བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཐོག་སྙན་ཐོ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༣ཉིན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་གྲོས་ཆོད་དགོངས་དོན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་ཉིན་དྲུག་རིང་བསྐོང་ཚོགས་གནང་བ་བཞིན་ཕྱི་ཚེས་ ༢༦ ཉིན་སྔ་དྲོ་དབུ་འབྱེད་མཛད་སྒོ་གྲུབ་འཕྲལ་ཚོགས་ཆུང་ཁག་བརྒྱད་དུ་ཆ་བགོས་ལྟར་ཚོགས་ཆུང་སོ་སོའི་ཐུན་མོང་གི་བརྗོད་གཞི་ཆབ་སྲིད་དང༌། མང་གཙོ་འཕེལ་རྒྱས་ཀྱི་སྐོར་ཚོགས་ཐེངས་དྲུག་དང༌། དེ་རྗེས་ཉིན་གཉིས་རིང་ཚོགས་ཆུང་སོ་སོའི་གཏན་འབེབས་གྲོས་གཞིའི་ཐོག་གྲོས་བསྡུར་ཞིབ་ལྷུག་གནང་བའི་བསམ་ཚུལ་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཁག་ཕྱི་ཚེས་ ༣༠ ཉིན་དོན་ཚན་རེ་རེ་བཞིན་སྙན་སྒྲོན་དང་འབྲེལ་གཏན་འབེབས་ཞུས་པའི་མཐའ་དོན་ཕྱོགས་བསྡོམས་སྙན་ཐོ་འགོད་འབུལ་ཞུས་པ་གཤམ་གསལ།ཆབ་སྲིད་དང་འབྲེལ་བའི་སྐོར།
༡༽ སྤྱི་ནོར་ྋ་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང༌། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེད་ནམ་ཡང་མི་བཞེད་པའི་མཚན་འཁོད་སྙན་ཞུ་ཚོགས་ཆེན་འདི་བརྒྱུད་ནས་འབུལ་རྒྱུ། སྤྱི་མོས།
༢༽ མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ལག་བསྟར་ཐོག་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་རིམ་པའི་དགོངས་དོན་བོད་དོན་བདེན་མཐའ་གསལ་ཐབས་ཐད་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དང་བསྟུན་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་སྔར་མུས་བཞིན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང༌། ྋགོང་ས་མཆོག་གིས་ཐག་གཅོད་ཕྱག་བསྟར་ཇི་གནང་ལ་བློ་རྩེ་གཉིས་མེད་ཀྱིས་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ། སྤྱི་མོས། ༢
༣༽ བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་སྒྲོམ་གཞིའི་འོག་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་ཐད། སྤྱིར་མང་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་གོང་འཕེལ་འགྲོ་བཞིན་ཡོད་ནའང་ད་དུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་གཞོན་སྐྱེས། རྒྱ་མི་རིགས། རྒྱལ་སྤྱིའི་ནང་སྔར་ལྷག་གོ་རྟོགས་དང་ཁ་གསལ་ཡོང་སླད་བརྒྱུད་ལམ་འདྲ་མིན་ཐོག་བཀའ་སྤྱི་གཉིས་ཀྱི་གཙོས། ལས་ཀྱི་སྣེ་མོ་བ་རྣམ་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་སྒྲིག་ཁག རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་བཅས་པར་དཔྱད་ཞིབ་ཀྱིས་མུ་མཐུད་གོ་རྟོགས་སྤེལ་གལ་ཆེ། སྤྱི་མོས།
༤༽ བོད་མིའི་འཐབ་རྩོད་ནི་བོད་ཀྱི་བདེན་མཐའ་གསལ་ཐབས་ཡིན་པས་བོད་མིའི་གཅིག་བསྒྲིལ་གྱི་ནུས་པ་འབུར་དུ་བཏོན་དགོས་གལ་ཆེ་བས། དབུ་མ་དང༌། རང་བཙན་སོགས་ཀྱི་ལྟ་གྲུབ་གང་ཡིན་རུང༌། ལྟ་གྲུབ་འཛིན་མཁན་དབར་ཕན་ཚུན་འགལ་ཟླ་ལྟག་སྤྲོད་ལྟ་བུ་མིན་པར། ཕྱོགས་ཕན་ཚུན་ཚང་མས་གུ་བཤངས་དང༌། གུས་བརྩི་བྱ་དགོས་པ་དང༌། ལྷག་པར་བོད་ཀྱི་གནས་བབ་ཛ་དྲག་སྐབས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་རྩ་དོན་ཐད་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་གཞུང་གི་ལམ་སྟོན་འོག་ངོ་བོ་གཅིག་དང་འབོད་སྒྲ་གཅིག་གི་ཐོག་ནས་གནང་དགོས། སྤྱི་མོས།
༥༽ བཙན་བྱོལ་བོད་གཞུང་འདི་ཉིད་ཁྲིམས་མཐུན་གྱི་ལོ་རྒྱུས་ལྡན་པའི་གཞུང་ཞིག་ཡིན་པ་དང༌། ྋགོང་ས་མཆོག་ནི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་ལོ་རྒྱུས་ལྡན་པའི་དབུ་ཁྲིད་ཡིན་པས། བཙན་བྱོལ་བོད་གཞུང་འདི་ཉིད་བོད་མིའི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་པར་རྒྱ་མི་རིགས་གཙོས་པའི་རྒྱལ་སྤྱིའི་ནང་ངོ་སྤྲོད་བྱ་དགོས། སྤྱི་མོས།
༦༽ རང་རེའི་ལས་ཀྱི་སྣེ་མོར་གཏོགས་པས་གཙོས་རྒན་རབས་ཚོས་མིག་དཔེ་བཟང་པོ་བསྟན་པའི་ཐོག་བཙན་བྱོལ་སྒྲིག་འཛུགས་སྤྱི་དང༌། ལྷག་པར་བོད་རིགས་གཞོན་སྐྱེས་ཚོར་བོད་རྒྱལ་ཁབ་ཀྱི་ལ་རྒྱ་དང༌། མི་རིགས་ཀྱི་ལར་ཞེན་སོགས་རང་དོན་སྤངས་ཏེ་སྤྱི་དོན་སྒྲུབ་ཐབས་ཀྱི་རྒྱལ་གཅེས་སློབ་གསོ་དུས་ནས་དུས་སུ་སྤེལ་དགོས་པ་དང༌། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་བཙན་བྱོལ་བོད་མིའི་གནས་སྡོད་ས་ཁུལ་ཁག་ལ་གང་མང་བསྐོར་བསྐྱོད་འཚམས་གཟིགས་དང་འབྲེལ་རང་གཞུང་གི་སྲིད་བྱུས་བྱེད་སྒོ་ལམ་སྟོན་ངོ་སྤྲོད་གནང་དགོས་ཐོག་གཞུང་འབྲེལ་ཚགས་དེབ་དང་གལ་ཆེའི་གསལ་བསྒྲགས་ཁག་མང་ཚོགས་ལ་གང་མང་འགྲེམས་སྤེལ་ཐུབ་པ་གནང་དགོས། སྤྱི་མོས།
༧༽ བཙན་བྱོལ་བོད་མི་གནས་ཡུལ་ས་གནས་སམ་རྒྱལ་ཁབ་སོ་སོའི་ཡུལ་མི་དང་འབྲེལ་ལམ་དམ་ཟབ་གནང་དགོས་ཐོག གནས་ཡུལ་སོ་སོའི་ཡུལ་སྐད་དང༌། ཡུལ་ཁྲིམས། རིག་གཞུང་བཅས་ལ་གུས་བརྩི་ཞུ་དགོས་༣
གལ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནུས་པ་གོང་འཕེལ་གཏོང་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པའམ་མཛའ་འབྲེལ་ཚོགས་པ་མེད་སར་གསར་འཛུགས་གནང་རྒྱུ་བཅས་ཀྱི་ཐད་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྔར་ལྷག་འབད་བརྩོན་གནང་དགོས།་ སྤྱི་མོས།
༨༽ རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་སྲ་བརྟན་ཆེད། ཆིག་བསྒྲིལ་གྱི་ཉིན་མོ་སྲུང་བརྩི་བྱ་གལ། སྤྱི་མོས།
༩༽ ཅི་སྟེ་དུས་ཚེས་ངེས་ཅན་ནང་བོད་རྒྱ་གཉིས་ཕན་གྱི་གྲུབ་འབྲས་ཁ་གསལ་ཞིག་མ་བྱུང་ཚེ་དེ་བསྟུན་སྲིད་བྱུས་ཤིག་ད་ལྟ་ནས་གྲ་སྒྲིག་གནང་འོས་གནང་གལ་ཆེ། རྒྱབ་སྐྱོར་ ༡༡༤ དགག་ཆ་ ༤༦
༡༠༽ ཐབས་ལམ་སྣ་ཚོགས་བརྒྱུད་ནས་བོད་ནང་གི་རྒྱལ་གཅེས་ལས་འགུལ་བ་དང༌། བླ་མ་དང་མཁན་པོ། གྲྭ་བཙུན། རྩོམ་པ་པོ། གཞས་པ་སོགས་ཀྱི་བྱས་རྗེས་རྣམས་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱ་རྒྱུར་མུ་མཐུད་ཤུགས་སྣོན། དེ་བཞིན་བོད་ནང་གི་རྒྱལ་གཅེས་བརྩམས་ཆོས་དང༌། སྒྲ་ཐག་ལ་སོགས་པ་བཙན་བྱོལ་བོད་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་དཔར་བསྐྲུན་གྱིས་གོང་འཕེལ་གཏོང་དགོས། སྤྱི་མོས།
༡༡༽ རྒྱ་ནག་གཞུང་ནས་ ༢༠༠༧ ལོར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་ཐབས་ཀྱི་ཡིག་ཆ་ཨང་ ༥ པ་ཞེས་པའི་ཁྲིམས་ཡིག་གཏན་འབེབས་ཡིག་ཆ་དེར་བཙན་བྱོལ་བོད་གཞུང་ནས་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་པ་ལ་ཚོགས་ཆེན་འདིའི་ཐོག་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ། རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོ་ལྟར་སྡེ་དྲུག་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་དང༌། མ་འོངས་པར་ཡང་བྱེད་སྟངས་དེ་རིགས་ལ་ངོས་ལེན་རྩ་བ་ཉིད་ནས་མེད་པའི་ལས་འགུལ་བརྩམ་དགོས། སྤྱི་མོས།
༡༢༽ ད་ལྟ་རྒྱ་གཞུང་གིས་ཕྱི་རྒྱལ་དོན་གཅོད་ཁག་ཏུ་བོད་དོན་རྒྱུས་ཅན་མི་སྣ་བཀོད་སྒྲིག་བྱས་ཏེ། བོད་པའི་སྤྱི་ཚོགས་ནང་འཛུལ་ཐབས་ཀྱིས་དཀྲུག་ཤིང་དབྱེན་སྦྱོར་བྱ་ཐབས་དང༌། ཕྱིར་གཏོང་རྒྱ་མིའི་སློབ་ཕྲུག་ཁག་ལ་བོད་དོན་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཤུགས་ཆེ་སྤེལ་བཞིན་པར་གདོང་ལེན་གྱི་སྲིད་བྱུས་གཏན་འབེབས་གནང་གལ། སྤྱི་མོས།
༡༣༽ རྒྱལ་སྤྱིའི་ཁྲིམས་ཀྱི་དགོངས་དོན་བཙན་འཛུལ་བྱས་པའི་ཡུལ་གྲུ་ཞིག་ལ་མི་འབོར་གནས་སྤོས་བྱས་མི་ཆོག་པ་གསལ་ཡོད་ཀྱང༌། རྒྱ་ནག་གི་གཡོ་སྒྱུའི་སྲིད་བྱུས་སྣ་ཚོགས་ཐོག་རྒྱ་མི་འབོར་ཆེན་བོད་ལ་གནས་སྤོས་༤
ཀྱིས་བོད་མི་རིགས་རྩ་བརླག་ཏུ་གཏོང་བ་དང༌། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང༌། སྐད་ཡིག ཁོར་ཡུག་རྩ་གཏོར་བཏང་དང་གཏོང་བཞིན་པ་ལ་ངོ་རྒོལ་གྱི་ཆབ་སྲིད་བསྒྲགས་གཏམ་ཞིག་སྤེལ་དགོས། སྤྱི་མོས།
༡༤༽ འཛམ་གླིང་ས་ཕྱོགས་གང་སར་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཆེད། རྒྱལ་སྤྱིའི་རང་བཞིན་གྱི་མཐོ་སློབ་སློབ་མའི་རྒྱལ་ཡོངས་ཚོགས་ཆེན་དུས་བསྟུན་བསྐོང་ཐབས་གནང་གལ། སྤྱི་མོས།
༡༥༽ བཙན་བྱོལ་བོད་གཞུང་ནས་གཞོན་སྐྱེས་ཚོ་དང་འབྲེལ་བའི་ལས་དོན་རྐང་ལེན་བྱེད་མཁན་འཛིན་སྐྱོང་ལས་ཁུངས་ཤིག་གསར་འཛུགས་བྱེད་གལ། སྤྱི་མོས།
༡༦༽ བལ་ཡུལ་ནང་ཆབ་སྲིད་འགྱུར་འགྲོས་དང་འབྲེལ་བལ་ཡུལ་གནས་སྡོད་སྐྱབས་བཅོལ་བོད་མྀའི་གནས་སྟངས་ལའང་དོ་ཕོག་འགྲོ་བཞིན་ཡོད་ཁར། ལྷག་པར་དུ་ཚགས་པར་ནང་དངོས་བདེན་མིན་པའི་གནས་ཚུལ་འདྲ་མིན་བཀོད་ཐོན་བྱུང་རིགས་ལ་སྐབས་འཕྲལ་སོ་སོར་རང་གཞུང་ནས་ལན་འདེབས་ཡོང་བའི་འབྲེལ་ཡོད་རྣམས་ལ་བྱེད་སྒོའི་ལམ་སྟོན་གནང་དགོས་པ་དང༌། བཙན་བྱོལ་བོད་གཞུང་ནས་བལ་གནས་བོད་མིའི་ཆེད་དམིགས་བསལ་དགོངས་བཞེས་གནང་གལ། སྤྱི་མོས།
༡༧༽ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་གཞུང་ནས་བབ་བསྟུན་གྱིས་འབྲེལ་ལམ་འཇོག་དགོས༌། རྒྱབ་སྐྱོར་ ༡༣༡ དགག་ཆ་ ༩༣
༡༨༽ སྤྱི་འཐུས་རྣམ་པས་གཙོས་གཞུང་ཞབས་ལས་བྱེད་རྣམས་གཞུང་འབྲེལ་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་བྱ་དགོས། དགག་ཆ་ ༤ ཚད་མཐོའི་མང་མོས་
