སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་གཞི་ངོ་སྤྲོད་ཀྱི་བགྲོ་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡ཉིན། སྤྱི་ལོ་༢༠༡༠ཟླ་༩ཚེས་༣༠་ཉིན་གྱི་ཕྱི་དྲོར་ན་གཞོན་དྭང་བླངས་རུ་ཁག་ཟེར་བའི་གཞོན་ནུ་ཁག་གཅིག་གིས་གོ་སྒྲིག་འོག་རྡ་སའི་ཟློས་གར་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་གཞི་ངོ་སྤྲོད་ཀྱི་བགྲོ་གླེང་ཞེས་པའི་སྤྱི་འཐུས་ལས་ཐོག་པ་མི་ལྔ་དང་སྤྱི་འཐུས་འོས་མི་ལ་འགྲོ་མཁན་མི་དྲུག་བཅས་ཁྱོན་མི་བཅུ་གཅིག་གིས་རང་ཉིད་ཀྱི་འདས་པའི་ལས་དོན་དང་མ་འོང་པའི་ཆ་གཞི་སྐོར་གྱི་གསུང་བཤད་སྐར་མ་ལྔ་རེ་དང་དེའི་རྗེས་དྲི་བ་དྲི་ལན་གནང་ཡོད་པ་རེད།

ཉིན་དེའི་ཕྱི་དྲོ་ཆུ་ཚོད་ལྔ་པ་ནས་འགོ་འཛུགས་ཀྱིས་མི་མང་སུམ་བརྒྱ་ཡས་མས་འདུ་འཛོམས་ཐོག་ན་གཞོན་དྭང་བླངས་རུ་ཁག་གི་གོ་སྒྲིག་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་སྔོན་འགྲོ་གསུང་བཤད་གནང་དོན། ན་གཞོན་དྭང་བླངས་རུ་ཁག་གིས་ཆོལ་ཁ་རེ་ནས་མི་བཅུ་རེ་སྟེ་ཁྱོན་མི་སུམ་བཅུ་ཐམ་པ་སྤྱི་འཐུས་འོས་མིར་འདེམས་ཡོད། དེ་དག་ལ་རེ་སྐུལ་ཞུ་རྒྱུ་ནི་འཐེན་ཁྱེར་མེད་པ་དང༌།ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགལ་ཟླ་མེད་པ། མང་གཙོ་འཕེལ་རྒྱས་ཐོག་ཕྱག་ལས་གང་མང་གནང་རོགས་བཅས་ཞུས་ཡོད།

བགྲོ་གླེང་དངོས་གཞིའི་སྐབས་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། འདིར་མི་མང་གི་མདུན་དུ་ངས་འདི་བྱེད་ཐུབ་ཀྱི་ཡིན་ཟེར་བའི་ཁས་ལེན་གང་ཡང་ཞུ་ཐུབ་ཀྱི་མེད། གང་ཟག་གཅིག་གིས་སྤྱི་འཐུས་གྲོས་ཚོགས་ནང་གང་ཡང་བྱེད་ཐུབ་ཀྱི་མ་རེད། མི་མང་པོ་ཞིག་གིས་མཉམ་ལས་བྱེད་ན་བསྒྱུར་བཅོས་བཏང་ཐུབ། འཐུས་མིའི་གོ་ས་ལ་སླེབས་རྗེས་མི་མང་གི་འགན་ཁུར་དགོས། དེ་ནི་ཡར་སླེབས་པའི་སྐབས་འཕྲལ་ཙམ་མིན་པར་ནམ་རྒྱུན་ནས་མི་མང་གི་འགན་ཁྱེར་དགོས། ཞེས་དང༌།

