གསར་འགྱུར་གསར་པ།:

དགོངས་ཚུལ།

བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱ་རྒྱུ་ཡིན་ཟེར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༤ཉིན། འདི་ལོ་ཕྱི་ཟླ་༩་པ་ཚེས་༣ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་གཞིས་གྲོང་དུ་བོད་མི་ཁག་ཅིག་གིས་དང་བླངས་ཐོག ༼བཀའ་ཁྲིའི་བགྲོ་གླེང་ཆེན་མོ་༽ཟེར་བ་བཀའ་བློན་ཁྲི་པའི་འོས་མི་ལྔས་བགྲོ་གླེང་འགྲན་སྡུར་ཞིག་གོ་སྒྲིག་བྱ་འཆར་ཡོད་སྐོར་གསར་འགོད་གསལ་བསྒྲགས་བྱས་འདུག

དེ་ཡང་ཁ་སང་ཕྱི་ཚེས་༡༣ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་རུ་བོད་མི་དང་བླངས་བ་ཁག་ཅིག་གིས། མ་འོངས་སྐབས་༣པའི་བཀའ་བློན་ཁྲི་པའི་སྔོན་འགྲོ་བའི་འོས་བསྡུ་དེ་ཟླ་བ་༡ཙམ་ལས་མེད་པའི་སོ་མཚམས་ཏེ། ཟླ་རྗེས་མའི་ཚེས་༣ཉིན་༼བཀའ་ཁྲིའི་བགྲོ་གླེང་ཆེན་མོ་༽ཟེར་བ་ཞིག་གོ་སྒྲིག་བྱས་ཡོད་པ་དང༌། སྐབས་དེར་བཀའ་བློན་ཁྲི་པའི་འོས་མི་ལྔས་བགྲོ་གླེང་འགྲན་སྡུར་ཞིག་བྱ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བྱས་འདུག

གསར་འགོད་གསལ་བསྒྲགས་ཐོག་དང་བླངས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འདི་ལོ་དགུངས་གྲངས་༧༥ཕེབས་ནས་ད་ལྟ་བགྲེས་ཡོལ་ལྟ་བུ་བཞུགས་ཡོད་པ་དང༌། ད་ལྟའི་ཆར་ཆབ་སྲིད་དང་བཙན་བྱོལ་བོད་མིའི་ལས་དོན་མང་ཆེ་བ་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པས་ཐུགས་འགན་བཞེས་དགོས་ཀྱི་ཡོད་པ་རེད། དེར་བརྟེན་བཀའ་བློན་ཁྲི་པ་ནི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་གཅིག་པུར་ངོས་འཛིན་རྒྱུ་མེད་པ། དེ་ནི་མང་གཙོ་དང་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཀྱི་ཡོད་པ་རེད། བཀའ་བློན་ཁྲི་པ་དེས་མི་མང་གི་མངོན་འདོད་སྒྲུབ་ཐུབ་མིན་གཞི་རྩའི་འགན་ནི་མི་མང་ཚོར་ཡོད་པ་རེད་ཅེས་གསུངས་འདུག