༡༩༽ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་དང་འགྲན་དུ་མེད་པ་ཞིག་ཡིན་ཞིང༌། ཁོང་ལ་མི་དམངས་དཀྱུས་མ་ལྟ་བུ་ལས་འགུལ་སོགས་ལ་མཉམ་ཞུགས་དགོས་ལུགས་ཞུས་པ་དང༌། ྋརྒྱལ་བ་རིན་པོ་ཆེ་དང་མང་གཙོ་སུ་གཙོ་ཆེ་བ་ཡིན་ཚུལ་བརྗོད་བབ་དེའི་རིགས་ལ་དགག་བྱ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྤྱི་མོས།
༢༠༽ ྋགོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་ལྟ་གྲུབ་སྲིད་བྱུས་ཀྱི་རིག་པའི་གཞུང་ལུགས་འདི་བཞིན་བོད་རིགས་གཞོན་སྐྱེས་གྲངས་འབོར་ངེས་ཅན་ཞིག་ལ་གཏིང་ཚུགས་པའི་སློབ་གསོ་སྤྲད་དེ་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་ལྟ་གྲུབ་གོ་རྟོགས་སྤེལ་བར་འབད་བརྩོན་གནང་གལ། སྤྱི་མོས།
༢༡༽ བོད་ནང་རྒྱ་ནག་གཞུང་གིས་སྐྱེ་སྒོ་བཀག་པའི་སྲིད་བྱུས་བཙན་པོ་དབང་ཡོད་ཀྱིས་ལག་བསྟར་དང༌། རང་དབང་ལུང་པའི་ནང་བཙན་བྱོལ་དུ་འབྱོར་བའི་བོད་རིགས་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཁག་དཀྲི་བྱེད་པ་༥
དང་བསམ་སྤྱོད་ལ་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་བོད་མིའི་མི་འབོར་ལོ་རེ་ནས་ལོ་རེར་ཉམས་ཆག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སུ་གྱུར་ཡོད། རང་ཅག་གངས་ཅན་པའི་ཆབ་སྲིད་བརྟན་ལྷིང་རྒྱུན་གནས་ཡོང་བ་དང་མི་རིགས་འཕེལ་རྒྱས་ཡོང་སླད་རྒྱ་གཞུང་གིས་སྲིད་བྱུས་ངན་པ་དེར་ངོ་རྒོལ་དང༌། བཙན་བྱོལ་བོད་གཞུང་གི་བཙན་བྱོལ་བོད་མིའི་མི་འབོར་འཕེལ་རྒྱས་ཡོང་སླད་སྲིད་བྱུས་སམ་ལས་འཆར་ཞིག་གསར་བཟོ་གནང་དགོས་གལ་དང༌། ཆབས་ཅིག་ཕྲུ་གུ་མང་བ་རྣམས་ལ་དམིགས་བསལ་བལྟ་རྟོག་དང་རོགས་མགོན་གནང་དགོས། སྤྱི་མོས།
༢༢༽ བཙན་བྱོལ་དུ་འབྱོར་མ་ཐག་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་བོད་མི་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་བོད་མི་ཡོངས་μོགས་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་ཕུལ་བ་བཞིན་ཆོལ་གསུམ་སེར་སྐྱ་མི་མང་ཡོངས་ནས་ཕྱོགས་ལྷུང་འཐེན་འཁྱེར་སྤངས་ཏེ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུ་གནང་དགོས་གལ། སྤྱི་མོས།
༢༣༽ བོད་རྒྱ་མི་རིགས་གཉིས་བསམ་ཚུལ་བརྗེ་ལེན་ཆེད། བོད་རྒྱ་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་ཞིག་གསར་བཟོ་བྱ་གལ་ཆེ། སྤྱི་མོས།
༢༤༽ བོད་པའི་སྤྱི་མཐུན་བསོད་ནམས་གསོག་སླད་ཉ་སྟོང་བརྒྱད་གསུམ་ལ་དམར་ཟས་སྤང་རྒྱུ་དང༌། རྩ་དོན་ཐོག་བོད་མི་ཚང་མའི་བསམ་སྤྱོད་གཅིག་གྱུར་གནང་གལ། སྤྱི་མོས།
༢༥༽ བླ་སྤྲུལ་དང་མཁན་པོ། དགེ་བཤེས་རྣམས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་སྤྱི་དང༌། ལྷག་པར་རྒྱུན་དུ་འབྲེལ་འདྲིས་དཀོན་པའི་རྒྱལ་ཁབ་རྣམས་སུ་གསུང་ཆོས་བསྩལ་ཞོར་དུ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་རྣམས་ངོ་སྤྲོད་གནང་བར་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད་པས་རང་གཞུང་ནས་ཁོང་རྣམས་ལ་དེ་དག་གང་མང་གནང་དགོས་པའི་འབོད་སྐུལ་གནང་གལ། དེ་བཞིན་རྒྱ་གར་འཕགས་པའི་ཡུལ་གྱི་གཙོས་ནང་པའི་ཆོས་རྒྱུད་འཛིན་པ་རྣམས་དང༌། ཕྱི་རྒྱལ་ཡུལ་གྲུ་གང་སའི་ཆོས་བྱེད་མི་སྣ་རྣམས་ལའང་དེ་ལྟ་བུའི་ངོ་སྤྲོད་གནང་དགོས་གལ། སྤྱི་མོས།
༢༦༽ བོད་རྒྱའི་དཀའ་རྙོག་ནི་ཕན་ཚུན་བཀའ་མོལ་བརྒྱུད་སེལ་ཐབས་དགོས་སྟབས་འབྲེལ་མོལ་མུ་མཐུད་དེ་གྲངས་གང་མང་མང་གནང་ཐབས་དགོས་པ་དང༌། འབྲེལ་མོལ་སྐུ་ཚབ་ཚོགས་པའི་ནང་རྒྱ་ཡིག་རྒྱ་སྐད་ལ་ཆེད་དུ་མཁས་པའི་མི་སྣ་རབ་བྱུང་ན་བརྒྱ་ཆ་ ༥༠ དང་དེ་མ་བྱུང་ན་རེ་གཉིས་ཤིག་ངེས་པར་དུ་གཏོང་དགོས་རྒྱུ། འབྲེལ་མོལ་སྐུ་ཚབ་ནང་མི་རབས་རྒན་དར་གཞོན་གསུམ་སྣ་འཛོམས་བྱུང་ན་དགེ་མཚན་ཆེ་བར་མངོན། རྒྱབ་སྐྱོར་ ༡༠༩ དགག་ཆ་ ༡༠༢ ༦
༢༧༽ རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་སོགས་ཀྱི་འོག་ནས་ྋགོང་ས་མཆོག་ལ་བསམ་ཡུལ་ལས་འདས་པའི་མཚན་སྨད་སྐུར་འདེབས་ཀྱི་བསྒྲགས་གཏམ་དང༌། ཡིག་ཆ་འདྲ་མིན་སྣ་ཚོགས་ཐོན་བཞིན་པ་དེ་དག་ལ་དུས་ནས་དུས་སུ་སྤྱི་སྒེར་སུ་རུང་ནས་ལན་འདེབས་ཚ་ནན་གནང་དགོས། སྤྱི་མོས།
༢༨༽ བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་འགྲིག་འདུམ་པ་ནུས་པ་ལྡན་པའི་རྒྱལ་ཁབ་ཅིག་འཚོལ་ཞིབ་གནང་དགོས། སྤྱི་མོས།
༢༩༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་འབངས་གཞིས་བྱེས་གཉིས་ཀྱི་སྲོག་རྩ་ཉག་ཅིག་ཡིན་པར་སོང་ྋརྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་ཞུ་སྒོ་ཡོངས་μོགས་སྔར་ལྷག་གཞུང་སྒེར་གཉིས་ནས་དམ་དོན་གནང་གལ། སྤྱི་མོས།
༣༠༽ གཞིས་ལུས་རྒྱ་ཆེ་མང་ཚོགས་ཡོངས་ཀྱིས་སོ་སོའི་རྒྱལ་ཁབ་དང༌། མི་རིགས་ཀྱི་དོན་དུ་གཅེས་པའི་རང་སྲོག་དང་བཅས་པ་བློས་བཏང་གིས་རྒྱལ་ཞེན་དང་སེམས་ཤུགས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བ་དང་སྦྲགས། ད་ལྟ་རྒྱ་ནག་གཞུང་གི་བཙོན་ཁང་ཁག་གི་ནང་ཡོད་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་བཀྲོལ་ཡོང་ཐབས་སྔར་ལྷག་འབད་བརྩོན་གནང་རྒྱུ་དང༌། ཆབ་སྲིད་བཙོན་ཟུར་རྣམས་ལ་བཙན་བྱོལ་གཞུང་ནས་གཟིགས་སྐྱོང་མི་དམན་པ་གནང་དང་གནང་བཞིན་པ་དེ་ལྟར་ཡང༌། ད་དུང་ཡང་ཁོང་རྣམས་ལ་གཟིགས་སྐྱོང་གང་གཟབ་གནང་དགོས་གལ།་ དགག་ཆ་ ༢ ཚད་མཐོའི་མང་མོས་
༣༡༽ དེང་གི་ཆར་རང་རེའི་སྤྱི་ཚོགས་ནང་ཁྲིམས་མཐུན་མིན་པའི་བརྒྱུད་ལམ་སྣ་ཚོགས་བརྒྱུད་ཕྱི་བསྐྱོད་བྱེད་པའི་རྐྱེན་གྱིས་བཙན་བྱོལ་བོད་མི་དང་བཙན་བྱོལ་གཞུང་གི་མཚན་མཐོང་ལ་གནོད་ཚབས་ཆེ་བས་དེའི་ཐད་འབྲེལ་ཡོད་ནས་དམ་དོན་གནང་གལ་ཆེ་ཞིང༌། བོད་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་གནང་གལ། སྤྱི་མོས།
༣༢༽ རྒྱ་བལ་འབྲུག་གསུམ་དུ་བོད་མིའི་ངོ་བོ་གནས་ཕྱིར་དམིགས་བསལ་གྱི་ས་གནས་གཞུང་ནས་ལས་ཀ་རག་ཐབས་ཀྱི་མཚོན་པའི་ཐོབ་ཐང་རིགས་སྔར་ལྷག་འཐོབ་ཕྱིར་གཞུང་སོ་སོར་འབྲེལ་ལམ་ཐོག་ནས་དོན་འབྲས་སྨིན་ཐབས་བྱ་རྒྱུ། སྤྱི་མོས།
༣༣༽ ཕྱི་རྒྱལ་དུ་ཡོད་པའི་དོན་གཅོད་ཁང་ཁག་ཅིག་ནང་རྒྱ་སྐད་ཤེས་མཁན་གྱི་རྒྱ་བོད་འབྲེལ་མཐུད་པ་ཡོད་ཀྱང༌། ད་དུང་དོན་གཅོད་ཁང་གཞན་ཁག་ནང་དགོས་གལ་ལ་གཟིགས་ཏེ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐབས་གནང་གལ། སྤྱི་མོས། ༧
༣༤༽ བོད་ནང་ཆབ་སྲིད་གོ་རྟོགས་སྤེལ་སླད། རང་གཞུང་ནས་ད་ཡོད་བོད་སྐད་རླུང་འཕྲིན་ནང་བོད་སྐད་ལས་རིམ་དུས་ཚོད་ཇེ་མང་དུ་གཏོང་ཐབས་གནང་གལ་དང༌། གསར་འགྱུར་བརྒྱུད་ལམ་ཁག་སྤྱི་སྒེར་སུ་ཡིན་ནས་ཆ་ཤས་ལེན་སྐབས་རྒྱ་གཞུང་གི་ལག་ཆར་མི་འགྱུར་བ་ཐུགས་སྣང་གནང་གལ། སྤྱི་མོས།
མང་གཙོ་འཕེལ་རྒྱས་དང་འབྲེལ་བའི་སྐོར།
༡༽ བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་གཞི་རྩར་བཟུང་ཐོག བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་པ་ནས་གཞུང་སྲིད་ལམ་ལུགས་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང༌། དེང་དུས་ཀྱི་མང་གཙོའི་རྣམ་གཞག་དང་མཐུན་པའི་སྒོ་ནས་བོད་མི་རྣམས་བཙན་བྱོལ་དུ་འདས་པའི་ལོ་ ༥༠ ནང་མང་གཙོ་ཚད་ལྡན་གྱི་བཙན་བྱོལ་གཞུང་བསྐྲུན་གནང་མཛད་པ་དང༌། བཙན་བྱོལ་སྤྱི་ཚོགས་གཞན་དང་མི་འདྲ་བ་བསྒྲུབས་པ་ལ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌། མ་འོངས་པར་ཡང་མང་གཙོ་འཕེལ་རྒྱས་གཏོང་རྒྱུའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་དུས་ནས་དུས་སུ་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། སྤྱི་མོས།
༢༽ སྤྱིར་མང་གཙོའི་སྒྲོམ་གཞིའི་ནང་མི་མང་གི་མངོན་འདོད་གཙོ་བཟུང་བྱ་དགོས་པ་དང༌། ཡང་སྒོས་གང་ཟག་གི་དབང་བསྒྱུར་ལས་ཁྲིམས་ཀྱི་དབང་བསྒྱུར་གལ་འགངས་ཆེ་བར་བརྟེན། བཀའ་སྤྱི་གཉིས་གཙོས་ལས་ཀྱི་སྣེ་མོ་བས་མང་ཚོགས་ལ་བཅའ་ཁྲིམས་གཙོ་གྱུར་སྒྲིག་གཞི་ཁག་གི་སྐོར་དང༌། མང་གཙོའི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་དགོས་པ་མ་ཟད། གལ་ཆེའི་ཁྲིམས་སྒྲིག་ཁག་སྐད་ཡིག་གཞན་ནང་ཕབ་བསྒྱུར་ཞུ་ཐབས་ཞུ་དགོས། སྤྱི་མོས།
༣༽ ས་གནས་འཐུས་ཚོགས་བཙུགས་ཟིན་པ་རྣམས་ཀྱི་ལས་དོན་ཚགས་ཚུད་ཡོང་ཐབས་སུ་དུས་ནས་དུས་སུ་དགོས་ངེས་ཟབ་སྦྱོང་སྤྲོད་དགོས་པ་དང༌། སྦེལ་ཀོབ་ལྟ་བུའི་ས་གནས་སུ་ས་འཐུས་མེད་སར་བཅའ་ཁྲིམས་དགོངས་དོན་ས་འཐུས་འཛུགས་ཐུབ་པ་བྱ་དགོས། སྤྱི་མོས།
༤༽ བོད་མི་འདུས་སྡོད་ས་གནས་ཁག་གི་ས་གནས་འགོ་འཛིན་མི་མང་ནས་ཐད་ཀར་འོས་འདེམས་བྱ་ཐུབ་པ་བྱེད་དགོས། སྤྱི་མོས། ༨
༥༽ བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་མེད་པའི་ས་གནས་ཁག་ཏུ་བཅའ་ཁྲིམས་དགོངས་དོན་འཛུགས་ཐུབ་པ་བྱ་དགོས། སྤྱི་མོས།
༦༽ འབྱུང་འགྱུུར་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་བོད་མི་ཡོངས་ནས་རང་དོན་རང་གཅེས་ཀྱིས་དངོས་སུ་ཆ་ཤས་བཞེས་དགོས་པ་དང༌། དེ་ཡང་རང་གི་མང་གཙོའི་ལས་འགན་དང་ཐོབ་ཐང་ལོངས་སུ་སྤྱད་པའི་ཐོག་ནས་བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་རྣམས་ཤེས་འཇོན་གཉིས་ལྡན་དང༌། མང་གཙོའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ལག་ལེན་ཞུ་མཁན་ལྷག་བསམ་ཅན་གྱི་སྤྱི་མི་ཚད་ལྡན་འོས་འདེམས་བྱ་དགོས། སྤྱི་མོས།
