ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་ལ་གནང་སྦྱིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༠ཉིན། ཟླ་འདིའི་ཚེས་༡༧ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་བརྒྱུད། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་ཕྱག་རྟགས་དངོས་པོ་གསུམ་གནང་སྦྱིན་བྱས་ཡོད་པ་རེད།

དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག  འདི་ལོ་ཕྱི་ཟླ་༢པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བརྟེན་གཞི་བྱས་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དང༌། སྐབས་དེ་གང་ཉིད་ཀྱིས་དཔེ་མཛོད་ཁང་དེར་ཞལ་འདེབས་གནང་རྒྱུའི་ཐུགས་བློ་ཡོད་ཚུལ་གསུངས་པ་ལྟར། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ཉིན་དུས་སྟོན་མཛད་སྒོ་ཞིག་གི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས། དཔེ་མཛོད་ཁང་དེའི་དོ་དམ་པ་མཁས་དབང་ཇཱ་མིས་བྷི་ལིན་ཊོན་ལགས་སུ། ཕྱི་ལོ་དུས་རབས་༡༨པའི་ནང་བཞེངས་སྐྲུན་བྱས་པའི་རྟོགས་བརྗོད་མཛད་བརྒྱ་དཔག་བསམ་ཁྲི་ཤིང་གི་ཞལ་ཐང་ཞིག་དང་། མཎྜལ་གཅིག དེ་བཞིན་གསེར་གྱི་མཆོད་ཀོང་གཅིག་བཅས་འབུལ་གནང་མཛད་ཡོད་འདུག

སྐབས་དེར་རྒྱ་རི་མཆོག་གིས་འདི་ལོ་ཕྱི་ཟླ་༢པའི་ནང་༧གོང་ས་མཆོག་འདིར་ཕེབས་སྐབས་སུ། དཔེ་མཛོད་ཁང་ལ་དངོས་པོ་ཁ་ཤས་ཞལ་འདེབས་གནང་རྒྱུའི་ཐུགས་འདུན་ཡོད་པ་ཞིག་དང༌། གང་ཉིད་ཀྱི་ཕྱག་རྟགས་འདིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རི་དབར་གྱི་འབྲེལ་ལམ་སྲ་བརྟན་དུ་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་འདུག

དཔེ་མཛོད་དོ་དམ་པ་མཁས་དབང་བྷིལ་ཊོན་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་དངོས་པོ་འདི་འདྲ་ཞིག་གནང་བར་ཐུགས་རྗེའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། དམིགས་བསལ་སྐུ་ཚབ་ཁྱེད་ཀྱིས་མ་འོངས་གང་ཉིད་འདི་རུ་ཡང་ཡང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་དགའ་བསུ་ཡོད་ལུགས་ཞུ་རོགས་ཞེས་གསུངས་འདུག

