཀརྨ་ཆོས་འཕེལ། དབུས་གཙང༌། རྡ་ས། ༢༢༩

༣ ཁང་དཀར་དབང་ཕྱུག་རྡོ་རྗེ། ཕུ་རི། བལ་ཡུལ། ༡༦༥

༤ བླ་མ་འཕྲིན་ལས། མངའ་རིས། རྡོར་གླིང༌། ༡༤༢

༥ སྤྲུལ་སྐུ་ཀརྨ་རིན་ཆེན། ནང་ཆེན། སྦེལ་ཀོབ། ༡༡༩

༦ བྱམས་པ་དཔལ་ལྡན། སྐྱིད་གྲོང༌། རྡ་ས། ༨༤

༧ དོན་གྲུབ་ཕུན་ཚོགས། ནང་ཆེན། རྡ་ས། ༦༩

༨ བསོད་ནམས་དགྲ་འདུལ། ནག་ཆུ། ཀུམ་རའོ་འམ་རྡ་ས། ༥༡

༩ ཀུན་དགའ། སྡེ་དགེ། བལ་ཡུལ། ༢༣

༡༠ དངོས་གྲུབ་ཚེ་རིང༌། མངའ་རིས། རྡོར་གླིང༌། ༩

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་སྐྱ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ ནོར་བུ་ཚེ་རིང༌། སྡེ་དགེ སྦིར། ༢༣༡

༢ ཆོས་གྲགས་རྒྱ་མཚོ། ནང་ཆེན། སྡེ་ར་ལྡུན། ༡༩༦

༣ སྤྱན་དབྱངས་རྒྱ་མཚོ། ལྷེ་རྩེ། སྡེ་ར་ལྡུན། ༨༩

༤ དགེ་བཤེས་ག་ཟེ་ཚེ་རིང་པོ། གོ་འཇོ། སྦིར། ༨༦

༥ ཐུབ་བསྟན་རྒྱལ་མཚན། སྨར་ཁམས། སྤུར་ཝ་ལ། ༥༨

༦ པདྨ་ནོར་བུ། མི་ཉག རྡ་ས། ༤༤

༧ ཀ་བྲག་དངོས་གྲུབ་བསོད་ནམས། དཀར་མཛེས། སྦིར། ༤༣

༨ འགྱུར་མེད་རྡོ་རྗེ། སྡེ་དགེ རྡ་ས། ༡༨

༩ པདྨ་ནོར་བུ། རུ་ཐོག རྡ་ས། ༦

༡༠ འཇམ་དབྱངས་མཐུ་སྟོབས། སྡེ་དགེ སྦིར། ༥

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དགེ་ལུགས་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ རོང་པོ་བློ་བཟང་སྙན་གྲགས། རོང་པོ། སྦེལ་ཀོབ། ༡༢༢༨

༢ ཨ་ཀྲུག་ཚེ་བརྟེན། ལི་ཐང༌། མོན་གྷོ། ༡༢༢༨

༣ དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། བེ་རི། མོན་གྷོ། ༨༠༡

༤ དགེ་བཤེས་བློ་བཟང༌། དཀར་མཛེས། སྦེལ་ཀོབ་སེ་ར། ༥༢༩

༥ འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན། ཏྲེ་ཧོར། ལྡི་ལི། ༣༩༣

༦ དགེ་བཤེས་བསྟན་འཛིན་དར་རྒྱས། སྐྱིད་གྲོང༌། སྦེལ་ཀོབ། ༢༧༠

༧ དགེ་བཤེས་ཕུར་བུ་བསམ་གྲུབ། འཕན་པོ། སྦེལ་ཀོབ། ༢༡༦

༨ དཔལ་ལྡན་ཆོས་གྲགས། དཀར་མཛེས། རྡ་ས། ༡༩༣

༩ དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག སྨར་ཁམས། རྡ་ས། ༡༣༥

༡༠ བློ་བཟང་ཕན་བདེ། འབའ་བ། མོན་གྷོ། ༨༤

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བོན་པོ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཁྱུང་པོ། བོན་གཞིས། ༧༠