༧༽ ད་ལྟའི་སྤྱི་འཐུས་ཀྱི་ཡོང་ཁུངས་རང་འཇགས་བཞག་ཐོག་བཙན་བྱོལ་བོད་མི་ཡོངས་ནས་འོས་བསྡུ་བྱེད་དགོས་པའི་བཅའ་སྒྲིག་བསྐྱར་བཅོས་གནང་དགོས། རྒྱབ་སྐྱོར་ ༡༢༠ དགག་ཆ་ ༥༩
༨༽ སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་གྲངས་ཚད་ས་གནས་མི་འབོར་གཞིར་བཟུང་ཆ་བགོས་གནང་གལ།རྒྱབ་སྐྱོར་ ༡༣༡ དགག་ཆ་ ༩༩
༩༽ སྤྱི་འཐུས་ལས་དོན་འགལ་འཛོལ་བྱེད་མཁན་ལ་རྩ་དགོངས་སམ་ཕྱིར་འབུད་གཏོང་ཐུབ་པའི་སྒྲིག་གཞིའི་ཆ་རྐྱེན་འཇོག་གལ། ས་འཐུས་ལའང་དེ་མཚུངས་དགོས།རྒྱབ་སྐྱོར་ ༡༩༦ དགག་ཆ་ ༧
༡༠༽ འོས་བསྡུའི་སྐབས་གང་ཟག་གཅིག་ལ་འོས་བསྡུའི་ཐོབ་ཐང་གཅིག་ལྷག་སྤྲོད་མི་ཆོག་པའི་སྒྲིག་གཞི་བཟོ་དགོས།རྒྱབ་སྐྱོར་ ༡༥༨ དགག་ཆ་ ༧༢
༡༡༽ འབྱུང་འགྱུར་བཀའ་ཁྲི་སུ་སླེབས་ཀྱང་ལས་ཁུངས་རེར་བཀའ་བློན་རེ་བསྐོ་དགོས།རྒྱབ་སྐྱོར་ ༡༡༣ དགག་ཆ་ ༨༡
༡༢༽ འོས་བསྡུ་ཆེན་མོའི་དུས་ཚེས་ཕྱི་ཟླ་༣ ནས་༨ བར་གཏན་འཁེལ་གནང་ཐུབ་ན་དགེ་མཚན་ཆེ། སྤྱི་མོས།
༡༣༽ ས་འཐུས་ལ་དབང་ཆའི་ས་མཚམས་གསལ་པོ་དགོས་པ་དང༌། སྤྱི་ལྷན་ནས་དེའི་ཐད་སྤྱི་ལ་ཁྱབ་པའི་སྒྲིག་གཞི་བཟོ་གལ། སྤྱི་མོས།
༡༤༽ མ་འོངས་པར་སྤྱི་འཐུས་ཚོགས་གཙོ་གཉིས་རེས་མོས་བྱེད་དགོས་པ་འདི་རིགས་མ་ཡོང་བ་བཟོ་དགོས།སྤྱི་མོས།
༡༥༽ འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རྣམས་དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱེད་དགོས་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེ་ཇུས་གནང་མི་འོས། སྤྱི་མོས། ༩
༡༦༽ མ་འོངས་པར་ཚོགས་ཆུང་ཆ་བགོས་སོ་སོའི་ནང༌། ནང་སྲིད་ཤེས་རིག་འཕྲོད་བསྟེན་ལ་སོགས་བརྗོད་གཞི་ཆ་ཚང་ཐོག་དགོངས་འཆར་སྤུངས་རྒྱུའི་ཆ་རྐྱེན་བསྐྲུན་དགོས།སྤྱི་མོས།
༡༧༽ འཛིན་སྐྱོང་དང་ཁྲིམས་བཟོའི་དབར་ཐུགས་མཐུན་ཁྲིམས་གཙང་ཡོང་ཐབས་གནང་གལ། སྤྱི་མོས།
༡༨༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་ལ་བསྐྱར་ཞིབ་དང་འབྲེལ། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་ད་དུང་མང་གཙོའི་ལས་དོན་སྒྲུབ་རྒྱུ་ཁག་གི་ཐོག་ཐུགས་སྣང་ཆེ་བསྐྱེད་ཀྱིས་འགྱུར་བ་གཏོང་དགོས་གཏོང་རྒྱུ། སྤྱི་མོས།
༡༩༽ སྤྱི་འཐུས་ཀྱི་ལས་ཡུན་བཀའ་ཁྲིའི་ལས་ཡུན་ལྟར་རྒྱས་བཅད་དགོས་པ། རྒྱབ་སྐྱོར་ ༡༤༧ དགག་ཆ་ ༧༥
༢༠༽ བཀའ་སྤྱིའི་འོས་བསྡུ་སྐབས་ཡིག་རྨོངས་པར་དྲང་པོ་ཡོང་ཆེད་གཟུ་དཔང་མཉམ་འཁྲིད་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་བྱ་དགོས། སྤྱི་མོས།
༢༡༽ མང་གཙོའི་ལྟ་སྒྲུབ་དང༌། ལས་འགན། ཐོབ་ཐང་བཅས་ཀྱི་སྐོར་སློབ་གྲྭ་ཁག་གི་སློབ་ཚན་དུ་ངེས་པར་དུ་བཅུག་དགོས་པ་དང༌། སློབ་ཕྲུག་ཁག་ལ་མང་གཙོའི་གོ་རྟོགས་སྤེལ་དགོས། སྤྱི་མོས།
༢༢༽ སྤྱི་འཐུས་རྣམ་པས་སྤྱི་མི་ཚད་ལྡན་ཞིག་གནང་བའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་ཆ་ཤས་བླངས་དགོས་པ་དང༌། ཚོགས་གཙོ་རྣམ་གཉིས་ཀྱིས་སྟངས་འཛིན་ནན་པོ་གནང་སྟེ་སྤྱི་ཚོགས་ཞི་འཇམ་དང་བཟང་སྤྱོད་ཀྱི་སྣེ་ཁྲིད་ཐུབ་པའི་ནུས་པ་བཏོན་ཐུབ་པ་བྱ་དགོས། སྤྱི་མོས།
༢༣༽ གྲོས་ཚོགས་འོག་མ་ལས་འགན་དབང་ཆེ་བའི་ཆེད་ལས་པ་དང༌། མཁས་དབང་ཁག་ལས་སྒྲུབ་པའི་གྲོས་ཚོགས་གོང་མ་ཞིག་འཛུགས་དགོས་འདུག རྒྱབ་སྐྱོར་ ༡༣༡ དགག་ཆ་ ༡༡༦
༢༤༽ བྱང་ཨ་རི་དང་ཤར་ཨེ་ཤ་ཡ་ས་གནས་ཁག་ཏུ་སྤྱི་འཐུས་སྤར་ཆ་དང༌། ས་མིག་གསར་གཏོད་བྱ་དགོས། དགག་ཆ་ ༣ ཚད་མཐོའི་མང་མོས།
༢༥༽ ཕྱོགས་བཞུགས་སྤྱི་འཐུས་རྣམ་པའི་ལས་འགན་གསལ་པོ་བཟོ་དགོས་པ་དང༌། ཕྱོགས་བཞུགས་ཀྱི་འགན་འཁུར་བའི་ཐོག་ས་གནས་འགོ་འཛིན་མཉམ་དུ་བོད་མིའི་ཆབ་སྲིད་དང་མང་གཙོའི་གོ་རྟོགས་གོང་མཐོར་གཏོང་སླད་འགན་འཁུར་ལེན་དགོས། སྤྱི་མོས།
༢༦༽ བཀའ་ཁྲི་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་སྐབས་འོས་མིག་རྣམས་འོས་རྟགས་དང༌། འདྲ་པར་མཉམ་སྦྱར་བྱུང་ན་དགེ་མཚན་ཆེ་ཞིང༌། སྐབས་སོ་སོའི་འོས་བསྡུའི་ནང་ཆ་ཤས་བླངས་མཁན་གྱི་ཞིབ་ཕྲའི་༡༠
གྲངས་ཐོ་བཅས་པ་གསལ་བསྒྲགས་གནང་ནས་མང་གཙོ་ཡར་རྒྱས་ཚགས་ཚུད་ཡོང་བར་ཕན་འབྲས་ཆེ། སྤྱི་མོས།
༢༧༽ རང་གཞུང་གི་མཐུན་སྦྱོར་འོག་མང་གཙོའི་ལམ་ལུགས་སྐོར་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་ཐུབ་པ་བྱ་དགོས། སྤྱི་མོས།
༢༨༽ བཅའ་ཁྲིམས་དགོངས་དོན་ཆོས་ལུགས་དང་ཆོས་བརྒྱུད་སྤྱི་འཐུས་མུ་མཐུད་གནས་ཐབས་དགོས་རྒྱུ། དགག་ཆ་ ༣ ཚད་མཐོའི་མང་མོས།
༢༩༽ བཀའ་སྤྱིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་སྔར་ལྷག་ལེན་ཐབས་ཆེད། དེབ་སྐྱེལ་དུས་ཚེས་ནང་གནང་ཐུབ་མེད་ན་འོས་འཕེན་སྐབས་ཆ་རྐྱེན་ཚང་ཡོད་རིགས་ལ་གོ་སྐབས་སྤྲོད་ཐུབ་པའི་སྒྲིག་གཞི་བསྐྱར་བཅོས་གནང་དགོག་གལ། སྤྱི་མོས། ༡༡
ཆོས་དང་རིག་གཞུང་སྐོར།
༡༽ རྒྱ་ནག་དམར་པོའི་སྲིད་གཞུང་ནས་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་རྒྱུན་སྲོལ་སོགས་ལ་རྩིས་མེད་ཀྱིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐད་ཡིག་ཆ་ཨང་ལྔ་པ་ཟེར་པ་ཧམ་བཟོ་བྱས་པར། རང་གཞུང་ཆོས་རིག་ལྷན་ཁང་དང་ཆོས་བརྒྱུད་ཁག་ལྔས་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་གནང་ཟིན་པར། ཚོགས་ཆེན་འདིའི་ཐོག་ནས་སྔར་བཞིན་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ། སྤྱི་མོས།
༢༽ ྋཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གི་བཙོན་འོག་ནས་འཕྲལ་དུ་གློད་གྲོལ་གྱིས། སྐུ་གོང་མའི་མཛད་བཟང་བདག་གིར་བཞེས་ཐུབ་ཆེད། གཞུང་མང་ཡོངས་ནས་སྔར་ལྷག་འབད་རྩོན་གནང་དགོས། སྤྱི་མོས།
༣༽ བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་མཛད་འཕྲིན་ཕྱོགས་མཐར་རྒྱས་ཤིང༌། ཕྱོགས་ཕེབས་སོགས་ཀྱི་མཛད་དཀའ་འཕྲད་བཞིན་པ་རྣམས་གཙང་སེལ་སླད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་ནས་ཐུགས་འཁུར་སྐྱེད་བཞིན་པའི་ཐོག རྒྱལ་ཡོངས་ཚོགས་ཆེན་འདི་ཐོག་ནས་རྒྱ་གར་དབུས་སའི་གཞུང་ལ་ཞུ་སྙན་ཞིག་ངེས་པར་འབུལ་གནང་ཡོང་བ་ཞུ། སྤྱི་མོས།
༤༽ བོད་ཀྱི་རིག་གཞུང་གི་སྲོག་རྩ་སྐད་ཡིག་ལ་ཐུག་ཡོད་པར་བརྟེན། བོད་ཀྱི་ཐུན་མིན་ངོ་བོ་གཅེས་འཛིན་དང༌། བོད་མིའི་ནུས་སྟོབས་གོང་འཕེལ་སླད། ༢༠༠༤ ཟླ ༧ ཚེས་༢༧ ལ་གཏན་འབེབས་གནང་བའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་དེ་ཉིད། བོད་ཁྱིམ་སློབ་གྲྭ་སོགས་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་ངེས་པར་གཅིག་གྱུར་ལག་བསྟར་དགོས། སྤྱི་མོས།
༥༽ བོད་ཀྱི་ཐུན་མིན་རིག་གཞུང་གི་སྙིང་པོ་ནང་ཆོས་གཅེས་འཛིན་སྲུང་སྐྱོབ་སླད། ཆོས་བརྒྱུད་སོ་སོའི་དབང་ལུང་མན་ངག་སོགས་སྔར་ལྷག་གོང་འཕེལ་གཏོང་ཐབས་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་གྲ་བཙུན་སྔགས་གསུམ་རྣམས་ནས་ཀྱང་མཁས་བཙུན་བཟང་གསུམ་ཡ་མ་བྲལ་བའི་སྒོ་ནས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར་བའི་ཀུན་སྤྱོད་གཟབ་ནན་གནང་དགོས། སྤྱི་མོས།
༦༽ བསྟན་པ་དེ་འཛིན་གྱི་སྐྱེས་བུ་བཟང་ལ་མང་བ་གསོ་སྐྱོང་ཡོང་སླད། ཆོས་ལུགས་ཆོས་བརྒྱུད་ཁག་སོ་སོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ནས་གྲྭ་རྒྱུན་གང་མང་གསར་འཇུག་ཐུབ་ཐབས་གནང་དགོས། སྤྱི་མོས།
༧༽ རང་གཞུང་ཆོས་རིག་ལྷན་ཁང་ནས་གཞི་རིམ་མང་ཚོགས་ཁྲོད། སྤྱི་ལ་ཁྱབ་པའི་ནང་ཆོས་ངོ་སྤྲོད་ཀྱི་སློབ་ཚན་གཏན་འབེབས་དང༌། ནང་ཆོས་ངོ་སྤྲོད་ཚོགས་ཆུང་ཁག་གིས་ཀྱང་ངོ་སྤྲོད་གནང་མཁན་བླ་སྤྲུལ་དགེ་བཤེས་སློབ་དཔོན་སོགས་གདན་འདྲེན་ཞུ་དགོས། སྤྱི་མོས། ༡༢
༨༽ བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་གོང་སྤེལ་སླད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་རྒྱུ་དང༌། དེ་བཞིན་ཡ་རབས་བཟང་སྤྱོད་དང༌། ལོ་རྒྱུས་སོགས་ཕ་མས་བུ་ཕྲུག་ལ་ཡང་ཡང་ངོ་སྤྲོད་དྲན་བསྐུལ་གྱིས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང༌། རང་ངོ་ཤེས་པ་བཟོ་དགོས། སྤྱི་མོས།
༩༽ བོད་རིགས་ཡོང་ནས་སྐད་ཡིག་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བེད་སྤྱོད་དགོས་པ་མ་ཟད། ཡ་རབས་བཟང་སྤྱོད་དང་འབྲེལ་བའི་གཏམ་གླེང་སོགས། རྒྱུན་ལྡན་ཀུན་སྤྱོད་ལ་ཡིད་གཟབ་ཀྱིས་བོད་མིའི་རིག་གཞུང་དང་ཆེ་མཐོང་སྲུང་སྐྱོབ་གཅེས་འཛིན་ངེས་པར་གནང་དགོས་ཤིང༌། དེའི་ཆེད་དུ་གཞུང་དང༌། ཁྱིམ་ཚང་སོགས་འབྲེལ་ཡོད་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས། སྤྱི་མོས།
༡༠༽ བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་གཙོ་བོ་ནི། བོད་དོན་བདེན་མཐའ་གསལ་མིན་ལ་རག་ལས་པས། ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པ་དང་དགོན་སྡེ་ཁག་ནས་མུ་མཐུད་ཐུགས་ཁུར་བསྐྱེད་བཞེས་ཡོང་བ་ཞུ་རྒྱུ། སྤྱི་མོས།
༡༡༽ ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པས་མི་མང་ནང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་མང་ཙམ་མུ་མཐུད་སྤེལ་དགོས། སྤྱི་མོས།