 ཡང་གསར་འགོད་གསལ་བསྒྲགས་ཐོག་བཀའ་བློན་ཁྲི་པའི་འོས་མི་འདེམས་སྟངས་སྐོར་བཀའ་འདྲི་ཞུས་པར་བློ་བཟང་རྡོ་རྗེ་ལགས་ཀྱིས་དྲི་བར་ལན་འདེབས་གནང་དོན། ང་ཚོ་གོ་སྒྲིག་པ་ཚོས་བཀའ་བློན་ཁྲི་པ་འོས་མིར་འདོན་མཁན་དམིགས་བསལ་ཚོགས་པ་དང་སྐྱིད་སྡུག་ཁག་ལ་འབྲེལ་བ་ཐོག མ་འོངས་བཀའ་བློན་ཁྲི་པར་རེ་བ་ཡོད་པའི་ཁྱོན་མི་སྣ་༡༣ཙམ་ལ་འབྲེལ་བ་བྱས་ཀྱང༌། དངོས་སུ་བཀའ་བློན་ཁྲི་པའི་འོས་མི་གྲངས་༥ལས་ལག་སོན་བྱུང་མ་སོང༌། དེ་དག་ནི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་མཁས་དབང་བློ་བཟང་སེངྒེ་ལགས་དང༌། གོ་འཇོ་མཁོ་ལྷ་ཚང་བསོད་རྣམ་སྟོབས་རྒྱལ་བཅས་རེད་ཅེས་འགྲེལ་བརྗོད་གནང་འདུག

བཀའ་ཁྲིའི་བགྲོ་གླེང་ཆེན་མོ་གོ་སྒྲིག་བྱེད་མཁན་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོ་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་དང༌། སྤྱི་ཟུར་པདྨ་བདེ་ལེགས། སྔོན་མ་བྷེ་ཀོ་ལུགས་ཟུང་གི་སྐུ་ཚབ་སྐུ་ཞབས་བཀྲ་ཤིས་དབང་འདུས་ལགས། སོགས་ལྷོ་ཕྱོགས་དགོན་སྡེ་ཁག་གི་གྲྭ་པ་དགེ་བཤེས་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་༡༢ཙམ་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (10)
ནོར་བཅོས།
10 ༡༠༢༠༡༠༠༢༥༦
གཤམས་དུ་སྐྱོན་བརྗོད་བྱེད་ཡུལ་རྐར་མ་རྡོར་རྗེ་ཞེས་པ་མིང་ནོར་འདུག་པ་རྐར་མ་རྒྱ་མཚོར་བརྗེ་འགྱུར་ཡོང་བ་དང་སྐྱོན་བརྗོད་བྱེད་ཡུལ་རྐར་མ་རྒྱ་མཚོར་རེ་འདུག་པ་རྐར་མ་རྒྱ་མཚོ་དང་ལྟ་ལོག་ཅན་འཇམ་ཡང་ནོར་བུའི་མིང་ཙམ་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་ངན་བྱས་ངོ་འཁྱེར་ཀ་ན་ཀྲ་གནས་བཀྲ་ཤིས་སྟོབས་གཏམས་གླེང་སྐབས་ག་དུས་ཡིནའང་བོད་གཞུང་དང་བཀའ་བློན་ཁྲི་པ་དང་བོད་མི་ས་ཡ་དྲུག་གི་ལྟ་བའིག་དང་ཁོག་པའི་སྙིང་༧སྤྱི་ནོར་༧གོང་ས་སྐབས་མགོན་ཆེན་པོར་འང་སྐྱོན་བརྗོད་བྱེད་དང་བྱེད་བཞིན་པར་མཚམས་འཇོག་ཆེད་དུ་ཡིན་བཅས།