༢ བ་ར་ཚེ་དབང་བཀྲིས། ཧོར་སྦྲ་ཆེན། བོན་གཞིས། ༤༡

༣ གཡུང་དྲུང་རིན་ཆེན། ཁྲི་ཀ། བོན་གཞིས། ༢༢

༤ བྱ་དུར་བསོད་ནམས་བཟང་པོ། བྱ་དུར། བོན་གཞིས། ༡༩

༥ དགེ་བཤེས་རྣམ་དག་གཙུག་ཕུད། ཧོར་སྦྲ་ཆེན། ཝར་ན། ༡༨

༦ བློ་བཟང་རྒྱ་མཚོ། ཁྱུང་ལུང༌། བོན་གཞིས། ༦

༧ ཟླ་བ་དར་རྒྱས། ཤར་པ། བོན་གཞིས། ༤

༨ གཡུང་དྲུང་འཆི་མེད། ཏྲེ་བ། བོན་གཞིས། ༣

༩ བློ་ལྡན་ཉི་མ། ཧོར་སྦྲ་ཆེན། བོན་གཞིས། ༢

༡༠ དགེ་བཤེས་སྐལ་བཟང༌། ཁྱུང་པོ། བལ་ཡུལ། ༡

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཨ་རི་དང་ཁེ་ན་ཌ་ ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ བཀྲིས་རྣམ་རྒྱལ། མདོ་སྟོད། སིཡ་ཊལ། ༡༠༤༦

༢ ནོར་བུ་ཚེ་རིང༌། དབུས་གཙང༌། ཊོ་རོན་ཊ། ༨༢༦

༣ དངོས་གྲུབ་ཚེ་རིང༌། དབུས་གཙང༌། ཁེ་ལི་ཕོ་ནི་ཡ། ༤༡༤

༤ ཀུན་དགའ་འཕྲིན་ལས། དབུས་གཙང༌། ནེའུ་ཡོག ༣༨༤

༥ བཀྲིས་ཕུན་ཚོགས། དབུས་གཙང༌། ཀེལ་ག་རི། ༣༤༣

༦ བསྟན་འཛིན་རྡོ་རྗེ། ནེའུ་ཡོག ༣༣༢

༧ བདེ་སྐྱིད་ཆོས་དབྱངས། ཨ་མདོ། མོན་ཊི་ཡལ། ༣༡༥

༨ བློ་བཟང་ཉི་མ། དབུས་གཙང༌། ཁེ་ན་ཌ། ༢༡༡

༩ ཚེ་དབང་དངོས་གྲུབ། དབུས་གཙང༌། མི་ནི་སོ་ཊ། ༢༠༥

༡༠ འཕྲིན་ལས་འོད་ཟེར། མདོ་སྟོད། མི་ནི་སོ་ཊ། ༡༥༩

༄༅།། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཡུ་རོབ་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ ཐུབ་བསྟན་དབང་ཆེན། སྐྱིད་གྲོང༌། སི་པན། ༦༥༧

༢ དབང་པོ་བཀྲེས་མཐོང༌། ལྷ་ས། སུད་སི། ༤༣༠

༣ ཆུང་བདག་ཀོ་རིན། ཕག་རི། ནོར་ཝེ། ༤༢༧

༤ ཚེ་རིང་རྡོ་རྗེ་གསང་གླིང༌། གསང་གླིང༌། སུད་སི། ༣༥༩

༥ བསམ་མདོ་བྱམས་པ་ཚེ་རིང༌། ཨེ་ལྷ་རྒྱ་རི། སུད་སི། ༢༥༢

༦ སྨོན་མཁར་བསོད་ནམས་ཕུན་ཚོགས། གཙང་རྒྱལ་རྩེ། སུད་སི། ༡༩༢

༧ རིག་འཛིན་རྡོ་རྗེ་འོར་པ། ཁ་ཏ། སུད་སི། ༡༦༤

༨ ཐུབ་བསྟན་རྒྱ་མཚོ། རྒྱལ་རོང༌། ཕ་རན་སི། ༨༦

༩ རྟའུ་བློ་བཟང་དཔལ་ལྡན། རྟའུ། འཇར་མན། ༦༠

༡༠ ཆོས་རྒྱལ་བསྟན་འཛིན། ཧང་ག་རི། ༤༦

༄༅།། མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པ་སྐབས་ ༣ པའི་སྔོན་འགྲོའི་འོས་གཞི་གཤམ་གསལ།

