ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡༠ཉིན། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འདི་ལོ་ཕྱི་ཟླ་༧པའི་ཚེས་༦ཉིན་བཀའ་བློན་ཁྲི་པའི་༼ཚོད་ལྟའི་འོས་བསྡུ་༽དེའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་སོང་ལ། ཐེངས་འདིར་ས་གནས་ཁག་༣༧ནས་ཁྱོན་འོས་འཕེན་པ་མི་གྲངས་༧༩༣༩དང༌། བཀའ་བློན་ཁྲི་པའི་འོས་མི་གྲངས་༡༧༤བྱུང་འདུག

དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་གིས་མ་འོངས་བཀའ་སྤྱིའི་སྔོན་འགྲོའི་འོས་འཕེན་གྱི་གྲུབ་འབྲས་ཕྱིར་བསྒྲགས་བྱེད་ལ་ཉེ་བའི་མཚམས་འདིར། ༼ཚོད་ལྟ་འོས་བསྡུའི་༽གྲུབ་འབྲས་དེ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད། སྤྱིར་ཚོད་ལྟའི་འོས་བསྡུ་དེ་འདི་ལོ་ཕྱི་ཟླ་༩པའི་ཚེས་༡༠ཉིན་ཕྱིར་བསྒྲགས་གནང་རྒྱུ་བྱས་ཡོད་ཀྱང༌། རྗེས་སུ་གཞུང་འབྲེལ་གྱི་སྔོན་འགྲོའི་འོས་བསྡུ་གྲུབ་རྗེས་བར་ཕྱིར་འགྱང་བྱས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། ས་གནས་སོ་སོར་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་དེ་བཞིན་གོ་སྒྲིག་ཞུ་དགོས་དོན་ནི། མང་ཚོགས་ནས་མང་གཙོའི་འགན་དབང་ཆེ་ཤོིས་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་སྔར་ལྷག་གནང་ཐུབ་ཐབས་དང༌། མང་གཙོ་གོང་འཕེལ་གཏོང་ཆེད་ཡིན། དེ་དག་ཕྱོགས་ལྷུང་དུ་མི་འགྲོ་བའི་སླད་དུ་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་ཆེད་དུ་བཀའ་ཁྲིའི་འོས་དམིགས་བཏོན་མེད་ཅིང༌། འདོན་འཆར་ཡང་མེད་པ་དང༌། གལ་སྲིད་ཚོད་ལྟའི་འོས་བསྡུའི་རྒྱུད་རིམ་འདི་ནས་གང་ཟག་སུ་འདྲ་ཞིག་ལའང་ཁེ་ཕན་དང་ཡང་ན་དོ་ཕོག་གང་ཞིག་བྱུང་བ་ཡོད་ཚེ། དེ་ནི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བསམ་གཟས་བྱས་པ་ཞིག་མ་ཡིན་པར། སྟབས་ཁེལ་རང་བཞིན་གྱི་བྱུང་བ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

ཐེངས་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་དང༌། བལ་ཡུལ། ཨ་རི། ཁེ་ན་ཌ། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་༥ཡི་ས་གནས་གྲངས་༣༧ནང་ཚོད་ལྟའི་འོས་བསྡུ་བྱས་ཡོད་ཅིང༌། སྐབས་དེར་ཁྱོན་མི་གྲངས་༧༩༣༩ཙམ་གྱིས་འོས་འཕེན་གྱི་ཆ་ཤས་བླངས་འདུག ཚོད་ལྟའི་འོས་བསྡུ་འདིའི་ཐོག་ཁྱོན་འོས་མི་གྲངས་༡༧༥ བྱུང་ཡོད་པའི་ནང༌། འོས་མི་གཅིག་རྩིས་མེད་དུ་ཕྱིན་ཡོད་པ་རེད། ཚོད་ལྟའི་འོས་བསྡུ་འདིའི་ཐོག་འོས་གྲངས་མང་ཤོས་ལ་༢༡༧༤དང༌། དམའ་ཤོས་གྲངས་ཀ་༡ཅན་གྱི་འོས་མི་གྲངས། ༨༠ བྱུང་འདུག ཚོད་ལྟའི་འོས་བསྡུ་འདིའི་ཐོག་འོས་ཤོག་གི་གྲངས་ཀ་མང་ཤོས་ཀྱི་མི་གྲངས་༡༠ ནི།

