ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་ལྔ་པ།
མཐའ་མའི་བསྐྱར་བཅོས། (༠༨༢༠༠༩༢༠༥༧)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༨ཉིན་སྤེལ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༣ ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣ བར་གྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་ཡོད་པ་རེད། ཟབ་སྦྱོང་དབུ་འབྱེད་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་གནང་བ་དང༌། ཟབ་སྦྱོང་ནང་རྡ་སྟེང་བོད་ཁྱིམ་ཁྱབ་ཁོངས་ཀྱི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༣༠ དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་དགེ་རྒན་ ༡༠ བཅས་འཛུལ་ཞུགས་གནང་ཡོད་པ་རེད། ཟབ་སྦྱོང་རིང་ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་ཞིབ་འཇུག ནང་ཆོས་ངོ་སྤྲོད། སྲོལ་རྒྱུན་ཤེས་ཡོན། འཚེ་མེད་ཞི་བ་དང་ལམ་དབུ་མ། ཡིག་གཟུགས། བོད་ཡིག་སློབ་ཁྲིད། དམིགས་བསལ་ཤེས་ཡོན། བྱིས་པའི་འཕྲོད་བསྟེན། ཡོག་དང་པྲ་ཎཱཡཱམ་སོགས་སློབ་ཁྲིད་གནང་ཡོད་པ་རེད། མཇུག་བསྡོམས་མཛད་སྒོ་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣ ཉིན་ཤེས་རིག་བཀའ་བློན་མཆོག་ནས་གསུང་བཤད་གནང་བ་དང་ཟབ་སྦྱོང་པ་རྣམས་ལ་ལག་འཁྱེར་གནང་སྟེ་ལེགས་གྲུབ་བྱུང་བ་བཅས་སོ།། བོད་གཞུང་དྲ་གནས་སུ་བཏུས།
བཀྲིས་ཕན་བདེའི་འདབ་སྟོང་རབ་འཛུམ་ནས།
བཀྲིས་རྫོགས་ལྡན་སྦྲང་རྩིའི་དགའ་སྟོན་ལ།
བཀྲིས་ངེམས་མེད་ཡུན་རིང་སྤྱོད་གྱུར་ཅིག