བོད་རང་དབང་ཆེད་འཛམ་གླིང་སྐོར་བསྐྱོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༢༡ཉིན། གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་དང་བོད་མིའི་དཀའ་སྡུག་རྒྱལ་སྤྱིའི་ཐོག་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཆེད་དུ་བྷག་བྷག་བཞོན་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་དུ་མར་སྐོར་བསྐྱོད་པ་ལྷག་པ་ཚེ་རིང་ལགས་ཉེ་དུས་རྒྱ་གར་གྱི་གྲོང་ཁྱེར་ཆའི་ནེ་ཞེས་པར་ཕེབས་འབྱོར་ཐུབ་ཡོད་ཀྱང༌། ཁུལ་དེ་ནས་བཞུགས་སྒར་བར་དུ་བོད་ཀྱི་མང་གཙོའི་དུས་དྲན་དུ་སླེབས་དགོས་ཡོད་ནའང་ཁུལ་དེར་བྷག་བྷག་གི་ཡིག་ཆ་འགའ་ཚང་མིན་གྱི་གནས་ཚུལ་ལྷགས་ཏེ་སྐབས་ཤིག་རིང་སྐོར་བསྐྱོད་མཚམས་འཇོག་བྱ་དགོས་བྱུང་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་ཨ་རིའི་ཡུལ་མིའི་ལག་ཁྱེར་ཡོད་མཁན་བོད་མིའི་སྐྱབ་བཅོལ་བ་སྐུ་ཞབས་ལྷག་པ་ཚེ་རིང་ལགས་ཀྱིས་འདི་ལོའི་ཟླ་༣ཚེས་༡༠ཉིན་ཏེ་བོད་མིས་རྒྱ་ནག་གཞུང་གིས་བཙན་འཛུལ་དང་བོད་མིར་མནར་གཅོད་བཏང་བའི་ཞི་བའི་སྒེར་ལངས་ཆེན་མོའི་དུས་དྲན་གྱི་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་འགོའཛུགས་ཀྱིས་འཛམ་གླིང་གི་ཡུལ་གྲུ་༢༢ལྷག་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཆེད་དུ་སྐོར་བསྐྱོད་གནང་ཟིན་ཡོད་པ་དང༌། ཁོང་རྒྱ་གར་དུ་ཕེབས་འབྱོར་གནང་སྐབས་དཀའ་ངལ་ཁག་ཅིག་ལ་གདོང་ལེན་གནང་དགོས་བྱུང་ཡོད་པར་བརྟེན་ཁོང་གིས་བྷག་བྷག་བཞོན་ནས་འཛམ་གླིང་ལ་སྐོར་བ་ཆ་ཚང་ཞིག་རྒྱག་རྒྱུ་དེ་ད་ལྟ་ཉེན་ཁ་འོག་གནས་ཡོད་པ་རེད།

དེ་ཡང་ཁོང་གིས་གནས་ཚུལ་ཞིག་སོ་སོའི་བོད་དོན་ལས་འགུལ་སྐོར་སྤེལ་སའི་དྲ་རྒྱའི་ཐོག་བྲིས་གནང་བར་གཞིགས་ན། ཁོང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཞེས་པ་ནས་ཟླ་འདིའི་ཚེས་༡༧ཐོན་ཏེ་རྒྱ་གར་གྱི་གྲོང་ཁྱེར་ཆའི་ནེ་ཁུལ་དུ་ཕེངས་འབྱོར་གནང་སྐབས་ཁོང་གི་སྐོར་བསྐྱོད་བྱེད་རྒྱའི་བྷག་བྷག་གི་རྒྱ་གར་ནང་དུ་སྐོར་བསྐྱོད་ཆོག་མིན་གྱི་ཡིག་ཆ་ཁག་ཅིག་ལ་ཁྲིམས་མཐུན་ཆགས་མིན་གྱི་གནས་སྟངས་འོག་ས་གནས་སྐོར་སྲུང་བས་བསྡུས་ཡོད་པར་བརྟེན་ད་ལྟ་སྐོར་བསྐྱོད་མཇུག་སྐྱོང་མ་ཐུབ་པར་ལུས་ཡོད་ལུགས་སྤེལ་ཡོད་འདུག

ང་རང་གིས་ནུས་ཤུགས་དང་སོ་སོར་ཡོད་ཚད་བཏང་སྟེ་དམིགས་ཡུལ་བཟུང་བ་ལྟར་སྐཽར་བསྐྱོད་ཀྱི་ལས་འགུལ་ཆ་ཚང་མ་འགྲུབ་བར་རྒྱ་གར་བཞག་ནས་འགྲོ་རྒྱུ་མིན་ལ། ད་ལྟ་རྒྱ་གར་ནས་བྷག་བྷག་རག་ཐབས་སུ་དེའི་ཁྲིམས་མཐུན་ཡིག་ཆ་ཁག་འབྱོར་སོན་ཡོང་བར་ད་བར་ཉིན་༢རིང་རེ་སྒུག་བྱས་ནས་བསྡད་ཡོད། ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཁོང་གིས་ད་བར་འཛམ་གླིང་གི་ཡུལ་གྲུ་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཉི་ཧོང༌། དབྱིན་ལན་ཌི། ཁེ་ན་ཌ། རྒྱ་གར། དེ་བཞིན་ཡོ་རོབ་ཀྱི་གླིང་ཕྲན་སོགས་ལ་སྐོར་བསྐྱོད་བརྒྱུད་ནས་འཛམ་གླིང་མི་མང་གི་ངོས་ནས་བོད་དང་བོད་མིའི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས། དེ་བཞིན་བོད་རང་དབང་གི་ཆ་འཕྲིན་དེ་མི་མང་དེ་ཚོར་ཁྱབ་ཐུབ་དང་གོ་རྟོགས་ཐུབ་པ་བྱེད་ཆེད་དུ་སྐོར་བསྐྱོར་གྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པ་རེད།

གཞན་ཡང་ཁོང་ལ་རྒྱ་གནས་གཞུང་གིས་ཆོག་མཆན་ནམ་ཐུབ་པ་ན་གྲོང་ཁྱེར་ཆའི་ནེ་ནས་བཞུགས་སྒར་དྷ་རམ་ཤ་ལ། པྷེང་ལོ་གྲོང་ཁྱེར། མུམ་བྷའེ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་སྐོར་བསྐྱོད་གནང་སྟེ་བོད་དོན་གྱི་ལས་འགུལ་དེ་མཐུག་བསྒྲིལ་གནང་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།