གསར་འགྱུར་གསར་པ།:

དགོངས་ཚུལ།

ྋགོང་ས་མཆོག་ཀུ་ལུ་མ་ན་ལི་དང་ཇི་སི་པ་ཁུལ་དུ་ཆིབས་བསྒྱུར།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༨ཚེས་༡༦ཉིན། ད་ལྟ་དུས་ཚོད་ཉག་ཕྲ་པོ་ཆགས་བསྡད་ཡོད། བོད་ཀྱི་སངས་རྒྱས་ཀྱི་ཆོས་སོ་སོས་དགའ་ཞེན་བྱས་ནས་བསླབ་པ་སློབ་གཉེར་དང་ཉམས་ལེན་བྱས་ནས་གཞན་ལ་དམ་དྲག་བྱས་བསྡད་པ་ཞིག ད་ཚིག་དམའ་བོ་ཐོག་ནས་ལབ་ན། བོད་པས་བོད་པའི་ཆོས་དང་རིག་གཞུང་ཉམས་ལེན་མ་བྱས་ན་ཨང་དང་པོ་རང་མ་འགྲིག་པ་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་༧གོང་ས་མཆོག་གིས་གསུངས།

བོད་ཀྱི་ཆོས་སྲིད་གཉིས་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཀུ་ལུ་མ་ན་ལི་དང་ཇི་སི་པ་ཁུལ་དུ་ཆིབས་བསྒྱུར་གནང་བཞིན་ཡོད་པ་ལྟར་རྒྱ་གར་ཧི་མ་ཅལ་མངའ་ཁུལ་གྱི་ཀུ་ལུ་རྫོང་དུ་ཀ་ཡི་སི་(KAIS)ཞེས་པའི་ས་གནས་སུ་༢༠༠༥ལོར་༧གོང་ས་མཆོག་གིས་དབུ་འབྱེད་གནང་བའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་དེ་རིང་གི་ཉིན་རྒྱབ་ཆུ་ཚོད་༢་༣༥ཐོག་ཆིབས་གྲུ་བརྒྱུད་ནས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་སོང༌།

དེ་ཡང་ཐེངས་འདིའི་ཆིབས་བསྒྱུར་སྐབས་མགོན་པོ་གང་ཉིད་ཚེས་༡༦ཉིན་གྱི་སྔ་དྲོར་བཞུགས་སྒར་ནས་ཆིབས་ཐོན་གྱིས་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་ཞབས་སོར་མ་འཁོད་གོང་ཙམ་དུ་ཀུ་ལུ་བོད་མི་གཞིས་སྒར་དཔལ་རབ་གླིང་གི་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་རིས་མེད་དགོན་སྡེ་ཁག་གི་མཁན་པོ། ས་གནས་རང་བདེན་ཚོགས་གཙོ་བཅས་ནས་ཕེབས་བསུར་ངོ་བཅར་ཞུས་ཡོད་པ་དང། དེ་རྗེས་དགས་པོ་བཤད་སྒྲུབ་གླིང་དུ་ཞབས་སོར་མཁོད་མ་ཐག་དགོན་པའི་བླ་མ་དགས་པོ་རིན་པོ་ཆེ་དང་དགེ་འདུན་པ། ས་གནས་བོད་མི་དང་ས་གནས་ཡུལ་མི་བཅས་མི་མིང་སྟོང་ཚོ་གསུམ་མ་ཟིན་ཙམ་ནས་མཇལ་དར་དང༌། ད་དུང་ནག་པའི་དར་ཆེན་དང་བོད་ཀྱི་རྒྱལ་དར་གཞན་ཡང་དར་མཚོན་སྣ་ལྔ་དང་བཅས་རྒྱ་སྒོ་བཞི་བར་སེར་བང་བསྒྲིགས་ནས་ཕེབས་བསུ་གཟབ་རྒྱས་ཞུས། མཛད་རིམ་དུ་དྭགས་པོ་བཤད་སྒྲུབ་གླིང་དུ་མགོན་པོ་གང་ཉིད་ནས་སེམས་བསྐྱེད་ཀྱི་བཀའ་ཆོས་གནང་གཏན་ཁེལ་ཡོད་པ་དེ་བཞིན་དུ་སང་ཉིན་དབུ་འཛུགས་གནང་རྒྱུ་རེད་འདུག