གཞན་ཡང་སྐུ་ཞབས་ཝི་ལམ་ལགས་ལ་རྒྱལ་བ་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་ནས་ཐང་ཀ་ཞིག་གནང་མྱོང་ཡོད་པ་དེ་ད་ལྟ་དཔེ་མཛོད་ཁང་དེའི་ནང་ཅ་དངོས་རིན་ཅན་གྱི་ཁོངས་སུ་འགྲེམས་སྟོན་བྱས་ཡོད་པས་མ་ཚད། ད་ལྟའི་ཆར་དཔེ་མཛོད་ཁང་དེའི་ནང་ཁྱོན་བོད་པའི་ཅ་དངོས་སམ། པོ་ཏི་གྲངས་༡༣༠༠༠ཙམ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
དྲ་ངོས་སུ་མ་ཞུགས་ན་མགོ་འདེགས་ཐུབ་ཀྱི་མེད་པ་དང་ལས་བྱ་ཞིག་མེད་པར་འདོད་པ་ནི་ཁྲོན་པའི་སྦལ་བའི་
བསམ་ཚུལ་ཞིག་ལས་མ་འདས་ཤིང་། རང་གི་མཚང་ཞིག་བསྟན་པ་རེད་སྙམ། བོད་སྒེར་བཙན་གྱི་རྒྱལ་ཁབ་མིན་པ་དང་བོད་ལ་ཚད་མཐོའི་རང་སྐྱོང་གི་སྐལ་གཅོད་དགོས་པ་སོགས་ནི་རྒྱ་གཞུང་གི་དབུ་མའི་ལུགས་
ཀྱི་ཁས་ལེན་དམ་བཅའ་ཞིག་ཡིན་པས། དབུ་མའི་འདོད་ཚུལ་ལ་རྩོད་པར་སྤྲོ་ན་དེ་ལ་འཁོར་གསུམ་བརྒྱ་ཕྲག་གིས་
རྩོད་དང་བརྩད་ཆོག་ཆོག་ཡིན། ཆོས་ཕྱོགས་ཤིག་ནས་བཤད་པ་ཡིན་ན་རྒྱ་གར་བྱེ་སྨྲ་ནས་ཐལ་རང་གི་བར་དང་།
བོད་ཀྱི་རྫོགས་ཆེན་ནས་དགེ་བསྟན་བར་མདོར་ན་གྲུབ་མཐའ་སྨྲ་བ་་སུས་ཀྱང་རང་ཉིད་དབུ་མ་བར་ཁས་མི་འཆེ་བ་དང་མི་རློམ་མཁན་གཅིག་ཀྱང་མེད་ན། ཁྱེད་སུ་ཞིག་བསྐྱུར་ནས་གང་ལ་རྩོད། ང་ཁྱོད་དང་ལྷན་དུ་རྩོད་ཁོམ་མེད་ལ་རྩོད་དགོས་ཅང་མེད། བཞེངས་སྲུན། རྒྱལ་རི་སོགས་མང་བོ་ཞིག་བཅོས་ཟིན། བརྟེན་གཞི་དང་ཁྲི་
ཤིང་སོགས་ད་དུང་ལུས་འདུག་པ་ཁོང་ཚོ་བྱ་བར་བྲེལ་རྐྱེན་པས་ཁག་ཡང་མི་འདུག་སྙམ་ཡོད།
དབུ་པ་པ་དང་དབུ་མ་བ། ཁྱོད་བདེ་མོ་ཡིན་ཤག་རེད། མདོ་དོན་ཁྱོད་སུ་ཡིན་མིན་མི་ཤེས་མོད། སྨྱུག་མིང་ལ་དབུ་མ་བ་ཡིན་ཟེར་འདུག ངས་གང་ལྟར་ཁྱོད་ཡིབ་ནས་བསྡད་ཡོད་པའི་དབུ་མ་བ་ཞེས་འབོད་རྒྱུ་ཡིན། དེ་ལ་རྒྱུ་མཚན་དུ་མ་ཞིག་ཡོད་རུང་ཁྱོད་ཡིབ་ནས་བསྡོད་ཡོད་པར་བརྟེན། ཚང་མ་བགྲངས་ན་དོན་མེད་དུ་འགྱུར་མི་ཡོང་སྙམ་གྱིས། ཡིབ་ནས་བསྡད་པའི་མི་ཞིག་མདུན་བསྐྱོད་ཀྱི་སྤོབས་པ་མེད་དུས། ངས་ཀྱང་ཁྱོད་ལ་ཟུར་ཞིག་ནས་ཤོད་རྒྱུ་ཡིན། རྒྱུ་མཚན་ནི་ཁྱོད་ཀྱིས་ནོར་བ་འདི་དང་འདི་རེད་ཅེས་པའི་ཡིག་འབྲུ་གཅིག་ཀྱང་བསྟན་རྒྱུ་མེད་པ་དང་ཡང་སྡེབ་སྦྱོར་དེ་དང་དེ་ནོར་འདུག་ཅེས་ཚིག་སྐམ་ཞིག་མེད་པས་ངས་ཁྱོད་ལ་ལམ་འགྲོ་མེད་པའི་དོན་འབྲས་ནམ་ཡང་མ་སོན་པའི་དབུ་མ་བ་ཆོ་མེད་དོན་མེད་ཅིག་ལ་ངོས་འཛིན་བྱ་རྒྱུ་ཡིན། འོན་ཀྱང་ཉིན་ཞིག་ཁྱེད་ཀྱིས་དོན་དངོས་དབུ་