དགོངས་ཚུལ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བར་གཟིཌ་མཁན་ས་ཡ་གཅིག་ཟིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

TIP2009ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༩ཉིན་སྤེལ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བར་དངོས་སུ་དབུ་འབྱེད་ཞུས་ནས་ཟླ་༨ནང་ཚུན་དུ་གཟིགས་མཁན་ས་ཡ་༡ལྷག་ཕེབས་པར་འདི་གའི་ལས་བྱེད་དང་དང་ལེན་ཞབས་ཞུ་བ། གཞན་ཡང་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་མཁན། ལྷག་པར་དུ་བརྩེ་བའི་གཟིགས་མཁན་རྣམ་པར་དགའ་གུས་སྤྲོ་གསུམ་གྱི་སྒོ་ནས་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་གནས་གསར་འགྱུར་ཁང་ནི་རང་དབང་ཅན་ཞིག་དང༌། ༢༠༠༨ ལོའི་ཟླ་༣ ཚེས་༡༠ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་བཙན་བྱོལ་དུ་གནས་པའི་བོད་ཀྱི་གཞོན་ནུ་ཁག་ཅིག་ནས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གསར་འཛུགས་ཞུས་ཏེ་གཙོ་བོ་བོད་ཀྱི་དངོས་ཡོད་གནས་ཚུལ་དང༌། དེ་དང་འབྲེལ་བ་ཆེ་བའི་བོད་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས། མང་གཙོ་ལམ་ལུགས་དང་འཕེལ་རྒྱས། གསར་འགོད་རང་དབང༌། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་དྲ་རྒྱ་ཞིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་འགོད་འགྲེམས་ཞུ་རྒྱུར་དམིགས་པ་ལྟར། དེ་བཞིན་གསར་ཁང་འདིས་རྒྱལ་སྤྱིའི་ བོད་ཀྱི་ཆ་འཕྲིན་དྲ་བ་ཞེས་པ་གོང་གསལ་གྱི་གནས་ཚུལེརྣམས་ཉིན་རེ་བཞིན་འགྲེམས་སྤེལ་ཞུས་དང་ཞུ་བཞིན་ཡོད་ལ། རིམ་པས་དབྱིན་ཡིག་ཐོག་གསར་ཤོག་འགྲེམས་སྤེལ་ཞུ་རྒྱུ་ཡིན།

དྲ་རྒྱའི་ནང་བོད་ཙམ་མ་ཟད། གཙོ་བོ་རྒྱ་ནག་དང་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་གསར་པ་གང་བྱུང་བ་ཁག་ཀྱང་ཞིབ་སྡུར་དང་དཔྱད་ཞིབ་ཞུས་ཏེ་འགོད་འགྲེམས་ཞུ་བཞིན་ཡོད་ལ། དྲ་རྒྱ་འདི་བཞིན་ྋགོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་དང་སྟབས་བསྟུན་ཏེ་༢༠༠༧ ལོའི་ཟླ་༡༢ ཚེས་༡༠ ཉིན་དངོས་སུ་དབུ་འཛུགས་ཀྱིས་འཆོར་བཀོད་ཞུས་པ་ཡིན། བཙན་བྱོལ་བོད་མི་ཚོར་མང་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་བཅས་ཀྱི་རང་དབང་ཆེན་པོ་ཡོད་པ་དང༌། དེ་དག་གི་ལམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་བསྐྱར་གསོ་བྱེད་རྒྱུར་རྒྱ་ཆེའི་གཞིས་ལུས་བོད་མི་ཚོས་བཙན་བྱོལ་དུ་གནས་པའི་བོད་རིགས་སྤུན་ཟླ་ཚོར་རེ་བ་དང་ཡི་ཆེས་ཆེན་པོ་གནང་བཞིན་ཡོད་ལ། བཙན་བྱོལ་བོད་མི་རྣམས་ལྟར་རྒྱ་ནག་གི་ཆེས་གདུག་བརྩུབ་ཅན་གྱི