༡༢༽ དགོན་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་རྣམ་པ་ཕུད། དེ་མིན་གྲ་བཙུན་བྱིངས་ནས་ལག་ཐོགས་ཁ་པར་དང༌། གློག་ཀླད་བེད་སྤྱོད་གཏོང་མཚམས་འཇོག་དགོས་ཀྱི་གྲོས་ཆོད་དགོངས་དོན་ལག་བསྟར་རྒྱུན་སྐྱོང་ཞུ་དགོས། རྒྱབ་སྐྱོར་ ༥༧ དགག་ཆ་ ༥༦
༡༣༽ རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་གོང་མཐོར་གཏོང་སླད། སློབ་གྲ་ཁག་ཏུ་དགེ་རྒན་ཤེས་ཡོན་ཚད་ལྡན་རིགས་བསྐོ་འཇོག་གིས་དགེ་རྒན་གྱི་ལས་དོན་དང་ཆེ་མཐོང་ལ་དོ་ཕོགས་མི་འགྲོ་བ་དགོས་ཤིང༌། དགེ་རྒན་རྣམས་ལ་མཐུན་རྐྱེན་ཡང་གང་ལེགས་སྦྱོར་དགོས། སྤྱི་མོས། ༡༣
གཞིས་ཆགས་སྲ་བརྟན་སྐོར།
༡༽ བཟོ་གཞིས་ཁག་གི་ས་གནས་འགོ་འཛིན་རང་ཁུངས་ནས་འོས་འདེམས་ཞུ་རྒྱུ་ནི་ཁྲིམས་སྒྲིག་གི་འགྲོ་སྟངས་ཙམ་ཡིན་པའི་འགྲེལ་འརྗོད་མ་ཡིན་པར། ས་གནས་འགོ་འཛིན་ཁག་ས་གནས་རང་ནས་འོས་འདེམས་ཐུབ་པ་བྱུང་ན་ཁེ་ཕན་ཇི་ཡོད་རྣམས་བཀའ་ཤག་དང་སྤྱི་ལྷན་ནས་ དམིགས་བསལ་དགོངས་བཞེས་ཀྱིས་གསལ་བཤད་གནད་དུ་སྨིན་པ་གནང་གལ། སྤྱི་མོས།
༢༽ མི་འབོར་འཕེལ་རྒྱས་གཏོང་སླད། ཕྲུ་གུ་མང་པོ་སྐྱེས་མཁན་ལ་འཚོ་སྣོན་དང༌། ཕྲུ་གུའི་སློབ་ཡོན་སོགས་མཐུན་རྐྱེན་སྦྱོར་རྒྱུའི་སྲིད་ཇུས་བཟོ་གལ། སྤྱི་མོས།
༣༽ བཟོ་གཞིས་ཁག་གི་ས་བོགས་ཡིག་ཆ་དུས་འགྱངས་ཞུ་སྒོ་ཅི་མཆིས་སྐབས་འཕྲལ་ལག་བསྟར་དགོས་གལ་མ་ཟད་ས་ཐོ་ལག་འཛིན་མེད་རིགས་ལ་སྐབས་འཕྲལ་ཐོབ་ཐབས་བྱ་གལ། སྤྱི་མོས།
༤༽ གཞིས་མི་ཞིང་ས་རང་འདེབས་བྱེད་མི་དང་སྒོ་ཕྱུགས་གསོ་སྐྱོང་བྱེད་མཁན་རྣམས་ལ་དམིགས་བསལ་བསྔགས་བརྗོད་དང༌། དཔལ་འབྱོར་གྱི་རོགས་སྐྱོར་བྱེད་དགོས་ཧ་ཅང་གལ་ཆེ་མ་ཟད། གཞིས་ཆགས་ལ་ཤིན་ཏུ་དགོས་གལ་ཆེ་བའི་འཕྲུལ་བཟོའི་ལས་བྱེད་ཇི་དགོས་གསར་བསྐོ་གནང་ཕྱོགས་རང་གཞུང་བཀའ་ཤག་ནས་དགོངས་བཞེས་གནང་གལ། སྤྱི་མོས།
༥༽ གཞིས་ཆགས་ཁག་ནང་ས་ཞིང་རང་འདེབས་མ་ཐུབ་པར་ཡུལ་མིར་བོགས་གཏོང་བྱེད་པ་འདིས་དུས་ཚོད་མི་རིང་བའི་ནང་ཉེ་འཁོར་ཡུལ་མིའི་ཐོག་ནས་དཀའ་རྙོག་ཆེན་པོ་བཟོ་ཉེན་མངོན་པས། ནང་སྲིད་ལས་ཁུངས་ནས་ཉིན་འགྱངས་ཞག་འབུད་དུ་མ་སོང་བའི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ཚོགས་ཆུང་གི་སྙན་ཐོའི་གནས་སྟངས་ལ་གཞིགས་པའི་ཕྱག་བསྟར་མཛད་ཕྱོགས་ཡོང་བ་གནང་གལ། སྤྱི་མོས།
༦༽ བལ་ཡུལ་དུ་ཛ་དྲག་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་རྒྱལ་ཁབ་གཞན་ཞིག་ཏུ་སྤོ་ཐབས་གནང་གལ།་སྤྱི་མོས།
༧༽ བཀའ་སྤྱི་གཉིས་ནས་བལ་ཡུལ་བོད་མིའི་དཀའ་སེལ་ཆེད་ཛ་དྲག་ལས་འཆར་བཀོད་སྒྲིག་དགོས་རྒྱུ། སྤྱི་མོས།
༨༽ བལ་ཡུལ་ནང་རང་གཞུང་གི་སྒྲིག་འཛུགས་ཁག་གི་ལས་བྱེད་དུ་བལ་སྡོད་བོད་རིགས་ཚོ་བསྐོ་བཞག་གནང་དགོས། སྤྱི་མོས།
༩༽ གཞིས་ཁག་ཉེ་འཁྲིས་ཀྱི་གྲོང་ཁྱེར་ཁག་ཏུ་ཁྲོམ་ས་ཉོ་སྒྲུབ་བམ། ཡང་ན་ཚོང་ཁང་བཟོ་སྐྲུན་གནང་སྟེ། ལོ་ཧྲིལ་པོར་ཚོང་ལས་གཉེར་ཐུབ་པའི་ཐབས་ཤེས་བསྟེན་གལ་ཆེ། སྤྱི་མོས། ༡༤
༡༠༽ བལ་གོས་འཚོང་མཁན་ལ་ཁྲལ་འབབ་ཆག་ཡང་ཡོང་ཐབས་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་ཞུ་སྐུལ་གནང་དགོས་པ་དང༌། གཏན་འཇགས་ཁྲོམ་ས་རག་ཐབས་དགོངས་བཞེས་གནང་གལ། སྤྱི་མོས།
༡༡༽ ཁ་ཐོར་བོད་མི་རྣམས་གཞིས་ཁོངས་སུ་འཇུག་དགོས་པ་ཞུ་རྒྱུ། སྤྱི་མོས།
༡༢༽ སོ་ནམ་གཞིས་སྒར་ཁག་གི་རང་སྐལ་ས་མཚམས་སུ་ར་བ་བསྐོར་བའམ་ས་དོང་འདྲུ་དགོས། སྤྱི་མོས།
༡༣༽ གཞིས་སྒར་ཁག་ཏུ་རང་ཁ་རང་གསོ་ཐུབ་པའི་ལག་ཤེས་བཟོ་གྲྭའི་རིགས་གསར་འཛུགས་གནང་དགོས། སྤྱི་མོས།
༡༤༽ གཞོན་སྐྱེས་ཚོའི་ཆེད་དུ་གཞིས་ཆགས་ནང་རྩེད་ཐང་དང༌། ལུས་རྩལ་སློབ་གཉེར་ཁང༌། དཔེ་མཛོད་ཁང་སོགས་དགོས་མཁོའི་མཐུན་རྐྱེན་བསྐྲུན་དགོས་གལ། སྤྱི་མོས།
༡༥༽ གཞིས་མིའི་སྡོད་ཁང་ཉམས་གསོའི་སླད་གཞུང་ནས་སྐྱེད་མེད་བུན་གཡར་ཡོང་ཐབས། སྤྱི་མོས།
༡༦༽ ལྷོ་གཞིས་ཁག་ཏུ་ཕྱི་རྒྱལ་ཡུལ་སྐོར་བ་ཡོང་རྒྱུར་མངའ་སྡེ་གཞུང་ལ་རོགས་ཕན་གནང་ཐབས་ཞུ་སྐུལ་གནང་དགོས། སྤྱི་མོས།
༡༧༽ ས་ཁང་སྒྲིག་གཞིར་བསྐྱར་ཞིབ་དང་འབྲེལ། དྲང་སྙོམས་ཀྱི་སྒོ་ནས་མཇུག་གནོན་ལག་བསྟར་གནང་གལ། སྤྱི་མོས།
༡༨༽ ས་ཁང་སྒྲིག་གཞིར། བོད་རིགས་ནང་ཁུལ་དུ་ས་ཁང་ནང་བཤུག་བྱེད་ཆོག་པའི་ཆ་རྐྱེན་འཇོག་དགོས་པ་དང༌། ཞིང་སའི་སྟེང་ཁང་པ་གསར་རྒྱག་ཆོག་པ་གནང་གལ། སྤྱི་མོས།
༡༩༽ གཞིས་ཆགས་སུ་ཡུལ་མི་དང་གཅིག་མཚུངས་ཀྱི་གུན་གསབ་དང་ཐོབ་ཐང་གཞན་ཁག་རག་ཐབས་གནང་གལ། སྤྱི་མོས།
༢༠༽ སོ་ནམ་གཞིས་ཆགས་ཁག་ཏུ་སྟོན་ཉེས་བྱུང་རིགས་ལ་གུན་གསབ་གནང་ཐབས་དགོངས་པ་བཞེས་དགོས། སྤྱི་མོས།
༢༡༽ སྤྱི་མཐུན་མཉམ་འབྲེལ་ནས་གཞོན་སྐྱེས་ཚོར་ལས་ཀ་སྤྲོད་ཐུབ་པའི་ཚོང་འབྲེལ་ལས་གཞི་སྤེལ་གནང་དགོས། སྤྱི་མོས།
༢༢༽ རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མི་ན་གཞོན་ལས་མེད་ཀྱི་དཀའ་ངལ་དང་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་དམིགས་སུ་ལས་འཚོལ་ལས་གཞིའི་ ཁྲྣཔྱྟདྲཐྲརྣ ཁྱནསྣྲརྡྣཕྲནྟརྣྤ ྔཏྲདྟནྟ འོག་ན་གཞོན་གང་མང་ལོ་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུགཏོང་ཐབས་དགོངས་བཞེས་གནང་དགོས་པ་འདུག དགག་ཆ་ ༤ ཚད་མཐོའི་མང་མོས། ༡༥
༢༣༽ ན་གཞོན་ལས་མེད་ཚོར་འཚོ་རྟེན་ལས་གཞིའི་ཆེད་སྐྱེད་མེད་བུན་གཡར་གནང་དགོས། སྤྱི་མོས།
༢༤༽ སོ་ནམ་གཞིས་སྒར་ཁག་ཏུ་གནམ་ཆུ་ཁོ་ནར་བརྟེན་མ་དགོས་པར་ཞིང་ཆུ་འདྲེན་གཏོང་གི་ཆ་རྐྱེན་རིགས་དགོས་གལ་ཆེ་ནའང༌། རང་གཞུང་བཀའ་ཤག་སྐབས་ ༡༢ དང་ ༡༣ ཐོག་ནས་ས་འོག་ཆུ་ནུས་མི་ཉམས་པའི་ཆེད་དུ་ཆུ་འདྲེན་མི་ཆོག་པའི་བཀོད་ཁྱབ་གནང་ཡོད། དོན་དངོས་ཀྱི་ཆ་ནས་ས་འབྲེལ་རྒྱ་གར་ཡུལ་མིའི་ས་ཞིང་ནང་ས་འོག་ནས་ཆུ་འདྲེན་བྱས་དང་བྱེད་མུས་ལ་སོང༌། རང་གཞུང་བཀའ་ཤག་གི་བཀོད་ཁྱབ་དེ་ཕྱིར་འཐེན་གྱིས། གཞིས་ཆགས་ཁག་ཁ་ཤས་ནང་ཞིང་ཆུ་འདྲེན་གཏོང་གི་ལས་འཆར་ལག་བལྟར་ཐུབ་རྒྱུར་བཀའ་ཤག་ནས་དགོངས་བཞེས་གནང་གལ། དགག་ཆ་ ༣ ཚད་མཐོའི་མང་མོས་
༢༥༽ མཉམ་སྦྲེལ་སྒྲིག་འཛུགས་རྣམས་ལ་གནས་ཡུལ་མངའ་སྡེ་སོ་སོ་ནས་ཐོབ་ཐང་ཁག་ལེན་རྒྱུ་ཡོད་པ་རྣམས་འབྲེལ་ཡོད་སོ་སོས་ངེས་པར་ལེན་ཐུབ་པ་གནང་དགོས་པ་འདུག། སྤྱི་མཐུན་སྒྲིག་འཛུགས་སོགས་ཀྱིས་བྷེང་ལོར་སོགས་གྲོང་འཁྱེར་ཆེ་ཁག་ནང་ཚད་ལྡན་མགྲོན་ཁང་འཛིན་གཉེར་དང༌། གཞིས་ཆགས་ཁག་ནང་བཟོ་ལས་ཁག་འཛུགས་སྐྲུན་དང་འཛིན་སྐྱོང་གནང་སྟེ་དེང་དུས་ཀྱི་སློབ་སྦྱོང་ལྡན་པའི་ན་གཞོན་རྣམས་ལ་ལས་ཀའི་གོ་སྐབས་སྐྲུན་ཐབས་གནང་གལ། སྤྱི་མོས།
༢༦༽ ད་བར་རྒྱ་གར་མངའ་སྡེ་ཆེ་ཆུང་ཚང་མའི་ནང་འཕྲལ་སེལ་དགུན་དུས་ཟླ་བཞི་རིང་དབུས་ས་གཉིས་ཀྱི་གཞུང་གི་བཀྲིན་ལ་བརྟེན་བལ་ཚོང་རྒྱབ་ཆོག་པའི་བཀའ་འཁྲོལ་དང་ས་ཆ་གནང་གི་ཡོད་ཀྱང༌། ད་ཆ་རྒྱ་གར་དབུས་ས་གཉིས་ནས་ས་ཆ་དང་བཀའ་འཁྲོལ་ཐོབ་རྒྱུར་ལོ་རེ་བཞིན་དཀའ་ངལ་ཆེ་འཕྲད་ལ་སོང༌། རང་གཞུང་ནས་རྒྱ་གར་དབུས་ས་གཉིས་དང་ལྷག་པར་དུ་པན་ཇབ་མངའ་སྡེ་གཞུང་བཅས་སུ་འབྲེལ་གཏུགས་ཀྱིས་དགུན་དུས་རིང་བལ་ཚོང་ཚོང་ལས་ཆོག་པའི་དགོས་མཁོའི་ཆ་རྐྱེན་མཐུན་འགྱུར་རོགས་རམ་གནང་དགོས་སྐོར་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།
༢༧༽ རིས་མེད་ཆོས་སྒར་ཁག་གི་ནང་འཛམ་གླིང་ཡུལ་གྲུ་གང་ས་ནས་ནང་ཆོས་ལ་ཐུགས་སྣང་དང་སློབ་གཉེར་ཆེད་ཡོང་མཁན་རྣམས་ལ་ས་གཞུང་སོ་སོའི་ནང་འཛུལ་རྒྱུ་དང་གནས་སྡོད་ལ་འགོག་རྐྱེན་སེལ་བར་རང་གཞུང་འབྲེལ་ཡོད་ལས་ཁུངས་ནས་ཐུགས་འཁུར་ཡོང་བའི་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།
༢༨༽ བོད་ནས་ཕྱིས་སུ་འབྱོར་བའི་རང་རིགས་ ༡༢༢ ནས་ ༢༠༡༠།༨།༢༦ འཁོད་པའི་ཞུ་སྙན་ལ་ཚོགས་དྲུང་ལས་ཁུངས་ནས་ཟུར་མཆན་དང་བཅས་འགྲེམས་འཐུས་ཕེབས་པའི་ནང༌། གཞིས་ཆགས་ཁག་གི་ནང་ས་ཁང་སོགས་ཀྱི་ཐོབ་ཐང་གནང་སྐྱབས་ཡོང་བ་ཞུས་དོན་ཐད། གཞིས་ཆགས་སྲ་བརྟན་ཆེད་གཞིས་ཆགས་ནང་གནས་སྡོད་བྱེད་མཁན་མི་འབོར་དགོས་པ་དང༌། ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་ཁ་ཐོར་མི་མང་གི་དཀའ་ངལ་༡༦
སེལ་རྒྱུ་སོགས་ལ་དམིགས་ཏེ་རྒྱ་བལ་འབྲུག་གསུམ་གྱི་ནང་ལོ་མང་ཁ་ཐོར་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་གང་སར་གནས་པའི་གསར་འབྱོར་བ་སོགས་ཁ་ཐོར་ཡོངས་ལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ནས་སྡོད་ཁང་སྐྲུན་ཐབས་སོགས་ཀྱི་དགོངས་བཞེས་དང་མཛད་ཕྱོགས་གནང་སྐྱབས་ཡོང་བ་ཞེས་འབྲེལ་ཡོད་ལ་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།
༢༩༽ ས་འཐུས་དང་མཉམ་འབྲེལ་སོགས་གཞི་རིམ་སྒྲིག་འཛུགས་སྲ་བརྟན་དང་འཐུས་སྒོ་ཚང་བ་བཟོ་གལ། སྤྱི་མོས།
༣༠༽ ཕྱི་རྒྱལ་མི་རིགས་དང་གཉེན་སྒྲིག་བྱེད་མཁན་ལ་དཔྱ་ཁྲལ་ལག་དེབ་གནང་ཕྱོགས་དགོངས་བཞེས། སྤྱི་མོས།
༣༡༽ ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་གྲུབ་ཆར་བསྐྱར་ཞིབ་ཀྱིས། མི་འགྲོ་རྣམས་ས་གནས་ཀྱི་ཚོགས་སྡེ་རྒྱ་གང་ཆེ་ནས་ཡོང་ཐབས་གནང་གལ། སྤྱི་མོས།
༣༢༽ འབྲུག་སྡོད་བོད་མིའི་དཀའ་སེལ་སླད་བཀའ་སྤྱི་གཉིས་ནས་དམིགས་བསལ་ཐུགས་འགན་བཞེས་གལ།སྤྱི་མོས། ༡༧
དཔལ་འབྱོར་སྐོར།
༡༽ བཀའ་ཤག་གི་གསུང་བཤད་ནང་དྭང་བླངས་དཔྱ་ཁྲལ་བསྡུ་འབབ་གོང་མཐོར་གཏོང་བའི་ལས་གཞི་སྤེལ་འཆར་ཡོད་པར་ཡིད་རངས་ཞུ་བ་དང་ཆབས་ཅིག་བོད་ཀྱི་ཡུལ་མི་དྭང་བླངས་དཔྱ་དངུལ་འབུལ་དགོས་མཁན་ཡོད་དོ་ཅོག་ནས་འཚེམས་ལུས་མེད་པར་དཔྱ་དངུལ་བསྡུ་ཐབས་ཕྱག་ལེན་འཁེལ་བ་གནང་སྐྱོང་དགོས་རྒྱུ།སྤྱི་མོས།