༡། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་གྲངས། ༢༡༧༤    ༢། མཁས་དབང་བློ་བཟང་སེངྒེ་ལ་འོས་གྲངས། ༢༠༠༠ ༣། བཀའ་ཟུར་རྗེ་བཙུན་པདྨ་ལ་འོས་གྲངས། ༧༢༦   ༤། རྒྱ་རི་སྒྲོལ་མར་འོས་གྲངས། ༤༧༠  ༥། སྤེན་པ་ཚེ་རིང་ལ་འོས་གྲངས། ༢༣༢ ༦། རྒྱལ་རི་བློ་གྲོས་རྒྱལ་མཚན་ལ་འོས་གྲངས། ༢༣༡   ༧། བློ་བཟང་སྦྱིན་པ་ལ་འོས་གྲངས། ༡༩༨  ༨། བློ་བཟང་སྙན་གྲགས་ལ་འོས་གྲངས། ༡༥༢   ༩། པདྨ་འབྱུང་གནས་ལ་འོས་གྲངས། ༡༤༣    ༡༠། ཐུབ་བསྟན་ལུང་རིགས་ལ་འོས་གྲངས་༡༣༦ བཅས་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
བུ་མེད་ལྷན་ཚོགས་ཀྱིས་ཚོད་ལྟའི་སྔོན་འགྲོ་འོས་བསྡུའི་གསལ་སྒྲགས་རྣམས་རྫུན་གཏམ་དང་གཡོལ་སྒྱུལས་གཞན་དམིགས་ཡུལ་གང་ཡ་མི་འདུག་གོ།
སླད་མར་དེ་འདྲའི་རིགས་མི་གནང་བར་དོན་དངོས་ཀྱི་བོད་ཀྱི་བུ་མེད་རྣམས་ཀྱིསསྒྲྲུབས་བྱ་གང་ཡིན་པ་དེར་ངོས་འཛིན་ཐུབ་པར་འབོད་སྐུལ་དང་བཅས་སོ།་
བུ་མེད་ཚོགས་པ་ཞབས་འདྲེན་དེ་ཚོའི་སྔར་མིན་ཕྱི་མིན་ག་རི་གསལ་བསྒྲགས་བྱེད་གི་ཡོད་། མ་གཞི་བོད་པའི་སྤྱི་ཚོགས་ནང་ལ་སྐྲུག་ཤིང་ཇོད་གཞི་མ་རྟོག་བུ་མེད་ཚོགས་པའི་གང་ཡང་མི་འདུག་།
དཔེར་ན་བལ་ཡུལ་ནང་ལ་ཀརྨ་ཆོས་འཕེལ་ལ་འོས་གྲང་ 200ལྷག་ཙམ་ཡོད་པ་རེདའོས་ཤོག་རྩིས་མེད་གཏོང་རྒྱུའི་དབང་ཆ་ག་ནས་ཉོས་པ་ཡིན་ཚུལ་་བུ་མེད་ཚོགས་གཙོ་ནས་གསལ་བཤད་བྱེདདགོས་་རྒྱུ་རེད་། མ་བྱེད་ན་རྩོད་རྙོག་དང་ཁ་མཆུ་རྒྱུན་མི་ཆད་པ་བྱེད་རྒྱུ་ཐེ་ཚོནས་མེད་།་
ཁྱེད་ནི་རྫུན་གཏམ་ལ་མགོ་མི་འཁོར་མཁན་ཞིག་ཡིན་ས་རེད་བྐྲ་ཤིས་བདེ་ལེགས། ང་རྫུན་གཏམ་ནམ་ཡང་ངོས་ལེན་མི་བྱེད་པ་དྲྭ་གྲོགས་ཚོས་དམ་བཅའ་གནང་དགོང་དགོས། སྐྱེ་དམན་ཚོགས་པ་ཟེར་ན་བུ་མེད་ཚོགས་པ་ལ་ཟེར་གི་ཡོད་དམ།
4 ༡༢༢༠༡༠༠༩༤༥
ཀརྨ་ཆོས་འཕེལ་གྱི་འོས་ཤོག་རྩིས་མེད་གཏོང་རྒྱུའི་དབང་ཆ་དེ་སུས་སྤྲད་པ་ཡིན། བུ་མེད་ཚོགས་པ་དྲང་བདེན་མིན་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་ལ་མི་གྲངས་༣༠༠ ལྷག་ཙམ་གྱིས་བླུག་ཡོད།
བུད་མེད་ཚོགས་པས་འོས་བསྡུའི་གྲུབ་འབྲས་ཞེས་པའི་རྫོན་གཏམ་དེ་། ནམ་ཡད་ངོས་ལན་མེད་།
ཁྱེད་ཀྱི་བཤད་པ་ལ་ཡང་གནས་ལུགས་འདུག
1 ༡༡༢༠༡༠༠༦༡༩
བཟོད་པ་ལྷ་རྩེ་
སྔ་མིན་ཕྱི་མིན་འདི་འདྲ་ཞིག་བུད་མེད་ཚོགས་པའི་ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ཡིན་ནམ། དངོས་གནས་བྱས་ན་ཕྱི་ཟླ་ ༩ པའི་ཚེས་ ༡༠ ལ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་རུང་ད་བར་ཕྱིར་བསྒྲགས་མ་བྱས་པས་འགོག་རྐྱེན་གང་ཞིག་ཕྲད་ཡོད་དམ། ཡང་ན་གཡོ་འཇུས་ཞིག་ཡིན། ཡང་ན་བློ་ཁོག་གིས་མ་འདེངས་བ་ཡིན། བུད་མེད་ཚོགས་པས་དོན་དམ་བོད་རྒྱལ་ཁབ་ལ་ཕན་པའི་ལས་ཀ་ཞིག་བྱེད་བསམ་ན་བུད་མེད་རྣམས་ནས་ཕྲུག་གུ་སྐྱེ་འཕེལ་བྱ་རྒྱུ་དགོངས་པ་མང་ཙམ་བཞེས་ནས་ལག་བལྟར་གནང་ན་ཤིན་ཏུ་ལེགས་མོད། དཔེར་ན་རྒྱལ་ཡུམ་ཆེན་མོ་བཞིན་ཕྲུག་གུ་བཅུ་དྲུག་སྐྱེ་སྤེལ་གནང་ཡོད་ལ་དེ་བཞིན་བོད་ནང་དུ་ཨ་མ་མང་པོ་ཞིག་ནས་ཕྲུག་གུ་བཅོ་ལྔ་ཉི་ཤུ་སྐྱེ་སྤེལ་གནང་བཞིན་ཡོད་པས་དེ་ལ་གཟིགས་དགོས། ཆབ་སྲིད་བུད་མེད་ཀྱི་མི་འཇོན་ཐག་ཆེད་རེད་ དེ་ལྟར་མ་རེད་དམ་ཁྱེད་ཀྱིས་གསུངས་དང་།



བརྗོད་གཞི་གཞན་ཁག་ལ་གཟིགས།