ྋརྒྱལ་དབང་སྐུ་ཕྲེང་༡༣པ་ཐུབ་བསྟན་རྒྱ་མཚོག་གི་མཛད་རྣམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

09january200922ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༡ཉིན་སྤེལ། ྋརྒྱལ་དབང་སྐུ་ཕྲེང་༡༣་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་མཛད་རྣམ་སྐོར་གྱི་དཔེ་དེབ་ཅིག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་དབུ་འབྱེད་ཞུས་ཡོད་པ་དང༌། ྋརྒྱལ་དབང་སྐུ་ཕྲེང་༡༣་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་མཛད་རྣམ་གྱི་དཔེ་དེབ་དེ་ཡང་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་ལྗགས་རྩོམ་གནང་བ་ཞིག་དང་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་བ་ཞིག་ཡིན་པ་རེད།

དབུ་འབྱེད་མཛད་སྒོའི་ཐོག་དྷ་རམ་ཤ་ལའི་རྒྱ་གར་མཐོ་སློབ་ཀྱི་སློབ་དགེ་ཟུར་པ་སྐུ་ཞབས་ཤར་མ་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གཞན་ཡང་སྐུ་མགྲོན་ཁག་ཅིག་དང་གསར་འགོད་པ་བཅས་སླེབས་ཡོད་པ་རེད།

ྋགོང་ས་མཆོག་གི་མཛམ་རྣམ་རྩོམ་སྒྲིག་པ་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་ྋརྒྱལ་དབང་སྐུ་ཕྲེང་༡༣་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་མཛད་རྣམ་གྱི་དཔེ་དེབ་བརྩམས་པའི་དགོས་དམིགས་སོགས་ཀྱི་སྐོར་གསུང་བའི་སྐབས་ྋརྒྱལ་དབང་སྐུ་ཕྲེང་༡༣་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཕྱི་ལོ་༡༩༡༣ལོའི་ཟླ་༢ཚེས་༡༣ཉིན་བོད་དེ་རང་དབང་རང་བཙན་གྱི་ཡུལ་གྲུ་ཞིག་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་ལུགས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
བོད་པ་ཚང་གི་སྐྱོན་ཆ་ཆེ་ཤོས་དེ་འདི་རེད། དེབ་དེ་ཀློག་ཡོད་མེད་ལ་མ་་བལྟས་པར་དེབ་འབྲི་མཁན་མི་གཤིས་ལ་སྐྱོན་ཆ་གླེང་མགོ་འཛུགས་འདུག དངོས་ནས་ཡིད་སྐྱོ་བ་ཞིག་རེད།
དབྱུགས་པ་མ་རེད། དབུ་ལུ་ལབ་ཀྱི་ཡོད་རེད།
མང་པོ་ཞིག་གིས་ཁོང་སྣར་སྐྱིད་བོད་ཡིག་གི་པ་ལགས་ཟེར་བ་དང་ཡང་མང་པོ་ཞིག་ནས་ཁོང་ལ་གཞན་མེད་པའི་དབྱུགས་པ་ཞིག་ཡོད་པ་རེད་ཟེར་མཁན་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།