མདོ་སྟོད་དང་བླངས་འོས་གཞི་བསྡུ་རུབ་ཚོགས་པའི་འོས་མི།
མཐའ་མའི་བསྐྱར་བཅོས། (༣༠༢༠༡༠༡༨༤༡)
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༣༠ཉིན། ད་ནང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་མགྲོན་ཁང་དུ་མདོ་སྟོད་དང་བླངས་འོས་གཞི་བསྡུ་རུབ་ཚོགས་པས། མདོ་སྟོད་ཁུལ་གྱི་ཤེས་འཇོན་ལྷག་བསམ་ལྡན་པའི་མི་གྲངས་༢༧མ་འོངས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་བཏོན་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་བྱས་སོང༌།
མདོ་སྟོད་དང་བླངས་འོས་གཞི་བསྡུ་རུབ་ཚོགས་པ་ནི་དྷ་ས་སོགས་གནས་སྡོད་བྱས་ཡོད་པའི་མདོ་སྟོད་ཁོངས་གཏོགས་ས་གནས་སྟོད་སྨད་བར་གསུམ་གྱི་མི་སྣ་བཅུ་ཕྲག་གཉིས་ལྷག་ཙམ་ཞིག་ཡོད་པ་དེས་མདོ་སྟོད་ཁོངས་ཀྱི་མི་ཤེས་འཇོན་ལྷག་བསམ་ལྡན་པ་དག་མ་འོངས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་སུ་སླེབས་ཐབས་ལ་ལས་ཀ་དང་འབད་བརྩོན་བྱེད་མཁན་ཞིག་ཡིན་པ་དང༌། མ་ཚད་དེ་སྔོན་ཁོང་ཚོ་མཉམ་འཛོམས་ཀྱིས་བགྲོ་གླེང་ཡང་ཐེངས་གཉིས་ཙམ་བྱས་རྗེས། མདོ་སྟོད་ཁོངས་ནས་བོད་སྤྱི་ལ་ཕན་རླབས་ཆེ་བའི་ཤེས་འཇོན་ལྷག་བསམ་ཅན་ས་ཕྱོགས་གང་ན་བཞུགས་ཀྱང༌། སོ་སོའི་ལོ་རྒྱུས་དང་བཅས་པའི་མི་སྣ་འོས་གཞི་འཚོལ་བསྡུ་ཐོག འོས་མི་དང་ལོ་རྒྱུས་དེ་དག་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་གང་སར་འགྲེམས་སྤེལ་ཡང་བྱ་འཆར་ཡོད་འདུག
དང་བླངས་ཚོགས་པ་དེ་ནི་མི་ལོ་མང་པོ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཏུ་ཕྱག་ལས་གནང་མྱོང་མཁན། དཀར་མཛེས་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྣེ་ཁྲིད་བྱས་པ་ཞིག་དང༌། ཁོང་ནི་མདོ་སྟོད་ཆོལ་ཁའི་མ་འོངས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞི་འཚོལ་བསྡུའི་ཐད་ཆེད་དུ་ཨ་རི་ནས་རང་འགུལ་ཐོག་དྷ་སར་ཕེབས་པ་ཞིག་རེད་འདུག
གསར་འགོད་གསལ་བསྒྲགས་ཐོག་དཀར་མཛེས་སངས་རྒྱས་བཀྲ་ཤིས་ལགས་དང༌། དགེ་བཤེས་རིན་ཆེན་དངོས་གྲུབ། དགེ་བཤེས་བཀྲ་ཤིས་བསོད་ནམ་བཅས་ནས་འོས་མི་འཚོལ་བསྡུའི་དགོས་དམིགས་དང༌། བརྒྱུད་རིམ་སོགས་རིམ་པར་ངོ་སྤྲོད་དང་གསུངས་བཤད་གནང་སོང༌།
མདོ་སྟོད་དང་བླངས་འོས་གཞི་བསྡུ་རུབ་ཚོགས་པའི་བཏོན་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་ནི།