ཨང༌། མིང༌། ལུང་ཚན། ད་ལྟའི་སྡོད་གནས། འོས་གྲངས།

༡ བློ་བཟང་སེང་གེ། ལི་ཐང༌། ཨ་རི། ༢༢༤༨༩

༢ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ལྷ་ས། ཨ་རི། ༡༢༣༡༩

༣ རྒྱ་རི་སྒྲོལ་མ། ཉག་རོང༌། རྡ་ས། ༢༧༣༣

༤ བཀྲིས་དབང་འདུས། ལྷོ་ཁ། ཡུ་རོབ། ༢༡༠༡

༥ བློ་བཟང་སྦྱིན་པ། ཚ་རོང༌། ཨ་རི། ༡༥༤༥

༦ འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ། གོ་འཇོ། མ་སུ་རི། ༦༠༥

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (13)
13 ༡༤༢༠༡༠༠༦༣༨
བཟོད་པ་ལྷ་རྩེ་
བསྟན་འཛིན་དབྱངས་སྒྲོན་མིང་ཁྱེད་ཉོན་ཅིག་་ངས་ཁྱོད་ལ་མིག་ཡ་གཅིག་ལས་མེད་པ་ཤེས་སོང་། རྩོད་པ་མེད་གནས་ལུགས་རྒྱུ་མཚན་ཅུང་དྲང་ཀྱང་གོ་མི་ཤེས་པ་ཐབས་སྐྱོ་པོ་རེད་ཞ་ར་གཡང་ཆོང་རྒྱབ་པར་བལྟ་མོ་བལྟས་སྡད་ན་གང་ནས་སྒྲིག ཧཧ ཁྱོད་ཀྱིས་ཟབ་གདོང་བླ་མས་བསགས་ཡོད་རབ་བཤད་པའི་གཏམ་ཆགས་དེར་ངོས་འཛིན་བརྟན་ནས་བྱ་རྒྱུ་མིན་ལ་དེས་བས་ཟབ་གདོང་གི་གདོང་རིས་ངོ་མ་མིག་ཡ་ཅིག་གིས་མཐོང་ཐབས་མེད། ཧེ་ཧེ། ཁྱོད་ལ་འདྲི་རྒྱུར་གཞུང་འཛིན་བཀའ་བློན་གོང་མ་རྣམས་དང་ལྷག་བསམ་ལྡན་པའི་ལས་གོང་མ་དག་གིས་མིག་རྒྱང་རིང་པོར་གཟིགས་ནས་བཙན་བྱོལ་སྲ་བརྟན་ཡོང་ཕྱིར་དཀའ་དཔྱད་ཁྱད་དུ་བསད་པའི་བཟོ་གྲྭ་ཁག་དང་མཉམ་འབྲེལ་གྱི་ས་ཆ་ཁག་མེད་པ་བཟོས་ནས་བཟོ་གྲྭ་དེ་དག་གིས་བོད་མི་ཉམ་ཆུང་བ་མི་ལོ་བཅུ་རིང་འཚོ་རྟེན་མེད་པ་བཟོས་པའི་ཉེས་ཅན་དེ་སུ་ཡིན་ནམ། ཕ་གསོད་པའི་ལག་དམར་བར་ངོ་རྒོལ་བྱ་མི་ཆོག་པའི་བཙན་བཀའ་གཏོང་མཁན་དེ་སུ་ཡིན་ནམ། བཙན་བྱོལ་སྲིད་གཞུང་ཞེས་སྨྲ་མི་ཆོག་བཙན་བྱོལ་སྒྲིག་འཛུག་ཞེས་སྨྲ་དགོས་བཤད་མཁན་སུ་ཡིན། དེ་དག་གཅིག་ཡིན། ད་དུང་ཁྱོད་ལ་འདྲི་རྒྱུར་བཙན་བྱོལ་སྲིད་གཞུང་ནང་ལྷན་ཁང་ཇི་ཡོད་དང་ལྷན་ཁང་རེར་བཀའ་བློན་ཇི་ཙམ་ཡོད་ཁྱོད་དང་ཁྱོད་ཀྱིས་རྒྱབ་བསྐྱོར་ཞུ་ཡུལ་བློ་སེང་གཉིས་ཀ་མ་ཤེས་པའི་ཚང་ཆེན་པོ་བསྟན་པ་མིན་ནམ། ད་ཆ་གཞུང་གི་ཡིག་ཆ་ག་ལ་གང་མཚམས་བོད་ཡིག་ཐོག་བེད་སྤྱོད་གཏོང་བཞིན་པ་དེ་ཡང་མེད་པར་བཟོ་ན་ཁྱོད་ཀྱི་དམིགས་ཡུལ་སྒྲུབ་པ་ཡིན་ནམ། ཧུ་ཧུ། གཟུར་བོར་གནས་ནས་སྣོང་བསམ་ཞིབ་མོར་མཐོང་ལ་སྐད་ཆ་ཤོད་པ་ལས་ཞེན་ཁོག་རྐྱང་པས་ཕན་དོགས་མེད་པར་མཁྱེན་པར་བརྫོད་ཅིག་གུ ཧོ་ཧོ།
12 ༡༣༢༠༡༠༡༩༡༢
གཡང་སྐྱིད་སྒྲོལ་མ
རེ་རེ་བཟོད་པ་ལྷ་རྩེ་མིང་ཅན་པ་ཁྱེད་ཀྱི་དམིགས་ཡུལ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བསགས་བསགས་བསྒྲུབས་བསྒྲུབས་ཀྱི་མ་ཐེབས་དཔེ་ཤག་ཕྲན་བུ་ཡོད་པ་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་མེད་པ་བཟོ་འདོད་འདུག་གམ། གཞན་ཁྱེད་རང་གི་སེམས་ནང་ཡོད་པའི་བཀའ་ཁྲི་དེ་སྔ་མ་ལངས་ནས་ཁུངས་འཁྱོལ་མ་ཐུབ་པ་ཞིག་མ་རེད་དམ། ད་དུང་ཡང་ཨུ་ཚུགས་རྒྱག་དགོས་དོན་གང་ཡོད་ཤོད་དང་། ད་ཁྱེད་རང་ཟློས་གར་འཁྲབ་ནས་ཕན་ཐོགས་ཡོད་མ་རེད། མི་ཚང་མས་གནས་ལུགས་རེ་འཚོལ་ནས་རྒྱབ་སྐྱོབས་བྱེད་པ་མ་གཏོགས་འཆལ་གཏམ་གྱི་རྗེས་སུ་འབྲངས་ཀྱི་མ་རེད། དེང་སང་བོད་མི་ཚོ་སྔ་མ་ནང་བཞིན་མ་རེད། གཉིད་སད་ཚར་བ་རེད་དོ། མགོ་སྐོར་ནམ་ཡང་ཐེབས་ཐུབ་ཀྱི་མ་རེད། །
བོད་གཞུང་ནང་ད་ལྟའི་འཆར་ལྷན་ཁང་རེ་བཀའ་བློན་རེ་དང་བཀའ་བློན་ཁྲི་བ་བཅས་སྡོམས་བཀའ་བློན་བརྒྱད་ལས་མེད་ཀྱང་མཁས་དབང་བློ་བཟང་སེངྒེ་ལགས་ནས་བཀའ་བཤག་ལྷན་ཁང་གཏན་ནས་རྒྱུས་མེད་པས་དེ་སྔོན་བཀའ་བློན་བགྲོ་གླིང་གཏམ་བཤད་ནང་འདི་འདྲ་ཞིག་གནང་འདུག་ ༼ང་བཀའ་བློན་ཁྲི་བ་འདེམས་ཐོན་བྱུང་བ་ཡིན་བཀའ་བཤག་ལྷན་ཁང་ནང་བཀའ་བློན་རྣམ་པ་ཆོལ་ཁ་གསུམ་གྱི་འཐུས་མི་ཡོད་པ། ཆོས་ལུགས་ལྔའི་འཐུས་མི་ཡོད་པ། གཞོན་ནུའི་འཐུས་མི་ཡོད་པ། བུད་མེད་ཀྱི་འཐུས་མི་ཡོད་པ། བོད་ནས་གསར་དུ་འབྱོར་བའི་འཐུས་མི་ཡོད་པ། བཀའ་བློན་རྙིང་པ་ཞིག་ངེས་པར་ཡོད་དགོས། ༽ ཞེས་སོགས་གསུངས་ཡོད་པས་ཁོང་གི་བཞེད་པ་ལྟར་ན་བཀའ་བློན་བཅུ་གསུམ་མ་འཐར་སླེབས་དགོས་ཀྱང་ད་ལྟ་བཀའ་བློན་ཞབས་སྟེགས་བརྒྱད་ལས་མེད་པས་ཞབས་སྟེགས་ལྔ་གང་ནས་འཚོལ་དགོས་སམ། དེ་ནི་དེ་སྔོན་རྒྱ་གར་ནང་བློན་ཆེན་འོས་ཐོབ་ཆེད་འདོད་རྔམ་ཅན་ཞིག་ནས་ང་བློན་ཆེན་འདམས་པ་ཡིན་ན་ཁྱོད་ཚོའི་ལུང་པར་ཟམ་པ་མང་པོ་རྒྱབ་ཆོག་ཞེས་བཤད་པས་མི་མང་ནས་ང་ཚོར་ཟམ་པ་རྒྱག་སའི་ཆུ་ཡོད་པ་མ་རེད་ཞེས་བཤད་པས་མི་དེས་སྔོན་ལ་ལུང་པར་ཆུ་འཁྲིད་དེ་ནས་ཟམ་པ་རྒྱག་རྒྱུ་ཡིན་ཞེས་པའི་གཏམ་རྒྱུད་རང་རེད། མཁས་དབང་བློ་སེང་ལ་རྒྱབ་བསྐྱོར་གནང་མཁན་རྣམས་ནས་སྔོན་ལ་བཀའ་བློན་ལྔ་ཡི་རྐུབ་བཏེགས་གྲ་སྒྲིག་གནང་མི་དགོས་སམ??ཧཧཧཧཧཧཧཧཧཧཧཧཧ
10 ༡༣༢༠༡༠༡༥༣༥
ལམ་བཟོ་བ། དེ་དངོས་ནས་ཁྱེད་རང་བདེན་པ་རེད་ང་ཡང་དེ་རིང་དངོས་ནས་དགའ་བོ་ཞེ་དྲག་བྱུང་གང་ཡིན་ཟེར་ན་བཀའ་སྤྱི་གཉིས་ཀྱི་འོས་གཞི་གྲུབ་འབྲས་དེ་དཔེ་ཡག་པོ་ཐོན་འདུག་བ།།
དེ་རེང་བསྐལ་བཟང་གི་ཉིན་མོ་འདི་ལ་བཀའ་སྤྱིའི་གསལ་བསྒྲགས་མཐོང་དུས་མི་རབས་གསར་པ་གདིང་ཅོག་སྒང་ལ་སླེབ་ཐོབ་ཀྱིས་འདུག་སྙམ་ནས་སྤོབ་པ་སྐྱེས་སོང་། ཡིན་ན་ཡང་ད་ལྟའི་དུས་ཚོད་སྙན་ཕྲང་འདི་ལ་བཀའ་ཁྲི་ཁྱད་ཆོས་དང་ལྡན་པའི་ཁྱད་ལས་པ་ཞིག་ངེས་པར་དུ་དགོས་ཀྱི་རེད། གང་ཡིན་ཟེར་ན་ནང་ལོག་ལ་ཕ་མ་བུ་ཕྲུག་ལྟ་སྐྱོང་བྱེད་མཁན་ཞིག་ཡིན་ན་རྒྱལ་རི་སྒྲོལ་མ་ལྟ་བུ་བཀའ་ཁྲི་འོས་འདེམ་བྱེད་ན་མི་འཚམ་པ་མེད་མོད། ད་ལྟའི་གནས་སྐབས་ལ་དེ་ཙམ་གྱི་མི་འགྲིག་པར་རྒྱལ་སྤྱིའི