མའི་ནང་དོན་མདུན་དུ་འཁྱེར་ནས་ཤམ་བྷ་ལའི་ཟིན་བྲིས་པ་ཚོའི་མདུན་དུ་འགོ་བོ་འདེགས་ནས་འགྲན་རྩོད་བྱེད་པའི་དུས་ཤིག་འཆར་ན་ངས་ཀྱང་ཁྱོད་ལ་སྐབས་བབས་ཀྱི་རྩོད་འགྲན་ཞིག་བྱེད་འདོད་ནའང་ཁྱེད་ནམ་ཡང་ཡིབ་ནས་བསྡད་པ་ལས་མདུན་དུ་མངོན་མི་ཐུབ་པ་ནི་ད་ལྟ་ནས་ར་འཕྲོད་གསལ་པོ་ཞིག་བསྟན་འདུག
4 ༢༥༢༠༡༠༡༤༣༡
སྤུངས་པ་ཞེས་པའི་དོན་ལ་མནོ་བསམ་གཏོང་རིན་ཅང་མེད་མོད། ཁྱེད་ལ་ལན་ཙམ་སྨྲ་ན་རྩོམ་ཡིག་འདིའི་གོང་འོག བར་གསུམ་ཐམས་ཅད་དུ་ཡིག་ནོར་མང་བོ་ཞིག་མཐོང་སོང་། དེ་བས་རྩོམ་ཡིག་འདི་ཡིག་ནོར་དུ་མ་འདུས་པ་དང་ཡིག་ནོར་དུ་མ་ཚོགས་པ། ཡིག་ནོར་དུ་མ་སྤུངས་པའི་ཕུང་བོ་ཞིག་རེད་ཅེས་བཤད་ན་ཡང་སྒྲོ་སྐུར་དུ་མི་འགྱ་སྙམ། དབུ་མ་བ་ནི་ངའི་སྨྱུག་མིང་ཡིན། དབུ་མ་བ་ལ་སྒྲ་ཡང་དོག་གི་འཇུག་ཚུལ་སྣ་ཚོགས་ཤིག་ཡོད་ན་མིང་ཚབ་ཅིག་རེད་ཟེར་ན། རྒྱལ་སྤྱིའི་གསར་འགོད་པ་རང་ཉིད་ཀྱང་སངས་རྒྱས་ཤིག་མ་ཡིན་པའི་རྟགས་བསྟན་བཞག་པ་འདི་རེད། དེ་ལ་ཡང་དེ་ལྟར་ཤོད། བཤད་ཕོད་པ་སོགས་ནུས་ཀྱང་སྨྱོན་པའི་མིང་ཙམ་གྱི་ཡོང་སྒོ་ལས་མེད་པས། རེ་ཞིག་སྤྱོད་པ་མི་དང་བསྟུན་ནས་བསྡད་ཡོད་ལགས།
3 ༢༢༢༠༡༠༢༡༥༧
དབུ་མ་བ་ལགས། བཀྲ་ཤིས་བདེ་ལེགས། ཡིག་ནོར་གྱི་དགོངས་འཆར་གནང་བར་དགའ་སྤྲོ་བརྟས། འོན་ཀྱང་ཁྱེད་ནས་དབུ་མ་པ་ཞེས་མིང་ཚབ་བམ་མིང་རྫུན་མ་བཀོད་པ་ལས་རང་མིང་འབྲི་མ་ཐུབ་པ་དེར་བློ་ཕམ་བྱུང་། དེ་ནི་དབུ་མ་པ་མ་ཡིན་པའི་རྟགས་དང་། དེ་ནི་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བཅས་ཕོད་པ་གསུམ་ཚང་མེད་པའི་རྟགས་རེད། ལྷག་པར་ཁྱེད་ནས་ཡིག་ནོར་ཟེར་བ་སྤུངས་འདུག་ཅེས་བཀོད་པ་དེར་དགོངས་པ་ནན་ཏན་བཞེས་ཨེ་ཡོད་སྙམ། ཡང་སྒོས་སྤུངས་པ་ཞེས་པའི་ཚིག་དེའི་གོ་དོན་ལ་དེ་བས་དགོངས་པ་བཞེས་ཨེ་ཡོད་སྙམ་པའི་དོགས་འཆར་འདུག་ན་ཡང་བསྐྱར་ཁྱེད་ཀྱི་བསམ་ཚུལ་དེར་དགོངས་པ་ནན་ཙམ་ཞིག་བཞེས་རོགས་ཞུ། གཞན་ལ་མཛུབ་མོ་གཅིག་བཙུགས་ན་རང་ལ་མཛུབ་མོ་བཞི་ཚུར་བཙུགས་ཀྱི་ཡོད་པ་དེ་ཡང་མཁྱེན་པ་གནང་རོགས།
2 ༢༡༢༠༡༠༠༦༡༦
ཨ་མ། ཨ་མ། འདི་འདྲའི་ཡིག་ནོར་མང་པོ།
1 ༢༡༢༠༡༠༠༠༣༠
དྲ་བདག་ལགས་ཡིག་ནོར་ཟེར་བ་སྤུངས་འདུག་པ་འདི་ཅི་རེད། གཟབ་གཟབ་བྱ་དགོས་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།