བཀའ་ཁྲིའི་སྐོར་གླེང་བ།
9 ༠༨༢༠༡༠༢༣༤༡
ད་ལྟའི་བཀའ་ཁྲི་དེ་ནོར་བ་བྱུང་ན་ཚར་ཚར་བ་རེད།
མཁས་དབང་བློ་བཟང་སེང་གེ་དང་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་གཉིས་ཀྱི་ནང་དུ་འདམ་ཀ་བྱས་ནས་དེ་གཉིས་ཀྱི་གཅིག་ལ་འོས་ཤོག་འཕེན་དགོས།
བཀྲས་མཐོང་མི་ངན་།
8 ༠༥༢༠༡༠༡༢༠༥
བཀྲས་མཐོང་ཟེར་བའི་མི་ངན་འདི་བཀའ་ཁྲིར་སླེབས་སོང་ན་།
རྒྱ་གཞུང་ལ་མགོ་འདོག་་བྱེད་ཐག་གཅོད་ཡིན་།
གང་ཡིན་ཞེ་ན་།
མི་ངན་འདི་ཚོའི་འོག་ཏུ་བདེ་སྐྱིད་ཞིག་ཇི་ལྟར་ཐོབ་སྲིད་།
ལོ་རྒྱུས་ནས་གསལ་སྟོན་དགོས།
7 ༢༩༢༠༡༠༡༥༠༧
རང་དབང་རླུང་འཕྲིན་ཁང་གིས། དེ་སྔོན་བོད་གཞུང་གི་རྒྱལ་དར་མགོ་འཇུག་སློག་སྟེ་ལས་བྱེད་དགོངས་ཕོག་་སྐར་མ་རྡོར་རྗེས་་ངན་བྱས་ངོ་འཁྱེར་བྱས་རྗེས་སྤུ་ཙམ་མེད་པའི་ཟློས་གར་སྒོ་འཇི༹ན་དགོངས་ཕོག་འཇམ་དབྱངས་ནོར་བུ་དང་དེ་དང་གཅིག་མཚུངས་འུ་ཐུག་གྱི་བཀའ་ཟུར་མིང་ཙམ་བསོད་ནམས་སྟོབས་རྒྱས་་ཁ་ན་ཊ་རང་མགོ་གང་ཐོན་གནས་རྡོད་བཀྲ་ཤིས་སྟོབས་རྒྱས་ཅན་་ད་ནས་བཟུང་ཟབ་ཟབ་མ་བྱས་ན་རང་གི་སྐྱབས་བཅོལ་གཞུང་ལ་ཁ་ནས་ཐོན་གསུམ་བཅོ་བརྒྱད་་བཤད་གྲགས་ན་ཉིན་གཅིག་ལས་གནས་ཤོར་གི་རེད།
བཀའ་བློན་ཁྲི་པ་སྐོར་
6 ༢༧༢༠༡༠༠༧༡༡
ད་ནི་སྐད་ཆ་བརྒྱ་བཤད་སྟོང་བཤད་ག་རེ་བྱས་ནའང་ཁྱད་པར་མེད་་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་སྦྱོན་སྟངས་་ཆེ་བ་དང་མཁྱེན་པ་ཐོགས་་པ་མེད་པ་གཟི་བརྗིད་དབང་ཐང་འདི་ལྟ་བུ་ནི་གང་སྤྱིའི་ཐད་་ནས་ཀྱང་་ཡོང་གི་མ་རེད་དེ་མིན་སུ་ཕེབས་ནའང་་ཁོང་ནང་བཞིན་ནི་ཤིན་ཏུ་ཁག་པོ་རེད་
བཀྲས་མཐོང་།
5 ༢༦༢༠༡༠༡༩༢༣
ང་སྐབས་དེ་དུས་སྦེལ་ཀོབ་བཀྲས་མཐོང་ངོ་ལོག་བྱེད་ས་འགྲོ་ཐག་ཆོད་ཡིན།
རང་དོན་ཁབ་རྩེ་ཙམ་མེད།
4 ༢༦༢༠༡༠༡༠༣༠