༢༽ འབྱུང་འགྱུར་བཙན་བྱོལ་བོད་གཞུང་གི་ལོ་རེའི་རྒྱུན་གྲོན་གཏན་འཇགས་མ་དངུལ་གྱི་སྐྱེད་འབབ་དང༌། དྭང་བླངས་དཔྱ་དངུལ་ནས་འདང་ངེས་ཤིག་ཡོང་བ་བཟོ་ཆེད་བཙན་བྱོལ་བོད་མི་ཀུན་གྱི་དྭང་བླང་དཔྱ་དངུལ་གྱི་བསྡུ་འབབ་འོས་འཚམ་ཞིག་སྤར་ཆ་གནང་དགོས་གལ། སྤྱི་མོས།
༣༽ བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་ལག་དེབ་གསར་པ་བཟོ་འགོ་ཚུགས་སྟེ་དུས་ཡུན་རིང་པོ་ཕྱིན་ནའང༌། ད་དུང་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དྭང་བླང་དཔྱ་དངུལ་ལག་དེབ་རྙིང་པའི་ནང་འབུལ་འབབ་བསྡུ་བཞེས་གནང་བཞིན་པ་གང་འཚམ་ཡོང་བཞིན་འདུག་པས་དེ་དག་ལ་དུས་ཚོད་རྒྱས་བཅད་ནང་མ་གོ་མ་ཐོས་མེད་པའི་ལན་བརྡ་སྤྲད་དེ་ལག་དེབ་གསར་པ་བཟོ་གནང་བའམ། ཡང་ན་ལག་ལེན་བསྟར་ཕྱོགས་ཀྱི་ལམ་སྟོན་ཁ་གསལ་དགོས་འདུག སྤྱི་མོས།
༤༽ རང་གཞུང་གི་འཆར་གཞི་ལམ་སྟོན་འོག་བོད་ཀྱི་དངུལ་ཁང་ཞིག་གསར་འཛུགས་གནང་ཐུབ་ན་བོད་མི་རང་གི་དངུལ་བོད་མིའི་དངུལ་ཁང་དེར་རྒྱུན་མཁོར་ཐུབ་པ་འབྱུང་གཤིས། བཙན་བྱོལ་བོད་གཞུང་མང་གཉིས་ཀར་ཕན་ཐོགས་ཆེ་བ་ཡོང་ངེས་ལ་སོང་དེ་ལྟར་འཛུགས་ཐབས་དགོངས་བཞེས་གནང་རྒྱུ། སྤྱི་མོས།
༥༽ སོ་ནམ་གཞིས་ཆགས་ཁག་ཏུ་སྔར་རྒྱུན་སྟོན་འབྲས་ཀྱི་ལམ་སྲོལ་བརྗེ་བསྒྱུར་གྱིས་ས་གནས་ལ་གཞིགས་པའི་ཤིང་འབྲས་སོགས་འདེབས་འཛུགས་ཀྱི་ལས་གཞི་ཁག་རྒྱ་བསྐྱེད་ཐུབ་ན་དགེ་མཚན་ཆེ་བར་མངོན། སྤྱི་མོས།
༦༽ རང་གཞུང་ནང་སྲིད་ལས་ཁུངས་ནས་བོད་རིགས་གཞོན་སྐྱེས་ཚོར་ལག་ཤེས་ལས་རིགས་སྦྱོང་བརྡར་བྱ་ཡུལ་ཟུར་འཛུགས་གནང་བ་བཀའ་དྲིན་ཆེ་བ་དེ་ལྟར་ཡང༌། ཁ་འཐོར་གཞིས་ཆགས་འགའ་རེར་སྦྱོང་བརྡར་ཐོན་རྗེས་ཉམ་ཐག་འགར་ལག་ཤེས་ཡོད་ཀྱང་ཁེ་གཉེར་ཚོང་ཁང་ཆུང་ངུ་ཞིག་ཀྱང་མེད་སྟབས་ལག་ཤེས་བེད་མེད་དུ་ལུས་པའི་གནས་ཚུལ་ལ་དཔལ་འབྱོར་གྱི་དཀའ་ངལ་སེལ་སླད་ནང་སྲིད་ཀྱི་སྒྲིག་དོན་༡༨
ལྟར་བུན་གཡར་སྔ་འདོན་གནང་ཐབས་བྱུང་ན་སློབ་སྦྱོང་གྱི་བྱས་འབྲས་སུ་འགྱུར་ངེས་ལ་དགོངས་བཞེས་ཡོང་བ། སྤྱི་མོས།
༧༽ བོད་མིའི་གཞིས་ཆགས་ཆེ་ཁག་གང་རུང་ཞིག་ཏུ་ སྐྲཎརྡརྡ སྐྲྟརྣྤྟཔྱ ཞིག་གསར་འཛུགས་གནང་ཐུབ་ན་བོད་ཕྲུག་ན་གཞོན་རྣམས་གཞིས་ཆགས་ནང་གཏན་སྡོད་བྱ་ཐུབ་པ་དང་དཔལ་འབྱོར་གྱི་ཁེ་ཕན་ཡོང་ངེས་སོང་དགོངས་བཞེས་གནང་གལ་ཆེ་བ། སྤྱི་མོས།
༨༽ ཕྱི་རྒྱལ་དུ་གནས་པའི་བོད་མི་ཁག་ཅིག་གི་རྒྱལ་གཅེས་མ་དངུལ་བཅའ་ཁྲིམས་དགོངས་དོན་ལྟར་གནང་བཞིན་ཡོད་རུང༌། ཕྱག་དངུལ་གཏོང་ཕྱོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་དངུལ་འབབ་རྣམས་དྲ་རྒྱ་བརྒྱུད་བསྡུ་ཐབས་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན། སྤྱི་མོས།
༩༽ ས་གནས་སོ་སོར་བཟོ་ལས་ཆུང་ཙག་འཛུགས་ཐབས་ལ་ས་གནས་མཉམ་འབྲེལ་ཁག་ནས་འགན་འཁུར་གྱིས་ལམ་སྟོན་དང་མཐུན་འགྱུར་གནང་ཐུབ་ཚེ་དཔལ་འབྱོར་འདུ་འགོད་ལ་ཕན་ཐོགས་ཡོང་ངེས། སྤྱི་མོས།
༡༠༽ བཙན་བྱོལ་སྤྱི་ཚོགས་ནང་ཉམ་ཐག་གི་ངོ་སྤྲོད་བྱ་ཚུལ་ལ་དངོས་འབྲེལ་མིན་པའི་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་རང་གཞུང་དབུས་ས་གཉིས་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་གལ་ཤིན་ཏུ་ཆེ། སྤྱི་མོས།
༡༡༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བལ་གོས་ཀྱི་ཚོང་ལས་སོགས་དགུན་ཚོང་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་པ་ཉུང་ཉུང་མིན་པར་བརྟེན། མ་རྩ་དཀའ་ངལ་ཅན་རྣམས་ལ་རང་གཞུང་ནས་སྐྱེད་མེད་དམ། སྐྱེད་ཆུང་བུན་གཏོང་གི་དགོངས་བཞེས་གནང་ཐབས་ཡོད་ཚེ་སྐྱབས་འཇུག་ངེས་པར་དུ་གནང་དགོས་རྒྱུ། སྤྱི་མོས།
༡༢༽ བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ནང་གཙང་ཁེའི་ཡོང་འབབ་ཀྱི་བརྒྱ་ཆ་རྩིས་སྐོར་གཏན་འབེབས་བྱས་པ་ནས་བཟུང་ཚོང་ཕུད་ཞབས་འདེབས་སོགས་འབུལ་མཁན་ཉུང་དུ་ཕྱིན་པ་མ་ཟད། སྒྲིག་གཞིའི་དགོངས་དོན་ལག་བསྟར་ཇི་བཞིན་བྱེད་ཐུབ་པ་རེ་ཟུང་ལས་བྱུང་མེད་པར་བརྟེན། སྒྲིག་གཞི་དོན་ཚན་བཅུ་གཅིག་པའི་ནང་གསེས་ ༣ པ་ཕྱིར་བསྡུ་གནང་སྟེ། དོན་ཚན་བཅུ་བཞི་པ་ངེས་མེད་ཞལ་འདེབས་ཁོངས་ཚོང་ཕུད་ཞལ་འདེབས་སམ། དམིགས་བསལ་ཞལ་འདེབས་གང་རུང་གི་ལམ་ནས་བསྡུ་བཞེས་ཡོང་བའི་ཐབས་ལམ་གསར་པ་ཞིག་བསྐྲུན་དགོས། ༡༩
སླད་ཕྱིན་དཔལ་འབྱོར་ལས་ཁུངས་དང་དམིགས་བསལ་རང་བདེན་ཚོགས་ཆུང་འབྲེལ་ལམ་གནང་སྟེ་བསྡུ་དངུལ་ཡར་རྒྱས་གཏོང་ཐབས་གནང་གལ། དགག་ཆ་ ༢ ཚད་མཐོའི་མང་མོས།
༡༣༽ ཁྲིམས་ཡིག་དགོངས་དོན་རྒྱ་བལ་འབྲུག་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་ཕོགས་ཡོད་རྣམས་ཀྱིས་ཕོགས་འབབ་ཀྱི་བརྒྱ་ཆ་འབུལ་དགོས་ཡོད་ཀྱང་ཕོགས་ཡོད་སོ་སོ་ནས་མཐུན་སྦྱོར་ཚད་ལྡན་གནང་མ་ཐུབ་པའམ། རྒྱུ་རྐྱེན་ཁག་དཀྲི་མང་པོ་ཞིག་ལ་བརྟེན་པ། རང་བདེན་ཚོགས་ཆུང་ཁག་སོ་སོར་ཕོགས་ཡོད་གང་དུ་ཡོད་མེད་རྒྱུས་མངའ་མེད་པ་བཅས་ལ་བརྟེན་ནས་དཀའ་ངལ་འཕྲད་དང་འཕྲད་མུས་བསལ་ཐབས་ཆེད་སྒྲིག་གཞིའི་ནང་ཆ་རྐྱེན་བསྐྲུན་དགོས་པ།སྤྱི་མོས།
༡༤༽ ལོ་རེའི་དྭང་བླངས་དཔྱ་དངུལ་བསྡུ་འབབ་ཀྱི་དུས་མཚམས་དང༌། རང་བདེན་ཚོགས་ཆུང་སོ་སོའི་རྩིས་མཚམས་གཉིས་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་ལོ་མཚམས་དང་གཅིག་གྱུར་བཟོ་དགོས་པ། སྤྱི་མོས།
༡༥༽ མ་འོངས་པར་གཞིས་བྱེས་མཉམ་འཛོམས་བྱུང་ཚེ་དཔལ་འབྱོར་གྱི་དམིགས་རྟེན་ཆེད་ད་ལྟ་ནས་མིག་རྒྱང་རིང་པོར་དགོངས་བཞེས་ཀྱིས་བཙན་བྱོལ་བོད་མི་མི་རེ་ངོ་རེས་ཟླ་བ་རེ་རེའི་ནང་ཧིན་སྒོར་ ༥ རེ་བསྡུས་ཏེ་དངུལ་ཁང་དུ་སྐྱེད་བཅོལ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོང་རྒྱུ། དེ་བཞིན་བཙན་བྱོལ་བོད་གཞུང་གི་མ་དངུལ་ཡར་རྒྱས་ཆེད་རྒྱལ་སྤྱིའི་མང་ཚོགས་ནས་ཞལ་འདེབས་བསྡུ་སློང་གི་ལས་གཞི་རྒྱ་སྐྱེད་ཡོང་ཐབས་ཆེད་ལས་འགུལ་རྒྱ་གང་ཆེ་སྤེལ་དགོས་རྒྱུ། སྤྱི་མོས།
༡༦༽ དྭང་སློབ་ཁོངས་ཡོད་བོད་མི་རྣམས་ལ་འོས་འཕེན་གྱི་ཐོབ་ཐང་བསྐྲུན་ཐབས་དགོངས་བཞེས་དགོས་རྒྱུ། སྤྱི་མོས།
༡༧༽ བོད་མི་གནས་ཡུལ་ས་ཆ་གང་ས་ནས་དྭང་བླངས་དཔྱ་དངུལ་བསྡུ་ཆོག་པ་དེར་སྐྱོན་སྣ་ཚོགས་འབྱུང་བཞིན་པ་དཔེར་ན་གཞིས་ཆགས་ཁག་ནས་ཕྱི་རྒྱལ་དུ་ཕྱིན་ཟིན་ཏེ་ས་གནས་སོ་སོ་ནས་བསྡུ་བཞེས་མ་གནང་བར་བཀག་བཞག་པ་རེ་ཟུང་ཞིག་ལ་ས་གནས་གཞན་ནས་བསྡུ་བཞེས་གནང་བ་དེ་འདྲ་བྱུང་གནས་འདུག་ན་དཔྱད་ཞིབ་དང་དགོངས་བཞེས་དགོས་རྒྱུ། སྤྱི་མོས།
༡༨༽ ཉེ་ཆར་བཀའ་བློན་ཁྲི་པའི་ཚོད་བལྟའི་འོས་བསྡུ་ཞེས་པའི་སྐབས་དྭང་བླང་དཔྱ་དངུལ་ལག་དེབ་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཞིག་གི་རྟགས་ཐམ་ཕབ་པ་བྱུང་ཡོད་གནས་འདུག་པའི་ཐད་ཚང་མས་ཤེས་རྟོགས་དགོས་འདུག་པ་དང༌། མ་འོངས་པར་དེ་རིགས་མི་འབྱུང་བའི་དམ་དོན་གལ་ཆེ་གནང་དགོས་འདུག སྤྱི་མོས། ༢༠
ཤེས་ཡོན་སྐོར།
ཚོགས་ཆུང་གི་ཚོགས་མི་ཡོངས་ནས་ཉིན་གསུམ་པ་དང་བཞི་པ་ཤེས་ཡོན་ཐོག་བཏང་སྟེ། ཚོགས་བཅར་བ་སྤྱི་ཡོངས་ནས་དགོངས་འཆར་ཞིབ་ལྷུག་དང་འབྲེལ་རྒྱབ་གཉེར་ཇི་ཞུས་ཀྱི་སྙན་ཐོ་གཤམ་གསལ་ལྟར་ཡིན།
༠༡༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་རང་རེའི་ཤེས་ཡོན་གྱི་སྒྲིག་འཛུགས་ཁག་ནས་ལག་བསྟར་དོན་འཁྱོལ་ཡོང་བར་ཕྱོགས་ཚང་མས་གང་མྱུར་འབད་བརྩོན་ལྷོད་མེད་གནང་གལ། སྤྱི་མོས།
༠༢༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་དང་འབྲེལ་བའི་ཆེད་བཙུགས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་སྤྱི་དང༌། ཡང་སྒོས་བོད་གཞུང་ཤེས་རིག་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་རང་གཞུང་ཤེས་རིག་ལྷན་ཁང་གཙོ་གྱུར་འབྲེལ་ཡོད་ཤེས་ཡོན་སྒྲིག་འཛུགས་ཁག་ནས་ཕྱག་བསྟར་གནང་དགོས། སྤྱི་མོས།
༠༣༽ རང་གཞུང་དང་འབྲེལ་ཡོད་སྒྲིག་འཛུགས་ཁག་ནས་རང་རེའི་སྤྱི་ཚོགས་ནང་ཡོད་པའི་ཤེས་ཡོན་ཅན་སྤྱི་དང༌། ལྷག་པར་ཤེས་རིག་སྡེ་ཚན་ནང་ཕྱག་ལས་གནང་བཞིན་པའི་དགེ་རྒན་གཙོ་གྱུར་འབྲེལ་ཡོད་རྣམས་ལ་བརྩི་མཐོང་དང༌། བདག་གཅེས། དེ་བཞིན་གཞན་ཡུལ་དུ་མི་གྱར་བར་རང་རེའི་སྤྱི་ཚོགས་ནང་ཤ་ཁུ་ཤ་འཐིམ་ལྟ་བུ་ཡོང་བར་བཅའ་ཁྲིམས་དགོངས་དོན་ཆེ་མཐོང་འབུལ་རྒྱུར་ཤུགས་གནོན་རྒྱག་དགོས། སྤྱི་མོས།
༠༤༽ རང་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་ཁག་ནས་དུས་ནས་དུས་སུ་སློབ་དགེ་རྣམ་པའི་གནས་ཚད་གོང་མཐོར་གཏོང་སླད་ཟབ་སྦྱོང་དང་དགོས་ངེས་ཀྱི་མཐུན་འགྱུར་གནང་རྒྱུ་སྤྱི་དང༌། ལྷག་པར་ཤེས་ཡོན་ཅན་རྩེ་ཕུད་རྣམས་དགེ་རྒན་གྱི་ཕྱག་ལས་ནང་འཛུལ་ཞུགས་ཡོང་རྒྱུར་ཕྱོགས་ཚང་མས་ཤུགས་སྣོན་རྒྱག་དགོས།སྤྱི་མོས།
༠༥༽ བོད་མི་ཚོ་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༥༡ དང༌། མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ ཕྱིན་པ་བཅས་ཀྱི་གོ་སྐབས་འདིར། རང་གཞུང་ཤེས་རིག་ལྷན་ཁང་ནས་བོད་མིའི་ཤེས་ཡོན་གྱི་སྒྲིག་འཛུགས་ནང་གཟེངས་སུ་ཐོན་པའི་ཞབས་འདེགས་ཞུ་གནང་མཁན་ཚོར་ཆེ་བསྟོད་གཟེངས་རྟགས་སོགས་གནང་རྒྱུས་མཚོན། ཁོང་ཚོའི་ཞབས་འདེགས་ངོས་འཛིན་ཐུབ་པ་གནང་གལ་ཆེ། སྤྱི་མོས།
༠༦༽ བོད་མིའི་ཐུན་མོང་མ་ཡིན་པའི་ཤེས་རིག་གཙོ་གྱུར་རང་གི་སྐད་ཡིག་དང༌། རིག་གཞུང་སོགས་ལ་རག་ལས་སྟབས། ད་ལྟ་ཆེས་གཉན་ཕྲང་ཆེ་བའི་དུས་སྐབས་འདིར། འབྲེལ་ཡོད་ཁག་ནས་རང་རེའི་རྩ་ཆེའི་སྐད་ཡིག་རིག་གཞུང་སོགས་སྲུང་སྐྱོབ་སླད། ལག་བསྟར་བྱ་སའི་ཁོར་ཡུག་བསྐྲུན་རྒྱུ་དང༌། ཆེ་མཐོང༌། དགོས་ངེས་ཀྱི་རྒྱབ་སྐྱོར་སོགས་གནང་གལ་ཆེ། སྤྱི་མོས། ༢༡
༠༧༽ ཤེས་ཡོན་དང་འབྲེལ་བའི་སྡེ་ཚན་ཁག་གི་ལས་ཀྱི་སྣེ་མོར་གཏོགས་པས་གཙོས་སློབ་དགེ་རྣམ་པས་རང་རེའི་སློབ་གྲ་ཁག་ཏུ་སློབ་ཁྲིད་སྤྱི་དང༌། སློབ་མའི་བྱ་སྤྱོད་ལ་ཐུགས་སྣང༌། ཡིག་རྒྱུགས་ཀྱི་དྲི་ཤོག་ཁག་སྤུས་ཚད་དག་ཏུ་གཏོང་རྒྱུ་སོགས་སློབ་མའི་ངོས་ནས་ཀྱང་ཡིག་རྒྱུགས་རྣམས་དྲང་བདེན་ངང་གཏོང་རྒྱུར་དུས་རྒྱུན་དུ་ཐུགས་སྣང་ཆེར་སྐྱེད་དགོས། སྤྱི་མོས།
༠༨༽ རང་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་བསྟི་གནས་སློབ་གྲ་ཁག་ཏུ་ལྟ་སྐོར་གནང་ཐུབ་ཙམ་མ་ཡིན་པར་སློབ་གྲའི་ཤེས་ཡོན་གྱི་གནས་ཚད་སྤྱི་དང༌། ཡང་སྒོས་སློབ་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་འབྲེལ་ཡོད་ཚང་མར་བཟང་སྤྱོད་གཙོ་གྱུར་གང་ཅིའི་གནད་དོན་ཐོག་ལམ་སྟོན་ཁ་གསལ་གནང་གལ་ཆེ། སྤྱི་མོས།
༠༩༽ ད་ལྟའི་ཤེས་ཡོན་གྱི་སྡེ་ཚན་ཁག་མུ་མཐུད་ཡར་རྒྱས་གོང་འཕེལ་གཏོང་སླད། རང་གཞུང་ཤེས་རིག་ལྷན་ཁང་ནས་བོད་མིའི་སྤྱི་ཚོགས་ཀྱི་ཕྲུ་གུ་སྐྱེ་འཕེལ་གྱི་འཕར་ཆག་དང༌། ད་ལྟའི་སློབ་གྲ་ཁག་དང་སྤྱི་ཡོངས་ཀྱི་ཤེས་ཡོན་གྱི་གནད་ཚད་སོགས་ཚད་ལྡན་ཉམས་ཞིབ་མཐིལ་ཕྱིན་གནང་སྟེ། དགོས་ངེས་ཅན་གྱི་གྲངས་ཐོའི་རེའུ་མིག་སོགས་དམིགས་བསལ་ལམ་སྟོན་གཏན་འབེབས་གནང་དགོས་པ་དང༌། ལྷག་པར་བོད་མི་མང་ཚོགས་ནས་དགོས་ངེས་མཐུན་འགྱུར་ཞུ་དགོས། དེ་ལྟར་བྱུང་ཚེ་ཤེས་ཡོན་གོང་འཕེལ་གྱི་ལས་དོན་ཐོག་འཆར་གཞི་ལམ་སྟོན་གསར་པ་བཟོ་རྒྱུར་དམིགས་བསལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་གདོན་མི་ཟ་བ་དེ་དོན་ཕྱག་བསྟར་དགོས། སྤྱི་མོས།
༡༠༽ བོད་མིའི་སྤྱི་ཚོགས་ཁྲོད་རིམ་པས་སློབ་གྲ་གསར་རྒྱག་གི་ལས་གཞི་འདྲ་མིན་སྤེལ་མཁན་ཡོང་རྒྱུར་སོང༌། སློབ་གྲ་དེ་དག་ཚད་ལྡན་དང་བོད་མིའི་སྤྱི་ཚོགས་ལ་ཐུགས་ཕན་གསོས་པ་ཡོང་ཕྱིར་རང་གཞུང་ཤེས་རིག་ལྷན་ཁང་ནས་སློབ་གྲ་ཁག་ལ་ཁྲིམས་མཐུན་སྟངས་འཛིན་དུས་ནས་དུས་སུ་གནང་དགོས། སྤྱི་མོས།
༡༡༽ རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གནང་དང་གནང་བཞིན་པའི་ཐ་སྙད་གཏན་འབེབས་ཇི་ཡོད་རང་རེའི་སྒྲིག་འཛུགས་ཁག་དང་མང་ཚོགས་བཅས་ནས་ལག་བསྟར་གནང་ཐུབ་པ་བྱུང་ཚེ། སྐད་ཡིག་ནང་ཐ་སྙད་གཅིག་གྱུར་ཡོང་རྒྱུར་ཕན་ཐོགས་ཆེ་བར་སོང༌། དེ་ལུགས་བརྒྱུད་ལམ་ཁག་གཙོ་གྱུར་ཕྱོགས་ཚང་མས་ལག་བསྟར་དགོས། སྤྱི་མོས།
༡༢༽ བོད་མིའི་མ་འོངས་གཞོན་སྐྱེས་མི་རབས་ཚོར་ཤེས་ཡོན་འཕེལ་རྒྱས་དང་མཉམ་དུ་བཟང་པོའི་ཡོན་ཏན་རྣམས་རྒྱུན་འཇགས་ཐུབ་ཐབས་སུ། གཙོ་ཆེ་མང་ཚོགས་ཀྱི་ཁོར་ཡུག་སྤྱི་དང༌། ཡང་སྒོས་ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་དང༌། དགེ་རྒན། ཕ་མ་བཅས་ནས་རང་རིགས་བུ་ཕྲུག་གཞོན་སྐྱེས་ཚོར་བཟང་སྤྱོད་དང་ལྡན་༢༢
པའི་དཔེ་སྟོན་གནང་རྒྱུ་གལ་འགངས་ཆེ་བར་བརྟེན། ཕྱོགས་ཚང་མས་ཡིད་གཟབ་ནན་ཏན་དང་འབྲེལ་ཕྱི་ནང་སྒོ་ཀུན་ནས་བཟང་པོའི་སྤྱོད་ལམ་དུ་འཇུག་གལ། སྤྱི་མོས།
༡༣༽ དེང་སྐབས་རྒྱ་བལ་འབྲུག་གསུམ་ཕུད། ཕྱི་རྒྱལ་ཡུལ་གྲུ་གཞན་དུ་བོད་མིའི་སྤྱི་ཚོགས་ལོ་རེ་ནས་ལོ་རེར་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། རང་རེའི་རྩ་ཆེའི་སྐད་ཡིག་གོམས་གཤིས་སོགས་རིམ་བཞིན་རྩ་བརླག་འགྲོ་ཉེན་ལ་སོང༌། རང་གཞུང་ཤེས་རིག་ལྷན་ཁང་དང༌། འབྲེལ་ཡོད་སྐུ་ཚབ་དོན་ཁང་ཁག་སོ་སོ་ནས་ཕྱི་རྒྱལ་ཁག་གི་བོད་ཕྲུག་གཞོན་སྐྱེས་ཚོའི་བོད་མིའི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུད་འཛིན་ཐུབ་སླད། སློབ་གྲ་འཛུགས་རྒྱུ་སོགས་དགོས་ངེས་ཀྱི་མཐུན་འགྱུར་སྦྱར་དགོས་པ་དང༌། དེ་བཞིན་འབྲེལ་ཡོད་ཕ་མ་རྣམས་ནས་ཐུགས་འགན་བཞེས་དགོས།སྤྱི་མོས།
༡༤༽ རང་རེའི་སྤྱི་ཚོགས་ཀྱི་ཡར་རྒྱས་གོམ་སྟབས་སླད། ཤེས་ཡོན་ཙམ་མ་ཟད། ཕྱོགས་ཡོངས་ཀྱི་ལས་རིགས་འདྲ་མིན་སྦྱོང་བརྡར་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བས། རང་གཞུང་ཤེས་རིག་ལྷན་ཁང་དང་འབྲེལ་ཡོད་ཕ་མ་བཅས་ནས་བོད་ཕྲུག་ཚོར་ལས་རིགས་འདྲ་མིན་གྱི་སློབ་སྦྱོང་ནང་འཛུལ་ཞུགས་དགོས་པའི་གོ་བསྐོན་སློབ་གསོ་རྒྱུན་མི་ཆད་པ་དང༌། དགོས་ངེས་ཀྱི་མཐུན་རྐྱེན་ཡང་སྐབས་མཚམས་སོ་སོར་སྦྱར་དགོས། སྤྱི་མོས།
༡༥༽ རང་རིགས་ལས་ཀྱི་སྣེ་མོ་བས་གཙོས་རྒན་དར་གཞོན་གསུམ་ཚང་མས་རང་རེའི་སྐད་ཡིག་དང༌། རིག་གཞུང་གོམས་གཤིས་བཟང་པོ་མི་ཉམས་རྒྱུད་འཛིན་དང་བདག་སྤྲོད་བྱ་རྒྱུར་ཕྱོགས་ཚང་མས་དུས་རྒྱུན་དུ་ལྷོད་གཡེང་དུ་མ་སོང་བར་ཡིད་གཟབ་ངང་ཐ་ན་སྒོ་བྱང་དང་ཟས་ཐོ་སོགས་རང་སྐད་གཙང་མ་བེད་སྤྱོད་བྱ་གལ།སྤྱི་མོས།
༡༦༽ རང་རེའི་འབྲེལ་ཡོད་སྒྲིག་འཛུགས་ཁག་ནས་སློབ་ཕྲུག་གཙོ་གྱུར་བོད་པའི་གཞོན་སྐྱེས་ཚོར་སློབ་གསོའི་ལས་རིམ་རྒྱུན་བསྲིངས་སྤེལ་བའི་ཐོག སློབ་དེབ་འདྲ་མིན་ལྟ་ཀློག་དང༌། འབྲི་རྩོམ་གྱི་གོམས་གཤིས་འཇགས་རྒྱུའི་ལས་རིམ་སྤེལ་དགོས། སྤྱི་མོས།
༡༧༽ ལག་འཁྱེར་གྱི་ཆ་རྐྱེན་མི་ལྡན་ཡང་བོད་མི་ཚད་གཞི་དང་ལྡན་པའི་ཤེས་ཡོན་ཅན་རྣམས་སྤྱི་ཚོགས་ཁྲོད་ཐུགས་ཕན་གསོས་ཕྱིར་རང་གཞུང་ཤེས་རིག་ལྷན་ཁང་ནས་དམིགས་བསལ་ཚོགས་ཆུང་ཟུར་བཙུགས་ཀྱིས་ཁཽང་རྣམ་པའི་ཤེས་ཡོན་གྱི་ཚད་གཞི་རྒྱུགས་གཞིའི་ལམ་ནས་བཞེས་ཏེ། ཁོང་ཚོའི་ཤེས་ཚད་ལ་དཔག་པའི་དམིགས་བསལ་ལག་འཁྱེར་གནང་དགོས། སྤྱི་མོས། ༢༣
༡༨༽ རང་གཞུང་ཤེས་རིག་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཕྱི་ནང་གི་རིག་གནས་ལ་མཁྱེན་རྒྱ་ཆེ་བའི་མི་སྣ་གདན་ཞུ་དང་འབྲེལ་དུས་ནས་དུས་སུ་ཚོགས་འདུ་བསྡུ་བསྐོང་གིས་ཁོང་ཚོའི་ལམ་སྟོན་རྣམས་བཞེས་དགོས་པ་གལ་འགངས་ཆེ། སྤྱི་མོས།
༡༩༽ བོད་མིའི་ཤེས་ཡོན་ཡར་རྒྱས་ཆེད་རང་གཞུང་ཤེས་རིག་དང་དཔལ་འབྱོར་ལྷན་ཁང་ཐུན་མོང་ནས་ཁྱིམ་ཚང་སྐྱོ་བའི་ཕ་མའི་བོད་ཕྲུག་མཐོ་རིམ་སློབ་སྦྱོང་གནང་བཞིན་པ་རྣམས་ལ་སློབ་ཡོན་ཆེད། དམིགས་བསལ་སྐྱེད་ཆུང་བུན་གཡར་གསར་གཏོད་བྱུང་ཚེ་ཕན་ཐོགས་ཡོང་རྒྱུར་སོང༌། དེ་དོན་འབྲེལ་ཡོད་ནས་ཕྱག་བསྟར་ཡོང་བ། སྤྱི་མོས།
༢༠༽ བོད་མིའི་སློབ་གྲ་ཁག་ལ་མདུན་ལམ་སློབ་སྟོན་པའི་ས་མིག་ཉུང་སྐྱོན་ལ་སོང༌། རང་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཁག་ནས་རང་རེའི་དགོས་མཁོ་དང་འཚམ་པའི་མདུན་ལམ་སློབ་སྟོན་པ་བསྐོ་གཞག་དང་འབྲེལ། སྤྱི་སྒེར་སྒྲིག་འཛུགས་ཚང་མའི་ཤེས་ཡོན་སློབ་སྟོན་པའི་ཚོགས་འདུ་དུས་ནས་དུས་སུ་བསྐོང་ཚོགས་ཀྱིས་ཕྱོགས་ཚང་མས་བུ་ཕྲུག་རྣམས་ལ་ལམ་སྟོན་གནང་བ་དང་འབྲེལ་ཕྱར་གྲུ་མཉམ་འདེགས་ཞུ་དགོས། དགག་ཆ་ ༡ ཚད་མཐོའི་མང་མོས།
༢༡༽ བོད་མིའི་སློབ་གྲ་ཁག་ཏུ་བོད་ཀྱི་སྐད་ཡིག་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་སློབ་ཁྲིད་ཙམ་མ་ཡིན་པར། བོད་ཀྱི་ཁོར་ཡུག་དང༌། ས་དཔྱད་རིག་པ། བཟང་སྤྱོད་སོགས་རང་རེའི་རྩ་ཆེའི་རིག་གཞུང་དང་འབྲེལ་བའི་གལ་ཆེའི་སློབ་གཞི་ཁག་སློབ་ཚན་དུ་བཞག་སྟེ། སློབ་འཁྲིད་གནང་གལ་ཆེ། སྤྱི་མོས།
༢༢༽ འབྲེལ་ཡོད་ཚང་མས་ས་གནས་སློབ་གྲ་ཁག་ཏུ་དགེ་རྒན་བསྐོ་གཞག་དུས་ཐོག་དགོས་གལ་ཆེ་བ་དང༌། ལྷག་པར་རང་གཞུང་ཤེས་རིག་ལྷན་ཁང་ནས་རང་རེའི་སྤྱི་ཚོགས་ནང་དེ་སྔའི་ཤེས་ཡོན་སྡེ་ཚན་ནང་ཞབས་ཞུ་གནང་མྱོང་ཡོད་པའི་ཉམས་མྱོང་ཅན་རྣམས་དུས་ནས་དུས་སུ་ཚོགས་བསྐོང་གིས་ཁོང་ཚོའི་ཉམས་མྱོང་ལས་སློབ་གསོ་བཞེས་དགོས། སྤྱི་མོས།
༢༣༽ བཀའ་ཤག་ནས་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ཐད་སྤྱི་ཡོངས་ལམ་སྟོན་གནང་ཟིན་པ་ལས་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་རྣམས་ཕྱོགས་ཚང་མས་ལག་ལེན་དོན་འཁྱོལ་གནང་དགོས།སྤྱི་མོས།
༢༤༽ ཤེས་ཡོན་དང་འབྲེལ་བའི་གཞུང་སྒེར་སྒྲིག་འཛུགས་ཁག་ནས་སློབ་གྲའི་དགེ་རྒན་རྣམས་ཀྱི་གསོལ་ཕོགས་ལྡེང་ངེས་འབུལ་དགོས་པ་དང༌། ལྷག་པར་སྔོན་འགྲོ་དང་དམའ་རིམ་སློབ་གྲའི་དགེ་རྒན་རྣམས་ཀྱི་གསོལ་ཕོགས་ཐད་དམིགས་བསལ་དགོངས་བཞེས་གནང་དགོས། སྤྱི་མོས། ༢༤
༢༥༽ རང་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཁག་ནས་དུས་ནས་དུས་སུ་དགེ་རྒན་རྣམ་པའི་ཤེས་ཚད་ཐད་དཔྱད་ཞིབ་དང་འབྲེལ། རྒྱུགས་སྤྲོད་འགྲིམ་དགོས་པའི་ལམ་ལུགས་གསར་གཏོད་དགོས། སྤྱི་མོས།
༢༦༽ རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནང་རིམ་བཞིན་འགྱུར་འགྲོས་འགྲོ་བཞིན་པར་བརྟེན། རང་གཞུང་ཤེས་རིག་ལྷན་ཁང་གཙོ་གྱུར་འབྲེལ་ཡོད་ཚང་མས་གནད་དོན་དེ་དག་ཐོག་ཐུགས་སྣང་དགོས། སྤྱི་མོས།
༢༧༽ བོད་མིའི་གཏན་ཉིན་སློབ་གྲ་ཁག་གི་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་ཚོ་གཙོ་ཆེ་རྒྱ་གར་རྒྱལ་ཡོངས་དང༌། ཡང་སྒོས་འབྲེལ་ཡོད་མངའ་སྡེ་སོ་སོའི་གཙུག་ལག་སློབ་གཉེར་ཁང་འདྲ་མིན་ནང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གོ་སྐབས་བཟང་པོ་ཐོབ་སླད། སློབ་ཕྲུག་དེ་དག་ལ་དམིགས་བསལ་ཚན་རིག་དང་ཨང་རྩིས་སོགས་ཟུར་སྦྱོང་སློབ་ཁྲིད་གནང་རྒྱུའི་མཐུན་རྐྱེན་རང་གཞུང་ཤེས་རིག་ལྷན་ཁང་ནས་བསྐྲུན་གནང་དགོས་པ་མང་མོས་བྱུང༌། དགག་ཆ་ ༢ ཚད་མཐོའི་མང་མོས།