སྤྱི་འཐུས་འོས་མི་ཟླ་སྒྲོལ་ལགས་ཀྱིས། ང་ཚོའི་གཞུང་དེ་མང་གཙོ་ཡང་དག་པ་ཞིག་རེད་ལ་མང་གཙོ་ཚད་ལྡན་ཞིག་མ་རེད། ང་རང་ནི་ན་གཞོན་ཞིག་ཡིན་པ་དང༌། ད་མི་རབས་གསར་པས་འགན་ཁྱེར་བའི་དུས་ལ་སླེབས་ཡོད། གནའ་མིའི་གཏམ་དཔེ་ལ་ཡུལ་ལ་བདེ་སྐྱིད་བཟོ་ནུས་ན། རྒྱལ་པོ་ཨ་ནེ་ཡིན་ན་ཡང་ཆོག་ཟེར་བའི་དཔེ་ལྟར་ཡུལ་ལ་བདེ་སྐྱིད་བཟོ་ནུས་ན། སྤྱི་འཐུས་བུ་མོས་བྱས་ཀྱང་ཆོག་ཅེས་གསུངས་བཤད་གནང༌། དེ་ནས་སྤྱི་འཐུས་ཁག་གཅིག་དང་སྤྱི་འཐུས་འོས་མི་རྣམས་བཅས་ཁྱོན་མི་བཅུ་གཅིག་གིས་གསུང་བཤད་དང་མི་མང་གིས་དྲི་བ་ལའང་ལན་འདེབས་གནང་ཡོད་པ་རེད ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
བློ་བཟང་སེངྒེའི་རྒྱབ་བསྐྱོར་བས་ཡིག་རྨོངས་པར་མགོ་བསྐོར་གཏོང་འདུག རོགས་རམ་པ་གཅིག་གིས་རང་ལས་གཞན་པའི་ཡིག་རྨོངས་པར་གཉིས་ལས་མང་བར་རོགས་པ་བྱེད་མི་ཆོག་པ་དེ་འོས་བསྡུ་སྒྲིགས་གཞི་ནང་གསལ་ཡོད། འོན་ཀྱང་བློ་སེང་གི་རྒྱབ་བསྐྱོར་བ་ཕོ་གསར་ཁ་ཤས་དང་གྲྭ་ཆས་གྱོན་པའི་གྲྭ་པ་རྫུན་མ་འགས། བཞུགས་སྒར་རྡ་རམ་ས་ལར་ཡིག་རྨོངས་པ་གཉིས་ལ་མང་བར་འོས་འཕེན་རོགས་བྱེད་ཁུལ་གྱི་རང་གི་འདོད་མིར་འོས་འཕེན་བྱས་འདུག གཡོ་བྱུས་དང་ཐ་ཤལ་གྱི་བྱ་ཐབས་བེད་སྤྱོད་གཏོང་ནས་ས་གནས་པུ་ལི་སི་སོགས་ཀྱི་དམ་སྒྲགས་བྱེད་དགོས་བྱུང་འདུག ས་གནས་འོས་བསྡུ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁུང་། ས་གནས་རྒྱ་དཔོན་སོགས་ནས་དམ་སྒྲགས་དང་དོ་དམ་གནང་ཡང་། ལམ་འགྲོ་ཕྲན་བུ་རྒྱུགས་ཡོད་པའི་གནས་ཚུལ་ཐོན་འདུག་འོན་ཀྱང་མི་རབས་གསར་པ་དང་གཞོན་སྐྱེས། ད་དུང་དབུས་ཕོངས་ཀྱི་བུ་ཕྲུགས་སོགས་ཚིགས་གི་ལམ་ནས་སྐད་ཆ་སྙན་པོ་བཤད་པ་དང་། མི་མཐུན་པའི་གཡོ་སྒྱུའི་བྱ་ངན་ལག་ལེན་མུ་མཐུད་ན་བོད་མི་མང་ལ་དོན་དམ་གྱི་གྱོང་དང་ཕམ་དེ་ཡོངས་ངན་ཆེ་བས། རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་ཡིག་རྨོངས་པར་ངེས་པར་ཐུགས་འཁུར་དང་གཞན་གྱི་གཡོ་འོག་ཏུ་མི་ཚུད་པར་རོགས་རམ་གནང་སྐྱོང་མཛད་པ་ཞུ། སོ་སོའི་འདོད་པའི་བཀའ་ཁྲིར་འོས་འཕེན་ཐུབ་པ་དགོས། དངོས་གཞིའི་སྐབས་སུ་མི་མང་ཚང་མས་དོ་སྣང་དང་ཡིད་ཟབ་མཛད་དགོས་པའི་གལ་ཆེ་ཞིག་ཏུ་འགྱུར་ཡོད།
བསྟན་འཛིན་འཕགས་པ་ལགས་ཁྱེད་ཀྱི་བོད་དོན་དང་ལྷག་པར་དུ་འོས་བསྡུའི་སྐོར་དྲ་རྒྱའི་ཐོག་བཀོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆབ་གཅིག་ཏུ་བོད་གཞུང་འོས་བསྡུ་ལྷན་ཁང་གི་ལས་བྱེད་ལ་གཉིད་སྨན་ཟས་ནས་བསྡད་ཡོད་པ་སོགས་ཁུངས་ལུང་མེད་པའི་སྐད་ཆ་མང་དག་ཞིག་དང་། ལྷག་པར་དུ་དགེ་སློབ་བར་