བཀྲས་སྟོབས་ཅན་ནས་བཀའ་ཁྲི་་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོགལ་སྐྱོན་བརྗོད་་ཚད་འགལ་ཞུས་པར་་སྔར་ཁོང་ནང་བཞིན་བསྐུར་འོས་བྱས་རྗེས་ཅན་སུ་དང་སུ་བྱུང་འདུག་་ཁོང་གི་ཕྱག་ལས་གང་གནང་ཀྱང་རང་དོན་ཁབ་རྩེ་ཙམ་མེད་པ་ཁྱེད་རང་ཁོང་གི་ལས་ཤག་ནང་ལྟོས་དང་ན་བཟའ་ཕར་མ་ཁ་ཤས་མ་རྟོག་དེ་མིན་རྒྱས་སྤྲོས་གང་ཡང་མེད་ཟམ་གདོང་བླ་བྲང་ཞེས་པ་གང་ཡང་་མཐོང་རྒྱུ་ཐོས་རྒྱུ་མེད་སྐུ་སྒེར་དྲུང་ཟུར་སྐུ་ངོས་རྟ་ར་བ་དང་གཅིག་པ་རེད་དེང་སང་དུས་ཚོད་ལ་ལས་བྱེད་མཐོ་་པོ་བྱས་ཟིན་པ་མང་ཆེ་བ་གནས་སྟངས་ལ་ལྟོས་དང་གསལ་པོ་མཐོང་གི་རེད་་བཅས་ཁོང་སྐུ་ཚེ་ཡོངས་རྗོ༹གས་བོད་སྤྱི་པའི་ཐོག་གཏང་བ་འི་གཟི་བརྗིད་ཅན་ཞིག་རེད
རང་གི་ཞྭ་མོ་ནག་པོ་གཞན་ལ་གཡོག་རྩིས་བྱེད་མཁན་རྐུན་ཇག་ཚོ།
3 ༢༤༢༠༡༠༡༣༥༣
ཀ་ན་ད་ནས་ཡིན་པ་བཀྲིས་སྟོབས་རྒྱལ་ཟེར་བ་ཁ་ཡང་སྤྱི་རྒྱུ་སྒེར་བཟོས་བྱེད་མཁན་གྲངས་དེ་ཡིན་པ་ཐག་ཆོད། ཁོང་གི་སྐད་ཆ་བཤད་སྟངས་ལ་བལྟས་ན་ཁོང་སྔ་མ་བོད་གཞུང་གི་ཟ་ཁང་དང་། བཟོ་ཚོང་ཁང་ནས་ལོ་མང་རིང་རྐུན་ཇག་བརྒྱབས་མཁན་ནག་ཉེས་ཅན་ཞིག་ཡིན་ངེས་ཏེ། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཟ་ཁང་དང་བཟོ་ཚོང་ཁང་སོགས་གཞུང་ལ་ཁེ་མེད་གྱོང་གུན་ཅན་རྣམས་བཙོང་སྟེ་རྐུན་མ་ཁོ་ཚོའི་གྲངས་ཀྱི་ཁ་ལ་རྡོ་རྗེ་རྒྱ་གྲམ་རེ་རེ་བརྒྱབས་པས། རྒྱུ་མཚན་དེར་བརྟེན་བཀའ་ཁྲི་མཆོག་ལ་ཉེས་མེད་ཉེས་འཛུགས་བྱས་པ་རེད། མདོར་ན་རང་ཉིད་ཀྱི་སྐྱོན་ཚང་མ་དོན་ལ་ཁྲོམ་བསྒྲགས་བྱས་པ་རེད། བོད་གཞུང་ནི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཡིན་ཙང་རྐུན་མ་ཇག་པ་དེ་ཚོའི་བྱས་ཉེས་ཡོད་ཚད་མཐོང་ནའང་མི་མང་གི་མདུན་ལ་ཕྱི་སྒྲོག་བྱས་མེད་པ་རེད། ཡིན་ནའང་ཁོ་རང་ཚོས་འདི་དང་འདི་བཞིན་བྱས་པ་ཡིན་ཞེས་རང་སྒྲོག་བྱས་འདུག་ལ་དེ་ནི་དགོད་བྲོ་བའི་གནས་ཤིག་རེད། །
བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད།