་གནས་སྟང་ཞིབ་ཕྲ་མཁྱེན་ཐོབ་པ་དང་བོད་ཀྱི་རྩ་དོན་ཕྱིའི་མི་སྣ་ལ་ར་སྤྲོད་བྱེད་ཐོབ་མཁན་ཞིག་ངེས་པར་དུ་དགོས་པ་ཡིན་དུས་རྟ་ལམ་བོང་བུས་མ་བཀག་ན་བསམ་པའི་རེ་བ་ཞུ་ཡི་ཡོད་བོད་ཀྱི་རྩ་དོན་ལ་འགན་འཁྲི་ཡོད་པས་སྐྱེ་བོ་ཡོངས་ཀྱིས་་ལམ་ཀྱོག་ཀྱོག་དུ་མ་སོང་བར་ལམ་དྲང་པོའིཐོག་ནས་དངོས་གཞི་འོས་འདེམ་མཁས་དབང་བློ་བཟང་སེངྒ་ལ་ངེས་པར་དུ་འོས་བླུག་རོག་གནང་ཁོ་བོས་སྙིང་ཁུང་རུས་པའི་སྟེང་ནས་རེ་སྐུར་ཞུ།། འཛོམ་གླིང་ཀུན་ལ་སེངྒའི་གཡི་རལ་རྒྱས།། ཀླ་ཀློ་སྲོག་ཆག་གཡོ་སྒྱུ་དབང་མེད་འཁུམས།། བོད་ཀྱི་རྩ་དོན་དྲང་བདེན་ངར་སྐད་བསྒྲགས།། ཧམ་བཤད་རྫུན་གཏམ་མུན་པ་བཞིན་དུ་བྱིང་།།
ཧེ་ཧེ། ཕུག་རོན་དཀར་པོ་མིང་ཅན་གྱི་འདོད་ཕྱོགས་སུ་མི་དེ་འོས་གྲངས་ཚད་མཐོ་པོར་སླེབས་མེད་པ་འདྲ། ཁོང་གིས་སྡུག་སྐད་ཆེན་པོ་བརྒྱབས་ཀྱིན་འདུག ཡིན་ན་ཡང་ ཁོང་གིས་སྡུག་སྐད་བརྒྱབས་པ་དེ་ལྷག་བསམ་གྱིས་ཕྱུག་པས་མ་རེད། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་བསགས་པའི་དཔེ་ཤག་རྣམས་ལ་སེམས་པ་ཤོར་བ་རེད་དོ་གྲོགས་པོ། ཧ་གོ་སོང་ངམ། །
7 ༡༢༢༠༡༠༢༡༢༥
འོས་ལ་བལྟ་བ་ལགས། དངོས་ནས་འོས་ལ་བལྟས་ཤག་བློ་བཟང་སྙན་གྲགས་དང་ཨ་འགྲུབ་ཚེ་བརྟན་གཉིས་ཀྱི་གོ་རིམ་དེ་ལ་གསལ་བཤད་ཞིག་བརྒྱབ་ན་དཔེར་ན་མཐུན་པོ་སྤུན་བཞི་གོ་རིམ་གནས་པ་ལྟར་ཁོང་རྣམ་པ་གཉིས་ལ་ཡང་གོ་རིམ་མེད་པ་མ་རེད།གང་ཡིན་ཟེར་ན་བློ་བཟང་སྙན་གྲགས་ནི་གོང་༧ས་མཆོག་གིས་ཐད་དཀར་སྤྱི་འཐུས་སྐོས་བཞག་གནང་པའི་སྤྱི་ཟུར་ཞིག་རེད་ཁྱེད་རང་མཐོང་རྒྱ་ཆེ་དྲག་མིན་འགྲོ།།
6 ༡༢༢༠༡༠༢༠༠༩
ཨ་མདོ་བ
ནོར་བཅོས། ངོ་གནོང་མི་དགོས་པའི་མི་འདི་ཚོའི་གོང་དུ་འང་ ་་་་་་་་་་་་་་་་་་་གཞན་པའི་མི་རྙིགས་ཞིག་ཕུད་པ་དེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