དེ་རེས་དྭགས་པོ་བཤད་སྒྲུབ་གླིང་དགོན་པའི་བླ་སློབ་ཀྱིས་དབུས་བོད་མི་དང་ཁུལ་དེའི་ས་གནས་མི་མང༌། ཕི་རན་སི་དང་སིན་གྷ་པུར། སི་པན། ཨིན་ཌོ་ནེ་ཤི་ཡ། ནེ་ཐར་ལན་ཌི། མ་ལི་ཤི་ཡ། རྒྱ་གར་བ་བཅས་ཕྱི་རྒྱལ་གྱི་ཡུལ་ཁག་༥ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཕེབས་ཡོད་པ་རེད། དགོན་པ་དེའི་གཙུག་ལག་ཁང་དུ་དགས་པོ་རིན་པོ་ཆེ་མཆོག་གིས་མགོན་པོ་གང་ཉིད་ལ་མཎ་ཌལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས་བཀའ་སློབ་ཕེབས་དོན། བོད་གངས་ཅན་གྱི་ལྗོངས་ལ་མངའ་བདག་གཉིས་ཞེས་ལོ་རྒྱུས་ཀྱི་ཐོག་ནས་ཕྱོགས་གཅིག་ནས་སློབ་པ་སློབ་གཉེར་དང་ལྷག་བར་དུ་དགོན་པའི་སྒྲིག་ཁྲིམས་ཆ་ཚང་བ་དག་ཚད་ལོང་བ་ཞིག་ཡོད་པ་རེད། དགས་པོ་བཤད་སྒྲུབ་གླིང་ཡང་བོད་གངས་ཅན་པའི་དགོན་པ་ཆེ་ཁག་དེ་དག་དང་འདྲ་བ་གཞི་རྩ་བཙུགས་པ་རེད། དེ་ནས་རིམ་པས་རིན་པོ་ཆེ་ནས་རྐང་འགན་ཁུར་ཆོས་གྲོགས་སྦྱིན་བདག་མང་པོ་ཞིག་ནས་མཐུན་རྐྱེན་རོགས་རམ་སྦྱར་གནང་ནས་དེ་འདྲ་ཞིག་བྱུང་བ་རེད། དེ་སྔོན་འདིར་ཐེངས་གཅིག་འབྱོར་བ་རེད། འོན་ཀྱང་སྐབས་དེར་ལྷོད་ལྷོད་བྱུང་ཡོད་བ་མ་རེད། དེ་ཡང་བསྐྱར་བྲལ་བ་དེ་ལས་ཆེ་བ་ཞིག་དང་ཏོག་ཙམ་མ་གཏོགས་སྡོད་རྒྱུ་མེད་པ་བྱས་ནས་ཡོང་བ་རེད། ཅེས་དང༌། ཡང་༧གོང་ས་མཆོག་གིས། སྤྱི་ཡོངས་ནས་ཀུ་ལུ་ས་ཁུལ་འདི་ཡར་རྒྱས་འགྲོ་བཞིན་ཡོད་འདུག དགོན་པ་འདི་མཚོན་ནའང་ཕྱིའི་འཛུགས་སྐྲུན་ཙམ་མ་ཡིན་པར་ནང་གི་ཆོས་སྤྱོད་སློབ་གཉེར་བྱེད་རྒྱུ་དེ་ཚོ་ཚང་མས་འབད་བརྩོན་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཧ་ཅང་ཡག་པོ་བྱུང་འདུག བསྔགས་བརྗོད་ཡོད་ཅེས་བཀའ་གནང་སོང༌།

དེ་ནས་དམིགས་བསལ་ཞུ་རྒྱུ་ཞིག་ལ་རིན་པོ་ཆེའི་ཆོས་གྲོགས་དང་ཆོས་ཡོན་སྦྱིན་བདག་ཁྱེད་རང་ཚོ་ཕི་རན་སི་དང་ཨིན་ཌོ་ནེ་ཤི་ཡ་སོགས་ནས་ཕེབས་པ་མང་པོ་ཞིག་འདིར་འཛོམས་ཡོད་པ་རེད། ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཅེས་བཀའ་གནང་སོང༌།

མགོན་པོ་གང་ཉིད་ནས་མུ་མཐུད་བཀའ་གནང་དོན། ནམ་རྒྱུན་ཞུ་བསྡད་པ་དེ་བཞིན་བོད་གངས་ཅན་པའི་སངས་རྒྱས་ཀྱི་བསྟན་པ་འདི་དཔལ་ན་ལཎ་ཌ་ནས་བྱུང་བའི་ཆོས་རྒྱུད་དྲི་མ་མེད་པ་དེ་རེད། འཛམ་གླིང་འདིའི་སྟེང་ནང་པའི་ཡུལ་གྲུ་མང་པོ་ཡོད་པ་རེད།

ཚེས་༡༧ཉིན་༧གོང་ས་མཆོག་པ་ཏི་ཀུལ་བོད་ཁྱིམ་ལག་ཤེས་བཟོ་གྲ་ཕེབས་གནང་རྒྱུ་དང༌། དེ་རྗེས་མ་ན་ལིར་རྟེན་གཞི་བྱས་ཡོད་པའི་དགེ་ལུགས་དགོན་པ་རུ་ཆིབས་བསྒྱུར་གནང་གཏན་ཁེལ་ཡོད་ཅིང༌། ཉིན་དེར་མ་ན་ལིར་བཞུགས་ཞག་གནང་རྒྱུ་ཡིན་པ་རེད། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ། དེ་ཡང་ཕྱི་འདུལ་བ་དང་ནང་བྱང་སེམས། གསང་བ་ཞེས་ཏན་ཐོག་གཅིག་བགེག་མེད་དུ་ཉམས་ལེན་བྱེད་ཐུབ་པ། དེ་ཡང་ཐེག་གསུམ་གྱིས་གཏན་ལ་ཕབ་ནས་ངེས་པ་བརྙེད་པའི་དོན་དེ་ཉིད་རྩེ་ཅིག་ཏུ་སྒོམ། མདོར་ན། ཐོས་བསམ་ཀྱི་གོམས་པ་ཕྱོགས་ཞེན་མ་ལྷུང་བ་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ཕྱག་གསོལ་དེ་ཕལ་ཆེར་བོད་གངས་ཅན་ལྗོངས་སུ་དར་བ་ཡག་ཤོས་ཡིན་པ་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།

ཚེས་༡༨ཉིན་མ་ན་ལི་ནས་ཇི་སི་པ་རུ་ཕེབས་ཐོན་གནང་རྒྱུ་དང༌། ཚེས་༡༩ཉིན་ཁུལ་དེར་དཔལ་བདེ་མཆོག་གི་བཀའ་དབང་གནང་གཏན་ཁེལ་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་གིས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།