༢༨༽ རང་རེའི་ཤེས་ཡོན་དང་འབྲེལ་བའི་འབྲེལ་ཡོད་སྡེ་ཚན་ཁག་ནས་སྤྱི་ཚོགས་ནང་ཆེས་དཀོན་པའི་དེང་རབས་དང་མཐུན་པའི་མཐོ་སློབ་ཀྱི་སློབ་སྦྱོང་ཐད། དམིགས་བསལ་རྒྱབ་གཉེར་དང་མཐུན་འགྱུར་རོགས་རམ་གནང་དགོས། སྤྱི་མོས།
༢༩༽ རང་གཞུང་ཤེས་རིག་ལྷན་ཁང་ནས་རང་རེའི་གཏན་ཉིན་སློབ་གྲ་ཁག་གི་ཆོས་དགེ་བསྐོ་གཞག་ཐད་འབྲེལ་ཡོད་དགོན་སྡེ་གྲ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པར་ཐད་ཀར་འབྲེལ་བ་ཞུས་ཏེ། ཆོས་དགེ་དྲག་འདེམས་ཐུབ་ཐབས་འབད་བརྩོན་གནང་དགོས། སྤྱི་མོས།
༣༠༽ བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་གྲ་ཚང་ཁག་ཏུ་གཙོ་ཆེ་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སློབ་འཁྲིད་གནང་བཞིན་པའི་ཐོག ཚན་རིག་གཙོས་དེང་རབས་ཀྱི་ཤེས་བྱ་ཡང་སློབ་འཁྲིད་གནང་དགོས། སྤྱི་མོས། ༢༥
བོད་དོན་དྲིལ་བསྒྲགས་སྐོར།
༡༽ བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་ནི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གལ་འགངས་ཆེ་ཤོས་ཤིག་ཡིན་པར་བརྟེན། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དམིགས་བསལ་རྒྱ་ནག་གི་གནད་དོན་དང་འབྲེལ་བའི་ཉམས་ཞིབ་ཁང་གསར་འཛུགས་དང༌། ལས་བྱེད་པ་དེ་བཞིན་ཁྱད་ལས་པ་ཤ་སྟག་བསྐོ་གཞག་གནང་ཐུབ་དགོས་པ་ཤིན་ཏུ་གལ་ཆེ། སྤྱི་མོས།
༢༽ བོད་དོན་དྲིལ་བསྒྲགས་ཀྱི་རྩ་འཛིན་དང་ཁ་ཕྱོགས་ནི་བདེན་དོན་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་པར་བརྟེན། ཕྱི་ལོ་ ༡༩༥༡ གོང་གི་བོད་རང་བཙན་གྱི་བྱུང་རབས་དང༌། དེ་ནས་ད་བར་མི་ལོ་དྲུག་ཅུའི་རིང་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་བཟོད་མི་ཐུབ་པའི་དཀའ་སྡུག་དང༌། བོད་ཀྱི་སྣོད་བཅུད་གཉིས་ཀ་ཤི་གསོན་ཆག་འཇིག་གི་ཉེན་ཚབས་མཐོ་ཤོས་སུ་སླེབས་ཡོད་པའི་བོད་ནང་གི་ད་ལྟའི་གནས་བབ་དྲིལ་བསྒྲགས་ཤུགས་ཆེ་བྱ་དགོས། སྤྱི་མོས།
༣༽ བོད་དོན་དྲིལ་བསྒྲགས་བྱེད་པར་བོད་གཞུང་ནས་བོད་རང་བཙན་གྱི་བྱུང་རབས་དང༌། ད་ལྟ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་སྲིད་ཇུས་སྙིང་བསྡུས་སོགས་ཚོན་ལྡན་དཔར་རིས་དང་བཅས་ལྟེབ་རྩིག་ཅན་གྱི་ལྟ་བདེའི་ཤོག་བུ་སྐད་ཡིག་འདྲ་མིན་ཐོག་བཟོ་བསྐྲུན་གྱིས་གཞུང་འབྲེལ་མིན་པའི་ཚོགས་པ་དང༌། ཕྱི་རྒྱལ་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་བརྒྱུད་འགྲེམས་སྤེལ་རྒྱ་གང་ཆེ་གནང་ཐུབ་པ་དགོས། སྤྱི་མོས།
༤༽ བོད་དོན་དྲིལ་བསྒྲགས་དེ་བཞིན་བོད་གཞུང་གཅིག་པུ་མིན་པར་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང༌། སྒེར་པ་སོ་སོ་ནས་འཁུར་མཉམ་ལེན་གྱིས་འཕྱར་གྲུ་མཉམ་འདེགས་ཐུབ་པ་གནང་དགོས། སྤྱི་མོས།
༥༽ བོད་དོན་དྲིལ་བསྒྲགས་བྱེད་པར། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་མཐའ་དག་མཐིལ་བརྟོལ་བྱེད་དགོས་པ་དང༌། ལྷག་པར་དེང་དུས་དྲ་རྒྱའི་བརྒྱུད་ལམ་ལ་བརྟེན་ནས་ཁྱབ་བསྒྲགས་བྱ་རྒྱུ་གོང་མཐོར་གཏོང་ཐུབ་པ་དགོས། སྤྱི་མོས།
༦༽ རྒྱ་གར་གཞུང་ནི་ང་ཚོའི་གནས་ཚང་རྒྱལ་ཁབ་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་པ་དང༌། རྒྱ་གར་ས་གནས་ཡུལ་མིར་བོད་དོན་དྲིལ་བསྒྲགས་གྱི་ལས་འགུལ་ལྡེང་གི་མེད་པའི་གནས་ཚུལ་ཡོང་བཞིན་པར་བརྟེན་རྒྱ་གར་སྐད་ཡིག་ཐོག་གློག་བརྙན་བཟོ་བ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ནས་བོད་དོན་དྲིལ་བསྒྲགས་ངེས་པར་ཤུགས་ཆེ་རུ་གཏོང་དགོས། སྤྱི་མོས། ༢༦
༧༽ བོད་དོན་དྲིལ་བསྒྲགས་ཤུགས་ཆེ་ཡོང་བར་ཕྱི་རྒྱལ་དོན་ཁང་མེད་པའི་ས་གནས་ཁག་ཏུ་བོད་གཞུང་གི་སྐུ་ཚབ་འབྲེལ་མཐུད་པ་འཛུགས་ཐབས་དང༌། ཕྱི་རྒྱལ་དོན་གཅོད་ཁག་གི་ལས་ཡུན་དུས་ཚོད་གཟའ་སྤེན་པའམ་ཉི་མ་གང་རུང་ས་གནས་མི་མང་གི་དཀའ་ངལ་ལ་གཞིགས་པའི་དུས་ཚོད་འགྱུར་བ་གཏོང་ཐུབ་ན་དགེ་མཚན་ཆེ་བ་མཐོང༌། སྤྱི་མོས།
༨༽ དེང་སང་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་དབར་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན། ང་ཚོས་རྒྱ་ཡིག་ཐོག་ཐུང་ཐུང་ལྟ་བདེའི་བོད་དོན་ཡིག་ཆ་གང་མང་འགྲེམས་སྤེལ་བྱས་ཏེ། དེ་དག་བརྒྱུད་རྒྱ་ནག་ནང་ཁུལ་དུ་ཁྱབ་ཐུབ་པའི་འབད་བརྩོན་གནང་གལ། སྤྱི་མོས།
༩༽ བོད་དོན་དྲིལ་བསྒྲགས་བྱེད་སྐབས་ང་ཚོས་ངེས་པར་དུ་བོད་དོན་ཤེས་མཁན་དང༌། བོད་དོན་མི་ཤེས་མཁན། བོད་ཀྱི་ཁོར་ཡུག་གནས་སྟངས་སོགས་ལ་དོ་སྣང་བྱེད་མཁན་བཅས་དབྱེ་འབྱེད་གསལ་པོ་ཕྱེས་དེ། བོད་དོན་དྲིལ་བསྒྲགས་ཀྱི་ཐབས་བྱུས་སྣ་ཚོགས་བེད་སྤྱོད་བྱེད་དགོས། སྤྱི་མོས་
༡༠༽ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པའམ། བོད་རིགས་ཚོགས་པ་རྣམས་ཤིན་ཏུ་གལ་ཆེ་བར་བརྟེན། ནང་ལ་དྲིལ་བསྒྲགས་མེད་ན་ཕྱིར་དྲིལ་བསྒྲགས་བྱེད་ཁག་པའི་དཔེ་ལྟར། འབྲེལ་ཡོད་རང་གཞུང་གི་མཛད་གཙོ་དང་མཁས་དབང་སོགས་སྐབས་དང་དུས་བསྟུན་ས་གནས་སོ་སོར་གདན་འདྲེན་ཞུས་ཏེ་གསུང་བཤད་དང་ཟབ་སྦྱོང་སོགས་གོ་སྒྲིག་གནང་གལ་ཆེ། སྤྱི་མོས།
༡༡༽ བོད་མིའི་འདུས་སྡོད་ཡུལ་གྲུ་ཁག་ཏུ་ྋགོང་ས་མཆོག་གི་འཁྲུངས་སྐར་སོགས་གཞུང་འབྲེལ་མཛད་སྒོར་འབྲེལ་ཡོད་གཞུང་གི་གནད་ཡོད་མི་སྣ་ཆེད་དུ་གདན་འདྲེན་ཞུས་ཏེ་བོད་དོན་ཡིག་ཆ་འགྲེམས་སྤེལ་སྔར་ལྷག་བྱེད་ཐུབ་པ་གནང་དགོས། སྤྱི་མོས།
༡༢༽ བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ནས་བོད་དོན་ཕྱིར་བསྒྲགས་གཅིག་པུ་མིན་པར། ཀློག་ཀླད་ཆ་འཕྲིན་དྲ་རྒྱ་བརྒྱུད་གནས་ཚུལ་མཁོ་སྒྲུབ་ཀྱི་སྒེའུ་ཁུང་ཞིག་གསར་བཟོ་ཐུབ་ན། འབྲེལ་ཡོད་དོ་སྣང་ཅན་ཚང་མས་གནས་ཚུལ་གང་རག་པ་ཐད་ཀར་གཞུང་ལ་འབུལ་ཐུབ་པའི་དགེ་མཚན་ཆེ། སྤྱི་མོས།
༡༣༽ བོད་དོན་དྲིལ་བསྒྲགས་བྱེད་སྐབས་ངེས་པར་གསར་འགྱུར་དྲང་བདེན་དང༌། ཉམས་ཞིབ་ཚད་ལྡན། འུར་ལངས་མ་བྱས་པའི་ཐོག་ནས་གནང་དགོས་པ་ཤིན་ཏུ་གལ་ཆེ་ལ། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་སོགས་རྒྱ་དམར་གྱིས་རྩ་གཏོར་གཏོང་བཞིན་པའི་རྐྱེན་གྱིས་སྤྱིར་འཛམ་བུ་གླིང་དང༌། ཡང་སྒོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོད་སྐྱོན་ཇི་ཐེབས་དང་འབྲེལ་བའི་གནས་སྟངས་གསལ་བཤད་མཐིལ་ཕྱིན་གནང་ཐུབ་དགོས་པ། སྤྱི་མོས། ༢༧
༡༤༽ ད་ལྟའི་དུས་སྐབས་འདིར་བོད་དོན་དྲིལ་བསྒྲགས་བྱེད་རྒྱུའི་ཁ་ཕྱོགས་རྒྱ་མི་རིགས་ལ་ཕྱོགས་དགོས་པར་བརྟེན། རྒྱ་ཡིག་ཤེས་ཡོན་ཅན་མང་དག་ཅིག་ལ་ཟབ་སྦྱོང་དང་གསོ་སྐྱོང་གནང་སྟེ། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་རྒྱ་བསྐྱེད་དུ་གཏོང་དགོས། སྤྱི་མོས།
༡༥༽ རྒྱལ་སྤྱིའི་སྡིངས་ཆར་བོད་དོན་དྲིལ་བསྒྲགས་བྱེད་སྐབས་ངེས་པར་གྲགས་ཅན་གླུ་པ་མཉམ་ཞུགས་སམ། རྐང་རྩེད་སྤོ་ལོའི་འགྲན་བསྡུར། གཞོན་སྐྱེས་ཚོའི་བསམ་བློའི་འཁྱེར་སོ་དང་མཐུན་པའི་དྲིལ་བསྒྲགས་གནང་ཐུབ་པ་དགོས། སྤྱི་མོས།
༡༦༽ བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དང༌། རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ལ་སོགས་པར་བོད་རིགས་སྐུ་ཚབ་མང་ཙམ་གཏོང་ཐབས་ཀྱིས་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས། སྤྱི་མོས།
༡༧༽ བཞུགས་སྒར་རྡ་སར་བོད་དོན་དྲིལ་བསྒྲགས་ཀྱི་བརྙན་འཕྲིན་ཐད་གཏོང་བྱེད་བཞིན་པ་ལྟར། འགྲོ་གྲོན་ལ་མ་འཛེམས་པར་གཞིས་ཆགས་ཁག་ཏུའང་དེ་མཚུངས་ཀྱི་མཐུན་རྐྱེན་ངེས་པར་སྐྲུན་ཐབས་ཐུབ་པ་དགོས། སྤྱི་མོས།
༡༨༽ ༢༠༠༨ ལོའི་ས་བྱི་ཞི་རྒོལ་རྗེས་བོད་དོན་དྲིལ་བསྒྲགས་ཀྱི་ཁ་ཕྱོགས་དང་འབྲེལ་བའི་བསྐྱར་ཞིབ་ངེས་པར་དགོསསྤྱི་མོས། ༢༨
རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་སྐོར།
༡༽ བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠ དང༌། དེ་བཞིན་ཨ་རི་དང་ནུབ་ཕྱོགས་སུ་གནས་འཁོད་བོད་མིའི་དཔལ་འབྱོར་གནས་སྟངས་གང་ཡག་ཡོད་སྟབས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོགས་པ་ཁག་ནས་མཉམ་རུབ་རོགས་སྐྱོར་ཐེབས་རྩ་ཞིག་གསར་བཙུགས་ཀྱིས། ཀ གཞིས་ཆགས་སྐྱོ་བ་སོགས་ལས་གཞི་ཁག་ལ་རོགས་རམ་བྱ་རྒྱུ། ཁ བོད་ནང་རྒྱལ་གཅེས་ལས་འགུལ་སྤེལ་བའི་ཆབ་སྲིད་བཙོན་ཟུར་བཙན་བྱོལ་དུ་ཕེབས་པ་རྣམས་ལ་རོགས་རམ་བྱ་རྒྱུ། ཆབ་སྲིད་བཙོན་ཟུར་རྣམས་བོད་གཞུང་བདེ་སྲུང་དང༌། འཕྲོད་བསྟེན། དགུ་བཅུ་གསུམ་སོགས་ནས་རོགས་རམ་གང་ཡོང་གནང་བཞིན་ཡང་བོད་ནང་ལས་འགུལ་གཞི་རྒྱ་ཆེན་པོ་བྱུང་སྐབས་དེ་མཚུངས་བཙོན་པ་ཇེ་མང་ལ་བརྟེན། ཁོང་རྣམ་པའི་སེམས་ཤུགས་བདག་ཉར་དང༌། དཀའ་ངལ་ཡོད་ཚེ་སེལ་ཐབས་བྱ་རྒྱུ་དེ་གལ་ཆེ་ཞིག་ཏུ་སྣང༌། སྤྱི་མོས།
༢༽ བཙན་བྱོལ་བོད་གཞུང་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མིར་ཐུགས་ཞིབ་བསྐྱངས་པ་ནང་བཞིན། ད་ཆ་ཨ་རི། ཡོ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མི་ཁྱོན་ཆེ་གནས་འཁོད་ཡོད་སྟབས། དེ་དག་གང་ལ་དེ་འཚམས་ཀྱིས་ཐུགས་འཇགས་ཡོད་པ། སྤྱི་མོས།