5 ༡༢༢༠༡༠༡༩༥༦
ཕྱིར་ཡོང་ནས་བལྟས་ན་ད་ལམ་གྱི་བཀའ་སྥྱི་གཉིས་ཀྱི་འོས་མི་ཡོང་སྟངས་ལ་བལྟས་ན་མི་མང་གི་གང་འཚམས་དོན་སྣང་དང་གཉིད་སད་ཡོད་པའི་རྣམ་པ་ཐོན་ཡོད། ཡིན་ཡང་མདོ་སྨད་ཀྱི་འོས་མིའི་ཁྲོད་དུ་རྙོགས་གྲ་དང་སྐབས་འཚོལ་ཁོ་ན་ལ་གཡང་བའི་ཨ་མདོ་བ་རྫུམ་མ་༼ཡུལ་ལུང་དེའི་མི་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཆོད་ཀྱི་འོས་མདོ་སྟོད་ནང་བླུག་གི་ཡོད་པ་དང་། དོན་དངོས་ཐོག་ཡང་དེ་ལྟར་ཡིནཔའི༽མི་དེ་འདྲ། ང་རང་ཚོ་མདོ་སྨད་ནང་གི་མི་སྣ་ཤེས་འཇོན་ལྷག་བསམ་ཅན་ཚོ་ལས་འོས་མང་བ་ཡོད་པ་འདི་མདེ་སྨད་མི་མང་གི་ཡིད་འཇོགས་དགོས་པའི་བྱ་བ་ཞིག་རེད། དཔེར་ན་ཤིང་བཟའ་རིན་པོ་ཆེ། རྨོག་རུ་བསྟན་པ། གླུ་མཁར་བྱམས། ཆབ་བྲག་ལྷ་མོ་སྐྱབས་སོགས་མདོ་སྨད་ངོམ་ན་ངོ་གནོང་མི་དགོས་པའི་མི་འདི་ཚོ་ཡང་མདོ་སྨད་པའི་རྐང་འདྲེན་དུ་འགྲོ་བའི་གཞན་པའི་མི་རྙིགས་ཞིག་གོང་དུ་ཕུད་པ་དེ་མདོ་སྨད་མི་མང་གི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། རྗེས་སོར་འདི་འདྲའི་རིགས་ལ་མདོ་སྨད་མི་མང་ནས་གཟབ་དགོས། མདོ་སྨད་ལ་མི་ཚར་སོང་བ་རེད། ང་ཚོས་སྣང་མེད་ལ་ཤོར་ནི་རེད། རང་མྱི་ལྷ་འདྲ་བོ་དེ་ཚོ་མི་འདེམས་པར་གཞན་མྱི་རླུངས་འདྲ་འདྲ་དེ་དགོས་དོན་འེ་འདུག བསམ་བློ་གཏང་རན་རེད།།།
4 ༡༢༢༠༡༠༡༦༢༧
དྲ་རྒྱ་དོ་དམ་པ།
དགེ་ལུགས་སྤྱི་འཐུས་ཀྱི་འོས་མི་རོང་པོ་བློ་བཟང་སྙན་གྲགས། རོང་པོ། སྦེལ་ཀོབ། ༡༢༢༨ དང་ ཨ་ཀྲུག་ཚེ་བརྟེན། ལི་ཐང༌། མོན་གྷོ། ༡༢༢༨ གཉིས་ཀྱི་འོས་གྲངས་གཅིག་པ་ཡིན་པ་དེ་འོས་བསྡུ་འགན་འཛིན་ལགས་ཀྱིས། མིང་གི་བོད་ཡིག་མིང་གཞི་ཡི་གེ་དེ་ཀ་ཁའི་གོ་རིམ་གཞིར་བཟུང་ནས་བཀོད་ཡོད་ཚུལ་འགྲེལ་བརྗོད་གནང་སོང་།