2 ༢༤༢༠༡༠༠༤༥༤
ཁྱེད་ནས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གནང་བ་ནང་བཞིན་བཀྲ་ཤིས་སྟོབས་ནས་བྱས་པ་ཡིན་ན་ད་ཚོད་བོད་གཞུང་ནས་་ངའི་སྒོ་སྤག་ཤུས་ཚར་བ་རེད་ཅེས་བརྗོད་ནུས་་པ་་ངོ་་ཚ་ཞེ་་ཁྲེལ་རྩ་་བ་ནས་མེད་པ་ཁྱོད་ལ་བཤད་རྒྱུར་རྔོན་ཆད་བོད་གཞུང་ནས་དེ་འདྲའི་རིགས་གནང་ཡོད་པའི་ཁུངས་བཤད་དགོས་སོ་དེ་མིན་ལྟོ་གོས་་ཙམ་སྔར་བཞིན་མི་ཚེ་སྐྱལ་ན་མི་ལེགས་བསམ་་་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཀརྨ་རྡོར་རྗེར་འང་ག་དུས་ཡིན་ནའང་བོད་གཞུང་་ལ་སྐྱོན་་བརྗོད་བྱེད་རྒྱུ་མཚམས་འོཇག་བྱས་ན་མི་ལེགས་བསམ་
ཀ་ན་ཌ་ནས་ཡིན་པ་བཀྲི་སྟོབས་རྒྱས་ཟེར་བས་བཀའ་ཁྲི་ལ་སྐྱོན་བརྗོད།
1 ༢༤༢༠༡༠༠༤༢༤
ཉེ་འཆར་རང་དབང་རླུང་འཕྲིན་ཁང་གཏམས་གླིང་ལེ་ཚན་ནང་བཀྲ་ཤིས་སྟོབས་རྒྱས་ནས་བཀའ་བློན་ཁྲི་པ་རིན་པོ་ཆེར་གཞུང་གི་ཟ་ཁང་སྒེར་ཚོང་གནང་ཟིན་པ་དང་རང་དབང་ལག་དེབ་དང་བླང་ལག་དེབ་་ཞེས་པ་བཅའ་ཁྲལ་ལག་དེབ་ཞེས་པར་སྐྱོན་བརྗོད་ཚད་འགལ་ཞིག་བྱས་སོང་བར་ཕན་རང་བློ་ཟུར་གནས་ངོ་བརྒོལ་མཐའ་གཅིག་ཏུ་བྱེད་གི་ཡོད་གང་ལ་ཞེས་ན་བཀྲ་སྟོབས་ཁོ་རང་ཟ་ཚང་གཉིས་ཀ་བོད་གཞུང་ནས་ཚར་ལོང་སློབ་ཡོན་ཆ་ཚང་གྲགས་ལ་རེ་བཅོལ་གྱིས་བོད་གཞུང་ནས་གནང་ཏེ་མཐར་རང་སྒོ་གང་ཐོན་སོ་སོའི་ཁེ་ཕན་ཁོ་ནས་ཆེད་ངོ་ཚ་དང་རྒྱུ་འབྲས་ཁྱད་དུ་གསས་ཏེ་རང་སྒོ་གང་ཐོན་ཐོག་བྱས་རྗེས་གཏིལ་འབྲུ་ཙམ་མེདཁར་་ཁ་ཀྱག་ཀྱག་གི་བོད་གཞུང་ལ་སྐྱོན་བརྗོད་བྱེད་ནུས་པ་ནི་རང་ཉིད་ལ་ཡོན་ཏན་ངོ་ཚ་་སྤང་པའི་རྟག་ཚན་ཞིག་ལས་དེ་མིན་རྒྱུ་མཚན་གང་ཡང་མེད་པ་ཟུར་བལྟས་ལེབ་མཐོང་་སོང་ཙང་དམིགས་བསལ་འབྲེལ་བཤད་བྱེད་དགོས་མ་ཆིས་འོན་ཀྱང་ངན་ལང་ཤོར་མི་ཡོང་ཆེད་མདའ་ཙམ་ ཨེ་ཤིས་ཡ་རླུང་འཕྲིན་ཁངརྡོ་རྗེས་ཀྱང་རྟག་པར་དེ་རིགས་བྱེད་བཞིན་པར་ངེས་པར་ཟབ་ཟབ་བྱེད་དགོས་བཅས་



བརྗོད་གཞི་གཞན་ཁག་ལ་གཟིགས།