༣༽ ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་རང་གི་སྐད་ཡིག་རིག་གཞུང་གཅེས་ཉར་རྒྱུད་འཛིན་བྱ་རྒྱུའི་ཐབས་ལམ་ཡག་ཤོས་ནི་ཁྱིམ་ཚང་ཡིན་སྟབས། ཁྱིམ་ཚང་ནང་དུ་ཕ་མ་བུ་ཕྲུག་རྒྱུན་དུ་བོད་སྐད་བེད་སྤྱོད་བྱ་རྒྱུ། བོད་གཞས་འཁོར་ཐག་འདྲ་མིན་བཏང༌། བོད་པའི་བརྙན་ཐག་འདྲ་མིན་བལྟས། སྔ་དགོང་མཆོད་མེ་ཡོན་ཆབ་འབུལ་ཞོར་དུ་མ་ཎི་ཁ་འདོན་བཅས་བོད་མིའི་ཁྱིམ་ཚང་བསྐྲུན། རང་གི་ཕྲུ་གུར་བོད་མིའི་གོམས་གཤིས་དང༌། ཆོས་རིག་གི་བག་ཆགས་འཇོག་ཐབས་ལ་འབད་དགོས། སྤྱི་མོས།
༤༽ ད་ལྟའི་ཆར་དྭང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་བྱེད་རྒྱུར་ས་གནས་གང་སར་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་བཞིན་པར་བརྟེན། བོད་གཞུང་བཀའ་སྤྱི་གཉིས་ནས་དེའི་དཀའ་ངལ་སེལ་ཐབས་ཀྱི་སྲིད་བྱུས་ཤིག་ངེས་པར་དུ་གཏན་འབེབས་གནང་དགོས་མཐོང༌། སྤྱི་མོས།
༥༽ ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་ཕྲུ་གུ་ཚོས་བོད་ཡིག་སློབ་སྦྱོང་གི་གོ་སྐབས་འཐོབ་ཆེད་འབྲེལ་ཡོད་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་ཕྲུ་གུ་ཚད་ངེས་ཅན་ལོངས་ན། སོ་སོའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་སྟབས། བོད་གཞུང་ཤེས་རིག་ལས་ཁུངས་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་ནུས་ཤུགས་སྤེལ་ཏེ་སློབ་གྲྭ་འཛུགས་ཐབས་གནང་དགོས། སྤྱི་མོས། ༢༩
༦༽ བོད་རིགས་སྤྱི་མཐུན་ཚོགས་པ་དང་ཕྱི་རྒྱལ་ཆོས་ཚོགས་ཁག་དབར་འབྲེལ་ལམ་དམ་ཟབ་གནས་ཆེད་སྤྱི་མཐུན་ཚོགས་པའི་བོད་རིགས་འདུ་འཛོམས་དང་རིག་གཞུང་འཁྲབ་སྟོན་སོགས་ཀྱི་ལས་འགུལ་སྤེལ་སྐབས། བོད་རིགས་མང་པོ་ཆེད་མངགས་ཆོས་ཚོགས་སུ་གནས་མཇལ་དུ་འགྲོ་རྒྱུའི་ལས་འགུལ་སྤེལ་ཐུབ་ན་ཕན་ཐོགས་ཆེ་བ་སྣང༌། སྤྱི་མོས།
༧༽ བོད་རིགས་གནས་སྡོད་ཡུལ་གྲུ་ཁག་གི་འབྲེལ་ཡོད་གཞུང་ལ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྤེལ་གསུམ་སོགས་ཀྱི་ལས་འཆར་ཆེད་འགྲོ་གྲོན་དམིགས་བསལ་ཟུར་བཅད་ཡོད་པས། བོད་རིགས་མཐུན་ཚོགས་སོ་སོས་བོད་ཀྱི་སྐད་ཡིག་རིག་གཞུང་ཡར་རྒྱས་གཏོང་ཆེད་ཐོབ་ཐང་དེ་ཉིད་རག་ཐབས་གནང་གལ། སྤྱི་མོས།
༨༽ ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་བོད་ཡིག་འབྲི་ཀློག་བརྒྱུད་རིམ་མང་པོ་མི་དགོས་པར་བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོ་ལ་དམིགས་ནས་སྔོན་འགྲོའི་འཛིན་རིམ་དང་པོ་དང་གཉིས་པའི་བོད་ཡིག་སློབ་དེབ་དབུ་ཅན་ནང་གཅིག་གྱུར་ཡོད་པ་བཟོ་གལ་ཆེ། སྤྱི་མོས། ༣༠
འཕྲོད་བསྟེན་སྐོར།
༡༽ བཙན་བྱོལ་བོད་གཞུང་ནས་སྤྱི་ཡོངས་བོད་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་འཕྲོད་བསྟེན་སྲིད་ཇུས་ཞིག་ངེས་པར་གཏན་འབེབས་གནང་དགོས། སྤྱི་མོས།
༢༽ ད་ཡོད་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོ་ནས་ཕྱི་ལུགས་སྨན་པའི་ས་མིག་དམིགས་བསལ་ཇི་ཡོད་སྟེང་ད་དུང་དེ་རིགས་སྔར་ལྷག་འཐོབ་ཐབས་སུ་འབྲེལ་ཡོད་མངའ་སྡེ་དང་དབུས་གཞུང་བཅས་ལ་འབྲེལ་ལམ་ཞུ་གལ་ཆེ།
ཁྱད་པར་ཀརྣཏྲཀའི་མངའ་སྡེ་ལྟ་བུར་སློབ་སྦྱོངས་ཉུང་མཐར་ལོ་བདུན་རིང་བྱས་ཡོད་ཚེ་ཡུལ་མི་སྤྱི་མཚུངས་དང་ཚུད་རྒྱུགས་སུ་ཞུགས་ཏེ་ཕྱི་ལུགས་སྨན་པའི་ས་མིག་གི་གོ་སྐབས་མང་བ་ཡོད་པས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚན་རིག་སྡེ་ཚན་ཁོངས་སློབ་ཕྲུག་ཁག་ལ་དམིགས་བསལ་ཟུར་འཁྲིད་སྦྱོང་བརྡར་དགོས་གལ་མཐོང༌། སྤྱི་མོས།
༣༽ རང་གཞུང་ནས་བོད་པའི་སྡེ་ཁག་ཆེ་སར་གཞི་རྒྱ་ཆེ་བ་དང་ཆ་རྐྱེན་ཡོངས་སུ་ཚང་བའི་སྨན་ཁང་འཛུགས་བསྐྲུན་ཐུབ་ན་སྤྱིར་བོད་རིགས་དང་བྱེ་བྲག་ཏུ་ཡུལ་མི་བཅས་ལ་ཕན་པའི་སྨན་པ་ཆེད་ལས་པའི་ཆ་རྐྱེན་དང་ཕྱི་རྒྱལ་ཁག་ནས་བོད་རིགས་སྨན་པ་དྭང་བླངས་ཁོངས་ཕེབས་ཐུབ་ན་གཞེན་བསྐུལ་བྱ་དགོས་མཐོང༌།སྤྱི་མོས།
༤༽ རྡ་ས་དང་མོནགྷཽ་གཞིས་ཆགས་ལྟ་བུར་བོད་མིའི་ས་གནས་གཞན་དུའང་འཁོར་ཡུག་གཙང་བཟོའི་ཆེད་འགྱིགས་སྣོད་སོགས་རུལ་མི་ནུས་པའི་བཅའ་དངོས་སྔོན་འགོག་གི་ལས་འགུལ་རིམ་པ་བོད་གཞིས་ཡོངས་μོགས་སུ་སྤེལ་གལ་ཆེ་ལ་གད་སྙིགས་འཁྱེར་བདེའི་སྣུམ་འཁོར་གང་མང་འཛུགས་བསྐྲུན་ཐུབ་པ་མཁོ་གལ་ཆེ། སྤྱི་མོས།
༥༽ རང་གཞུང་ལ་ཛ་དྲག་སྨན་བཅོས་ཆེད་ལོ་ལྟར་འགྲོ་སོང་ཤིན་ཏུ་ཆེ་བས་ཛ་དྲག་སྨན་བཅོས་མཐུན་འགྱུར་དགོས་ངེས་ཅན་ཡིན་མིན་ས་གནས་འགོ་འཛིན་རྣམས་ནས་ཞིབ་འཇུག་མཐིལ་ཕྱིན་གནང་གལ་ཆེ་ཐོག་མཉམ་འབྲེལ་དང་དགོན་སྡེ་ཁག་ནས་ཛ་དྲག་སྨན་བཅོས་ཐོག་མཐུན་འགྱུར་འགན་འཁུར་དགོས་གལ་མཐོང༌།སྤྱི་མོས།
༦༽ ཉེ་ཆར་རྒྱ་གར་གཞུང་ནས་གསོ་བ་རིག་པ་དེ་ཁྲིམས་མཐུན་ངོས་བཞེས་གནང་བཞིན་པར་ཚོགས་དུས་འདི་ཕྱོགས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།སྤྱི་མོས། ༣༡
༧༽ རང་རེའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་ལྟ་བུ་ཉེན་ཚབས་ཆེ་བའི་ནད་གཞི་ཁག་ལ་ཕྱི་ལུགས་དང་བོད་ལུགས་ཟུང་དུ་འབྲེལ་བའི་སྨན་བཅོས་ཀྱི་གོ་སྐབས་ཡོད་སར་གོང་མཐོར་དང་དེ་འདྲ་མེད་སའི་ས་གནས་ཁག་ལ་གསར་དུ་ཕྱག་བསྟར་ངེས་པར་དགོས་པ། སྤྱི་མོས།
༨༽ བར་ལམ་ནས་དེ་སྔ་ཡོད་པའི་ཕྱི་ལུགས་སྨན་པར་དམིགས་ཀར་ས་མིག་ཐོག་ཕྱི་རྒྱལ་ཁག་ཏུ་མཐོ་རིམ་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་མེད་པར་ཆགས་པ་དེ་བསྐྱར་གསོ་དགོས་པ་དང་དེ་བཞིན་བོད་ལུགས་གསོ་རིག་སྨན་པ་ལའང་དེ་མཚུངས་ས་མིག་གི་གོ་སྐབས་ཡོང་ཐབས་གནང་དགོས་གལ་མཐོང༌། དེ་བཞིན་ཤེས་རིག་གི་མཐོ་རིམ་སློབ་ཡོན་ཚོགས་ཆུང་ནས་སྒྲིག་གཞིའི་ནང་གསལ་ཕྱི་ལོ་ ༡༩༨༧ རྗེས་ཕྱི་རྒྱལ་དུ་མཐོ་རིམ་སློབ་གྲྭར་གོ་སྐབས་དུས་ཡུན་རིང་ཐུང་ལ་མ་ལྟོས་པར་གོ་སྐབས་ཐེངས་གཅིག་ལས་མེད་པ་དེ་བསྐྱར་ཞིབ་བྱ་དགོས་གལ་མཐོང༌།སྤྱི་མོས།
༩༽ བོད་མི་གནས་ཡུལ་རྒྱ་གར་ནང་འཕྲོད་ལྷན་ཁྱབ་ཁོངས་སྨན་ཁང་ཆེ་ཆུང་ཇེ་མང་ཞིག་ཡོད་པ་ཁག་ལ་སྨན་པ་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་སུ་ཕྱི་རྒྱལ་ཁག་ནང་ཡོད་པའི་བོད་རིགས་སྨན་པ་དང་སྨན་གྱི་ཆེད་ལས་པ་ཞབས་ཞུ་བྱ་འདོད་ཡོད་པ་རྣམས་ལ་འཕྲོད་ལྷན་ནས་སྨན་གྱི་ཟབ་སྦྱོང་དང་ཞབས་ཞུའི་ཆ་རྐྱེན་ལས་འཆར་གཏན་འབེབས་གནང་གལ་ཆེ། བར་ལམ་ནས་དེ་སྔ་ཡོད་པའི་ཕྱི་ལུགས་སྨན་པར་དམིགས་བཀར་ས་མིག་ཐོག་ཕྱི་རྒྱལ་ཁག་ཏུ་མཐོ་རིམ་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་མེད་པར་ཆགས་པ་དེ་བསྐྱར་གསོ་དགོས་པ་དང་དེ་བཞིན་བོད་ལུགས་གསོ་རིག་སྨན་པ་ལའང་དེ་མཚུངས་ས་མིག་གི་གོ་སྐབས་ཡོང་ཐབས་གནང་དགོས་གལ་མཐོང༌།སྤྱི་མོས།
༡༠༽ བོད་ལུགས་དང་ཕྱི་ལུགས་བོད་མིའི་གསོ་རིག་འཛིན་པའི་སྨན་པའི་དབར་ལོ་གཉིས་སམ་གསུམ་རེའི་མཚམས་མཉམ་འཛོམས་ཀྱིས་ནད་བཅོས་སློབ་གསོས་མཚོན་གོ་བསྡུར་གྱི་ཚོགས་འདུ་འཕྲོད་ལྷན་ནས་ཚོགས་རྒྱུ་གལ་གནད་དུ་མཐོང༌། སྤྱི་མོས།
༡༡༽ ཕྱི་ལུགས་སྨན་གྱི་སློབ་སྦྱོང་ཆེད་ཤེས་རིག་ལྷན་ཁང་ནས་སློབ་ཡོན་གནང་སྐབས་རང་རེའི་བོད་གཞིས་ཁག་ལ་ཕན་ཐོག་ཆེ་བའི་ཁ་གསལ་ཆོད་གན་གྱི་འབྲུ་དོན་ལྟར་ལག་བསྟར་གནང་གལ་ཆེ།སྤྱི་མོས།
༡༢༽ ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་ཇུས་ནང་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཚན་ནང་ཤེས་ཚད་དང་བསྟུན་ཏེ་བོད་ལུགས་གསོ་རིག་གི་ཤེས་བྱ་ངོ་སྤྲོད་སྔར་ལྷག་དགོས་པ། སྤྱི་མོས། ༣༢
༡༣༽ བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ལོ་རེའི་རྒྱུན་གྲོན་ཁག་རང་གཞུང་ནས་གཏོང་གནང་དགོངས་བཞེས་གནང་སྐྱོང་ཡོང་བ། སྤྱི་མོས།
༡༤༽ བོད་ཀྱི་གསོ་བ་རིག་པ་དང་ནང་ཆོས་ཟུང་འབྲེལ་གྱིས་ཐོག་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་ལམ་སྟོན་ཡིག་ཆ་གསར་གཏོད་ཡོང་ཐབས་བྱ་རྒྱུ་དང༌། དེའི་བདག་དབང་གཞན་ལ་མ་ཤོར་བ་དགོངས་བཞེས་གནང་རྒྱུ།སྤྱི་མོས། ༣༣
ཟུར་རྒྱན་གྲོས་ཆོད།
དང་པོ།
འབྱུང་བ་འཁྲུགས་པའྀ་གེགས་དབང་གི་རྐྱེན་པས་འདི་ལོ་སྐྱེ་རྒུ་མདོ་ས་ཁུལ་དང་འབྲུག་ཆུའི་ས་ཁུལ་གཉིས་སུ་གཞིས་ལུས་སྤུན་ཟླ་མང་པོའི་སྐུ་སྲོག་ཤོར་བ་དང༌། གནས་མལ་ཕ་གཞིས་སོགས་ལ་གནོད་ཚབས་ཆེན་པོ་ཕོག་པ་དང༌། དེ་མཚུངས་ལ་དྭགས་གཞིས་ཆགས་སུ་ཆར་ཆུའི་གནོད་སྐྱོན་ཤུགས་ཆེའི་རྐྱེན་པས་དཀའ་ངལ་ཅི་ཆེ་ཕོག་པ་རྣམས་ལ་ཚོགས་ཆེན་འདིའི་ཚོགས་བཅར་བ་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་བ་དང་སྦྲགས། ནང་སྲིད་ལས་ཁུངས་ནས་རོགས་རམ་ཐབས་ཤེས་གནང་དང་གནང་མུས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། ད་དུང་ཐུགས་འཁུར་རྒྱ་མི་ཆུང་བ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ།
གཉིས་པ།
རྒྱ་གར་དབུས་གཞུང་དང༌། ལྷག་པར་དུ་ཀར་ན་ཊ་ཀ་གཞུང་མང་གཉིས་ནས་འདས་པའི་དུས་རབས་ཕྱེད་ལྷག་རིང་བཙན་བྱོལ་བོད་མི་ཚོར་ཕ་ཡུལ་གཉིས་པ་ལྟ་བུའི་མཐུན་རྐྱེན་སྦྱོར་འཇགས་གནང་བར། ཚོགས་ཞུགས་པ་སྤྱི་མགྲིན་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའི་འཚམས་འཕྲིན་འབུལ་ལམ་ཞུ་རྒྱུ་བཅས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ནས། བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠
ཕྱི་ཟླ་ ༨ ཚེས་ ༣༡ ལ།།