རྒྱལ་བ་ཀརྨ་པ་མཆོག་འབྲས་ལྗོངས་སུ་ཕེབས་བཅུགས་རོཌ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༨ཉིན། འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་དུ་ཡོད་པའི་དད་ལྡན་འབྲས་ལྗོངས་པ་དང་བོད་མི། བལ་པོ་དང་རྒྱ་གར་བ་སྟོང་ཚོ་མང་པོས་ཟླ་༠༩ཚེས་༢༧ཉིན་གྱི་ཞོགས་པར་རྒྱ་གར་དབུས་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེར་རྟེན་གཞི་བྱས་ཡོད་པའི་རུམ་བཏེག་དགོན་དུ་ཕེབས་རྒྱུར་ཆོག་གནང་དགོས་པའི་དགོས་འདུན་བཏོན་ཡོད་འདུག

དེ་ཡང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཞི་རྒོལ་བ་སྟོང་ཚོ་མང་པོས་རྒྱ་གར་དབུས་གཞུང་གི་ངོས་ནས་འབྲས་ལྗོངས་ཀྱི་དད་ལྡན་མང་ཚོགས་ལ་ཡིད་ཆེས་གནང་བའི་སྒོ་ནས་རིན་པོ་ཆེ་མཆོག་གང་ཉིད་ཀྱི་འབྲས་ལྗོངས་ཀྱི་རུམ་བཏེག་གདན་སར་ཕེབས་བཅུག་དགོས་པ་དང་གལ་ཏེ་རྒྱ་གར་དབུས་གཞུང་གི་ངོས་ནས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་ཕྱིར་བསྐྱོད་འཚམས་གཟིགས་ཁག་ལ་དམ་དྲག་ཆེན་པོ་དེ་འདྲ་ཞིག་གནང་བ་དང་གང་ཉིད་ལ་རང་དབང་མ་སྤྲོད་པར་བཞག་གནང་ཚེ་རྒྱ་གར་དང་རྒྱ་ནག་གཉིས་དབར་ཁྱད་པར་གང་ཡང་མི་འདུག་བཅས་སོགས་འཕྲེད་དར་འདྲ་མིན་ཐོག་བྲིས་ཏེ་ཁྲོམ་སྐོར་སྐད་འབོད་བྱས་ཡོད་པ་རེད།

གཞན་ཡང་ཐེངས་འདིའི་ཞི་རྒོལ་སྐབས་ཁུལ་དེའི་མངའ་སྡེའི་བློན་ཆེན་པ་ཝན་འཆམ་གླིང་བཞུགས་གནས་བར་རྒྱང་བསྐྱོད་ཀྱིས་ཁོང་ལ་ངོ་རྒོལ་བ་ཚོའི་དགོས་འདུན་དང་དགོངས་ཚུལ་གང་ཡིན་བྲིས་པའི་ཕྱག་བྲིས་བློན་ཆེན་མཆོག་ལ་འབུལ་ལམ་ཞུས་ཡོད་ལ། ད་དུང་ཁུལ་དེའི་མངའ་སྡེ་བློན་ཆེན་མཆོག་གིས་ཀྱང་གནད་དོན་དེར་གལ་ཆེན་དོན་ཆེན་དུ་བརྩི་བ་དང་ཁོང་གིས་རྒྱ་གར་དབུས་གཞུང་ལ་གནད་དོན་དེ་དང་འབྲེལ་སྐོར་ཞིབ་རྒྱས་དབུས་རྒྱ་གར་གཞུང་ལ་ཕྱག་བྲིས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་ལུགས་ཞི་རྒོལ་གོ་སྒྲིག་པར་འགྲེལ་བརྗོད་གནང་ཡོད་པ་རེད།།
གསར་འགྱུར་དང་པར་རིས་འདི་ག་གསར་ཁང་གི་རང་དབང་གསར་འགོད་པ་ཕུན་ཚོགས་ཆོས་སྒྲོན་ནས་མཁོ་སྤྲོད་གནང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༧རྒྱལ་དབང་ཀརྨ་པ་མཆོག་ཕེབས་བཞུག་རང་དབང་མ་ཕུལ་ན་རྒྱ་ནག་གཞུང་དང་ཁྱད་མེད་ཡིན་པ་གསལ་པོ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།