་བཙན་གནོན་འོག་ཏུ་གཞིས་ལུས་བོད་མི་རྣམས་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་གྱི་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པའི་གོ་སྐབས་མེད། དེར་བརྟེན་ང་ཚོས་བོད་གནས་གསར་འགྱུར་ཁང་འདི་བརྒྱུད་བཙན་བྱོལ་སྤྱི་ཚོགས་སུ་བོད་མིའི་གསར་འགོད་ཀྱི་སྤྱི་ཚོགས་ཀྱང་ནུས་པ་ལྡན་པ་ཞིག་འཛུགས་སྐྲུན་ཞུ་ཐུབ་རྒྱུའི་ཡི་ཆེས་ཡོད། དམིགས་ཡུལ་གཞན་ཞིག་ནི་བོད་ནང་ཙམ་དུ་མ་ཟད། བཙན་བྱོལ་དུ་གནས་པའི་བོད་ཀྱི་གཞུང་སྒེར་ཚོགས་སྡེ་ཀུན་གྱི་བར་དུ་འབྲེལ་ལམ་དང་གོ་རྟོགས་ཇེ་ལེགས་ཡོང་ཐབས་ལ་འབད་བརྩོན་ཞུས་ཡོད་ལ། མ་འོངས་པར་ཡང་དེ་ལྷག་ཡོང་བའི་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༡་ཚེས་༠༩ཉིན་སྤེལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (15)
15 ༠༩༢༠༡༠༠༨༢༡
གཟིགས་མཁན་ས་ཡ་གཅིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་ཟེར་བ་ལས་ས་ཡ་གཅིག་གཟིགས་ལ་ལ་ཟེར་བ་ནི་བོད་སྐད་ཀྱི་འགྲོ་ལུགས་ཤིག་མ་རེད། མཆན་འདེབས་མཁན་འདི་ཚོ་མི་ཡིན་ས་མ་རེད
14 ༡༥༢༠༠༩༡༥༥༢
ལི་ལྗོངས་ཀྱི་གངས་ཕྲུག
ས་ཡ་གཟིགས་མཁན་དག་ལ་མཚམས་འདྲི་ཞུ། m
ས་ཡ་གཅིག་གཟིགས་མཁན་དག་ལ་བཀྲ་ཤིས་བདེ་ལེགས་ཞུ། མུ་འཐུད་དུ་། ལོཧོར་ཉི་མ།
ས་ཡ་གཅིག་གཟིགས་མཁན་དག་ལ་བཀྲ་ཤིས་བདེ་ལེགས་ཞུ། མུ་འཐུད་དུ་། ལོཧོར་ཉི་མ།
ས་ཡ་གཅིག་གཟིགས་མཁན་དག་ལ་བཀྲ་ཤིས་བདེ་ལེགས་ཞུ། མུ་ ཧོར་ཉི་མ། འཐུད་དུ་ལོ།
ཆ་འཕྲིན་འདི་མ་རེད། ལམ་ནོར་ཐེབས་མ་ཤོར
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་རྩོམ་སྒྲིག་པ་དར་མདོའི་ཕོ་ཉ་ལ་བསྔགས་བརྗོད་དང་དགའ་བསུ་ཞུ་
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་རྩོམ་སྒྲིག་པ་དར་མདོའི་ཕོ་ཉ་ལ་བསྔགས་བརྗོད་དང་དགའ་བསུ་ཞུ་
བོན་པོའི་དགེ་ཤེས་ལགས་ཀྱིས་བཏང་གནས་དེ་ཚོ་སོས་པ་དང་གསར་པ་རེད་འདུག མ་གཞི་ནས་ཁོང་སྒེར་གྱིས་གནང་གི་ཡོད་ན་ཡང་ན་ཛ་དྲག་ཚོགས་པའི་ཡིན་ན།
མིང་དང་མྱུག་མིང་གང་འབྲི་རུང་སོ་སོའི་འདོད་དང་རང་དབང་རེད། ཉི་མ་ཁྱོད་ཀྱི་ཨ་ཡིན། ཧཧཧཧཧ།
དམིགས་ཡུལ་ཆེན་པོ་འདུག བོད་ཡིག་དྲ་གནས་འདི་གྲ་རྒྱས་ཤོས་ཡིན་རྒྱུ་ཡིན་རྒྱུ་རེད།
ས་ཡ་གཅིག་གི་གཟིག་མཁན་དག་ལ་ཡག་བྱུང་ཞེས་ཞུ་རྒྱུ་ཡིན།
ཀུན་གསལ། ལི་སེང་དགའ་སྐྱིད། མུན་ནག ཁྱེད་ཚོརམིང་འབྲི་ཐུབ་པའི་སྤོབས་པ་མི་འདུག་གམ།
དགའ་བསུ་བྱས་འོས་ཡང༌། མུ་འཐུད་གནང་གལ་དེ་ལས་ཆེ་བ་ཡོད་པ་རེད།
ཆ་འཕྲིན་ལ་ཚམས་འདྲི་དང་བྱས་རྗེས་ལ་དགའ་གུས་ཞུ་འོས་ལ། མུ་ཐུད་འོང་བའི་རེ་བ་བཅངས་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།