ང་རག་ལ་ཆ་བཞག་ན་ལག་རྩལ་ལྡན་པའི་རླང་འཁོར་ཁ་ལོ་བ་གསར་པ་ལས་སྐད་གྲགས་མེད་པའི་ཁ་ལོ་བ་རྙིང་པ་དང་ལམ་རྒྱུས་ཡོད་མཁན་ཞིག་ལ་དགའ་མོས་ཡོད་ཀྱིས་འོས་ཀྱང་འདོད་མོས་བཞིན་ འཕེན་ཡོད། འོན་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་གླེང་སློང་ནང་མི་རབས་གསར་པའི་སྐད་ངན་ཅིག་གིས་ན་གཞོན་རྣམས་མགོ་བོ་འབད་དེ་རྨོངས་སུ་བཅུག་པ་རེད། རྒྱུ་མཆན་དེ་འདྲ་གཅིག་འགྲོ་མུས་སྐབས་བཀའ་ཁྲིའི་སྔོན་འགྲོའི་འོས་འཕེན་གྱི་དུས་ལ་བབས་པ་དང་བསྟུན་སྐབས་དེར་རྒན་རབས་པ་དང་གཞོན་པའི་གླེང་སློང་འོག་དོན་དུ་མཁོ་བའི་བཀའ་ཁྲི་དེར་དེ་ཙམ་དོ་སྣང་མེད་པར་ལམ་རྒྱུས་མེད་པའི་མི་རབས་གསར་པར་འདེམས་ཁ་བྱས་ཡོད། དེ་ནི་མང་གཙོ་ཡིན་དུས་མི་ཆོག་ཟེར་མི་ཆོག་ཀྱང་དོན་དུ་རང་རེའི་སྐྱབས་བཅོལ་བའི་གནས་སྐབས་དང་ཀ་ཚ་དགོས་གཏུགས་ཀྱི་དོན་ལ་བསམ་གཞིགས་དགོས་དུས་མི་རབས་གསར་པ་ཟེར་བའི་གཏམ་ངན་དེས་ན་གཞོན་ཚོ་ར་བཟི་བཅུག་ཟིན་པར་བློ་འཕམས་བྱེད་མཁན་ཡང་མི་ཉུང་བ་མ་རེད། དེའི་ཕྱིར་དངོས་གཞིའི་སྐབས་གང་གཟབ་བྱ་དགོས་པ་ནི་མི་རེ་ངོ་རེའི་ཕྲག་སྟེང་དུ་བབས་པའི་འོས་འགན་རེད།
2 ༡༢༢༠༡༠༡༤༢༦
དགེ་ལུགས་སྤྱི་འཐུས་ཀྱི་འོས་མི་རོང་པོ་བློ་བཟང་སྙན་གྲགས། རོང་པོ། སྦེལ་ཀོབ། ༡༢༢༨ དང་ ཨ་ཀྲུག་ཚེ་བརྟེན། ལི་ཐང༌། མོན་གྷོ། ༡༢༢༨ གཉིས་ཀྱི་འོས་གྲངས་གཅིག་པ་ཡིན་ན་འདི་གཉིས་ཀྱི་གོ་རེམ་དེ་ཇི་ལྟར་བྱས་ནས་བསྒྲིགས་པ་ཡིན་ནམ། འདིའི་སྐོར་དེ་གའི་གསར་འགོད་པས་རྒྱས་ལོན་འདྲ་བྱས་ཡོད་དམ། ཡང་ན་བཅའ་ཁྲིམས་སུ་དེ་ལ་ཁ་གསལ་གྱི་གཏན་འབེབས་འདྲ་ཡོད་དམ་མེད།1 ༡༢༢༠༡༠༡༤༢༤
ངས་བསམ་ཚུལ་ལ་འོས་ཞིང་ཚེམས་པའི་བཀའ་བློན་ཞིག་ཁལ་རྒྱུ་ཡིན་ཆེ་ཡོདབརྗོད་གཞི་གཞན་ཁག་ལ་གཟིགས།