༡༽མཁས་དབང་ཟམ་གདོང་རིན་པོ་ཆེ། འཇོལ་བ། བཀའ་བློན་ཁྲི་པ་ལས་ཐོག ༢༽བསྟན་འཛིན་ནོར་བུ། ཏྲེ་ཧོར། ཚོགས་དྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་དང༌། ཁྲིམས་དོན་སློབ་སྟོན་པ། ༣༽བློ་བཟང་ཡེ་ཤེས། ཚ་བ་རྫ་ཡུལ། དབུས་བོད་ཀྱི་གཞོན་ནུའི་ཚོགས་གཞོན་ཟུར་པ། ༤༽སྐལ་བཟང་རྒྱལ་མཚན། འབའ་པ། བོད་མི་མང་སྤྱི་འཐུས་ལས་ཐོག ༥༽གསེར་རྟ་ཚུལ་ཁྲིམས། གསེར་རྟ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན། ༦༽དབུ་དཀར་ཚང་གཡུ་སྒྲོན། ཚ་བ། བོད་མི་མང་སྤྱི་འཐུས་ལས་ཐོག ༧༽ཚེ་དབང་བསྟན་འཛིན། སྡེ་དགེ ད་ལྟའི་ཆར་རྒྱ་གར་Aliceསློབ་གྲྭའི་སྤྱི་ཁྱབ་གཙོ་འཛིན། ༨༽ཆོས་འཕེལ་ཐུབ་བསྟན། སྨར་ཁམས། གཞུང་ཞབས་ཟུར་པ་དང་བོད་མིའི་སྤྱི་འཐུས་མཉམ་འབྲེལ་ལས་ཁུངས་ཀྱི་དམིགས་བསལ་ལས་བྱེད། ༩༽ནང་ཆེན་བསྟན་འཛིན། ནང་ཆེན། སིམ་ལ་བསྟན་འཛིན་སྨན་ཁང་གསར་རྒྱག་གནང་མཁན། ༡༡༽ཨ་ཀྲུག་ཚེ་བསྟན། མདོ་སྟོད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ། ༡༢༽རྒྱལ་རི་སྒྲོལ་མ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ལས་ཐོག ༡༣༽པདྨ་བདེ་ལེགས། སྤྱིར་ཟུར་དང་བོད་རིགས་སྤྱི་འཐུས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། ༡༤༽བསོད་ནམས་དབང་འདུས། ཚ་བ་དཔའ་ཤོད། སློབ་གྲྭའི་འགན་འཛིན་དང་སྦྱིན་བདག ༡༥༽དོན་གྲུབ་ལྷ་དར། སོག་རྫོང༌། གཞོན་ནུའི་སྤྱི་ཁྱབ་དྲུང་ཆེ། ༡༦༽རྡོ་གཅོད་བསྟན་འཛིན་དབང་རྒྱལ། བྲག་གཡབ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ། ༡༧༽ཟླ་བ་སྒྲོལ་མ། ཏྲེ་ཧོར། ས་གནས་ཆུ་སྒང་གི་ཚོགས་གཙོ། ༡༨༽ ཚུལ་ཁྲིམས་བསྟན་འཛིན། ཏྲེ་ཧོར། སྤྱི་འཐུས་ལས་ཐོག ༡༩༽གངས་ལྷ་མོ། བྲག་གཡབ། བོད་ཀྱི་བང་ཆེན་གྱི་གསར་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ། ༢༠༽སེར་སྨད་བློ་དགའ། ལི་ཐང༌། རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཚོགས་གཙོ། ༢༡༽ ཡེ་ཤེས་ཆོས་བཟང༌། ལི་ཐང༌། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་འགན་འཛིན། ༢༢༽འཇམ་དབྱངས་བཟོད་པ། ལི་ཐང༌། བོད་ཀྱི་བང་ཆེན་གསར་ཁང་གི་གསར་འགོད་པ།་༢༣༽ ངག་དབང་ཐར་པ། སོག་རྫོང༌། བང་ཆེན་གསར་ཁང་གི་འཛིན་སྐྱོང་དང་དྲ་རྒྱ་དོ་དམ་པ། ༢༤༽ པདྨ་རྡོ་རྗེ། ཏྲེ་ཧོར། ས་གནས་གཞོན་ནུའི་ཚོགས་གཙོ་དང་རྩོམ་སྒྲིག་པ། ༢༥༽ འཇམ་དཔལ་རྒྱལ་མཚོ། ཁྱུང་པོ། རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་དང་ཤེས་ཡོན་འགན་འཛིན་ཟུར་པ། ༢༦༽སྨོན་ལམ་གྲགས་པ། ནང་ཆེན། དྷ་ས་ས་གནས་ཆུ་སྒང་གི་དྲུང་ཟུར། ༢༧༽དབང་འདུས་རྡོ་རྗེ། ཉག་རོང༌། བོད་ནང་དང་ལྷག་པར་རྒྱ་གར་ནང་འབྱོར་རྗེས་ཅན་དྷི་གྷར་མཐོ་སློབ་ནས་སློབ་སྦྱོང་བྱས། བཅས་རེད་འདུག
ཡང་གསལ་བསྒྲགས་སུ་འདི་འདྲ་ཞིག་འཁོད་འདུག ཐ་མའི་གསལ་བཤད་ཞུ་རྒྱུ་ཞིག་ལ། ང་ཚོའི་འོས་གཞི་བསྡུ་སྒྲིག་གི་གོ་རིམ་འདི་ལ་རྒྱ་ཆེ་མི་མང་ནས་སོ་སོའི་ལོ་རྒྱུས་ལ་གཟིགས་དགོས་པ་ལས། མཚན་ཐོ་གོ་རིམ་ཙམ་ལ་མ་གཟིགས་པ་ཞུ་རྒྱུ་དང་། ཁྱད་པར་དུ་ཚོགས་ཞུགས་པ་རྣམས་ཀྱིས་གཏན་འབེབས་ལྟར་དགོངས་པ་ཞུ་མཁན་དང་ལོ་རྒྱུས་མ་སྤྲད་པ་རྣམས་མ་གཏོགས། རེ་ཞིག་གང་ཁུར་བ་རྣམས་བཏོན་པ་ཡིན་པས་འདེམས་སྒྲུག་གང་བྱེད་རྒྱ་ཆེ་མི་མི་མང་གི་ནན་ཏན་དུ་གཟིགས་རོགས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།
ག་རེའི་ཤེས་འཇོན། ག་རེའི་ལྷག་བསམ། ག་རེའི་ཆོལ་ཁ་ཆོས་ལུགས་དབྱེར་མེད། ད་སངས་རྒྱས་བཀྲ་ཤིས་ཀྱི་དངུལ་འཕྲོག་རླག་རེད།
ཡིན་ནའང་མདོ་སྟོད་མང་ཚོགས་ཀྱི་ཐོག་ལ་ལག་པ་བསྲིངས་ནས། མི་ངན་མཐོར་འདེགས་བྱས་ན་དེ་ནི། མདོ་སྟོད་མང་ཚོགས་ལ་བརྙས་སྨོད་དང་། སྣང་བ་གང་དྲན་གྱིས་བོད་པ་སྤྱི་ཡོངས་ལ་ཁྱད་གསོད་བྱས་པ་རེད།
ངས་གནད་དོན་འདི་བཤད་དོན། ཁོང་ཚོས་ཉིན་མང་པོ་ཞིག་གསང་བའི་ཚོགས་འདུ་བཀང་སོང་ཡང་བྱ་རྒྱུ་འདི་འདྲ་དང་། བྱེད་རྒྱུ་འདི་འདྲ་ལས་མ་བྱུང་ཟེར་བ་ལྟར།
མདོ་སྟོད་ཀྱི་མི་ངན་ཁག་ཅིག་གི་མིང་ངན་བཏོན་འདུག
ད་ལོ་ངེས་པར་གཟབ་དགོས་པའི་དུས་ཚོད་ཅིག་ཡིན་ཡང་། མི་ངན་འདི་ཚོས་༧གོང་ས་མཆོག་གི་བཀའ་ཟེར་ནས་ག་རེ་བྱ་འདོད་ཡོད་ན།
ཤེས་ཡོན་དང་འཇོན་ཐང་མེད་མཁན། མི་གཤིས་དང་། རང་ཚུགས་མེད་མཁན་ཁག་ཅིག་འདིར་མདོ་སྟོད་ཀྱི་སྤྱི་མིའི་འོས་གཞི་བཏོན་འདུག
ལས་དཀའ་མི་མཁན་གྱི་མགོ་སེར་རྐུག་བལྡག་དེ་ཚོས། ཁ་ལག་རེ་གཏོང་དུས་ཁྱི་འཁྱམ་ལྟ་བུའི་མི་ལྡོམ་འགའ་རེ་འཛོམ་སྟེ། ཁོ་རང་ཚོ་སོ་སོའི་སྐྱག་པས་སོ་སོའི་རྐུབ་བཅགས་ཏེ། འོས་མི་བཏོན་ཡོད་པ་ནི་ངོ་རྒོལ་དང་། ངོས་ལེན་མེད་ཟེར་རྒྱུ་ཡིན།
མདོ་སྟོད་ཀྱི་ཕོ་ཟད་མོ་ལ་ཐུག་ཀྱང་མི་ངན་འདི་འདྲ་འོས་གཞིར་བཏོན་དགོས་ཚོད་སླེབས་མེད།