ལ་དམ་ཚིག་མི་གཙང་བ་སོགས་ཀྱི་གཏམ་འཆལ་སྤེལ་བ། བསྟན་འཛིན་རང་གྲོལ་རྒྱ་མིའི་སོ་པ་ཡིན་པ་སོགས་ཀྱི་རྒྱབ་བརྟེན་དང་དམིགས་ཡུལ་གང་ཡོད་དམ། བཙན་བྱོལ་སྤྱི་ཚོགས་ནང་དོན་མེད་ཀྱི་ལམ་གླེང་མང་དག་ཞིག་གི་སྤྱི་ཚོགས་ནང་མ་བཀོད་རོགས་གནང་དྲ་རྒྱ་འདི་བོད་ཕྱི་ནང་གཉིས་ནས་གཟིགས་མཁན་མང་དག་ཞིག་ཡོད་པ་མཁྱེན་དགོས་པ་ཞུ། ཕྱོགས་ལྷུང་གི་བསམ་བློ་མང་བའི་ད་བར་དཀའ་སྔུག་མང་དག་ཞིག་གི་རྒྱུད་རིམ་ནང་གནས་བཞིན་པའི་ངང་སྒྲོ་འདོགས་ཀྱི་བློ་གསར་པ་དང་ཕན་ཚུལ་སྐུ་འདེབས་ཀྱི་ལས་ངན་དང་བྱུས་ངན་མ་བཤམས་རོགས་གནང། འོས་བསྡུའི་ལས་རིམ་ནང་དཀའ་ངལ་དེ་དག་མེད་པ་དང་ལམ་སྟོན་སོགས་ཡོད་ཚེ་འགྲོ་ལུགས་ཡོད་པས་དེ་དེ་བཞིན་དུ་ལག་ལེན་བསྟར་གནང་ཡོད་པ་མཁྱེན།
ཕྱི་ལོ་༡༠༡༠་ཟླ་༡༠་ཚེས་༣་་ཉིན་མ་འོང་བཀའ་སྤྱི་གཉིས་པོའི་འོས་བསྡུ་ཆེན་པོ་འདི་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད་་་། ཡིན་ན་ཡང་འོས་བསྡུ་དེབ་སྐྱེལ་ཡག་པོ་བྱེད་མ་ཐུབ་པའི་རྨྱོ་གླིང་མང་དག་སླེབས་ཀྱི་འདུག་་། དཔེར་ན་རྦེལ་རྐབ་སློབ་གྲ་ཞིག་གི་ནང་རྒན་རྒན་ཚོའི་མ་འོང་བཀའ་ཁྲི་འོས་བསྡུ་ཚོད་ལྟ་བྱེད་ནས་། དང་པོ་མཁས་དབང་བློ་བཟང་སེང་གེ་མཆོག་སླེབས་འདུག་་། དེ་ལྟན་རྒན་རྒན་ཚོའི་འདོད་པ་བཞིན་མ་སླེབས་ནས་ཕྱོགས་རིས་ཐེན་ཁྱེར་གྱིས་ཕྱོགས་སུ་ལྷུང་དེ་། སློབ་ཕྲུག་བཞི་བརྒྱ་ལྔ་བརྒྱའི་དེབ་སྐྱེལ་ཡག་པོ་བྱེད་ཀྱུག་མི་འདུག་་་།སོང་ཙང་དེའི་ནག་ཉིན་ཆ་ཚང་རྒན་རྒན་ཚོའི་ངེས་པར་དུ་ཁུར་དགོས་པ་མ་ཚད་་་དགོངས་སེལ་ཡང་ཞུ་དགོས་་་་དེ་ཡང་མ་ཚད་རྡ་སའི་གཡས་གཡོན་དུ་རྒོལ་པ་པུར་བཅས་སློབ་གྲ་ཁ་བྱེད་ནང་།་ དེབ་སྐྱེལ་ཡག་པོ་བྱེད་མེད་པའི་རྨྱོལ་གླིང་མང་དག་གོ་རྒྱུ་པས་་་་།་་་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད་། འོས་བསྡུ་ལས་ཁུང་གི་གནད་ཡོད་མི་སྣ་ད་དུང་ཡང་གཉིད་ལས་སེད་མེད་པ་མ་ཚད་གཉིད་སྨན་ཡང་ཟ་ནས་སྡོད་འདུག་་་་་། ཨ་ཁ་གང་དྲག་་་་་གུས་པས་རེ་གུས་ནི་་་་་་དགྲ་དགའ་གཉིན་དང་ཕྱོགས་རིས་ཐེན་ཁྱེར་གྱིས་ཕྱོགས་སུ་ལྷུང་པ་དྲང་བདེན་གྱི་ཕྱོགས་སུ་ཕེབས་རོགས་ཞེས་འབུལ་གུས་འབུམ་ཁྲག་བཅས་སོ་་་་་་་་་བསྟན་འཛིན་འཕགས་པ་ནས་ཟླ་ཚེས་བཟང་པོ་ལ།།



བརྗོད་གཞི་གཞན་ཁག་ལ་གཟིགས།