དམ་བཅའི་ཚིག་དོན་ལྟར་འཇིགས་ཞུམ་ཆགས་སྡང་སྤང་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༣ཉིན། ཟླ་འདིའི་ཚེས་༡༣ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་མ་འོངས་བཀའ་སྤྱིའི་འོས་མི་གསལ་བསྒྲགས་དང༌། སྤྱི་འཐུས་ཚོས་༧གོང་ས་མཆོག་གི་དགོངས་བཞེད་དང་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་གཙོ་བཟུང་ཐོག བཅའ་ཁྲིམས་ཀྱི་དགོངས་དོན་དང་དམ་བཅའི་ཚིག་དོན་གཞི་རུ་བཟུང་ནས་འཇིགས་ཞུམ་ཆགས་སྡང་སྤང་སྟེ་སྤྱི་དོན་འཛེམས་ཟོན་མེད་པ་གྲོས་ཚོགས་རྭ་བར་བཤད་ཕོད་པ་ཞིག་དགོས་གསུངས་འདུག

དེ་ཡང་ཁོང་ཚོས་གསལ་བསྒྲགས་ནང་བརྗོད་དོན།
སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི། ཕྱི་ལོ་ ༢༠༡༡ ལོའི་སྐབས་བཅོ་ལྔ་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་དང༌། སྐབས་ ༡༣ པའི་བཀའ་བློན་ཁྲི་པའི་འོས་གཞིའི་ས་བོན་འདོན་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠

པའི་ཚོགས་ཆེན་གྱི་སྤྱི་མོས་ཀྱིས་གཏན་ལ་དབབ་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་ས་གནས་སོ་སོའི་རྒྱུན་ལས་རྣམ་པས་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་འདེམ་སྒྲུག་གིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་པ་དང༌།

དབུས་རྒྱུན་ལས་ཁང་གིས་ས་གནས་ཁག་ནས་འབྱོར་བའི་འོས་གཞིའི་ས་བོན་ཕྱོགས་བསྡོམས་བྱས་ཏེ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་གཏན་འཁེལ་དགོས་པའི་ཐག་བཅད་གནང་བ་ལྟར༌། ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༡ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ངམ། མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱུན་ལས་ལྷན་ཚོགས་ཐེངས་ ༨ པའི་ཐོག་བོད་མི་མང་མདོ་སྟོད་སྤྱི་འཐུས་སྐབས་བཅོ་ལྔ་པའི་སྔོན་འགྲོའི་འོས་གཞི་མི་གྲངས་ཉི་ཤུ་གཏན་འབབ་གནང་བ་དང༌། ལྷན་ཚོགས་དེའི་ཐོག་ནས་དོ་བདག་སོ་སོར་སྤྱི་འཐུས་ཀྱི་འོས་གཞིར་ཕེབས་དགོངས་ཡོད་མེད་ཀྱི་བཀའ་འདྲི་ཞུས་ཁོངས་ནས་བོད་མི་མང་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་དང༌།

བོད་མི་མང་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གཉིས་སྔོན་འགྲོའི་འོས་གཞི་ཨང་དང་པོའི་གྲས་སུ་རྒྱབ་སྐྱོར་ཐོབ་འདུག་ཀྱང༌། དོ་བདག་རྣམ་པ་གཉིས་ཀྱིས་ངོས་ནས་གསུང་དོན། ད་བར་མདོ་སྟོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་དང་རེ་བ་གནང་བ་ལྟར་མི་ལོ་ ༢༠ ཡས་མས་སུ་བོད་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་གནང་བ་མ་ཟད༌།

ད་དུང་མུ་མཐུད་དེ་ཤུགས་ཆེའི་རྒྱབ་སྐྱོར་ཨང་དང་པོའི་གྲས་སུ་གདེང་འཇོག་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང༌། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་ཁྲོལ་ཡོང་བ་ཞེས་སྙན་གསན་གནང་བ་ལྟར་དགོངས་ཁྲོལ་གནང་ཡོད། སྔོན་འགྲོའི་འོས་ཁོངས་སུ་ཕེབས་པའི་སྐྱབས་རྗེ་མཆོག་སྤྲུལ་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་ནས་ཀྱང་དེ་མཚུངས་དགོངས་ཁྲོལ་ཞུས་སོང་བས་དེ་དོན་སྔོན་འགྲོའི་འོས་གཞི་མི་གྲངས་ཉི་ཤུ་ནས་གོང་ཞུས་རྣམ་པ་གསུམ་དགོངས་ཁྲོལ་ཐོབ་ཡོད།སྔོན་འགྲོའི་འོས་ཁོངས་ནས་དགོངས་ཁྲོལ་ཞུས་པ་ཁག་ཕུད་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་མི་འགྲོ་བཅུ་བདུན་རྣམས་རིམ་བཞིན་འགོད་འབུལལ་ཞུ་རྒྱུ་ཡིན།

༡༽བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང༌།
༢༽བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན།
༣༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྒ་པ་ལྷ་མོ།
༤༽བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན།
༥༽བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བདེ་ཚང་རྡོ་རྗེ་དབང་འདུས། ༦༽བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས།
༧༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྨར་ཁམས་ཆོས་འཕེལ།
༨༽བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན།
༩༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀརྨ་མཁས་གྲུབ།
༡༠༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་གྲའུ་ཚེ་བརྟན།
༡༡༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན་ངག་དབང་བསྟན་པ།
༡༢༽ བོན་གཞིས་ཆུ་སྒང་ཚོགས་གཙོ་བ་ར་ཚེ་དབང་བཀྲ་ཤིས།
༡༣༽ མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་གོ་བོ་བློ་བཟང་ཕན་བདེ།
༡༤༽སྒང་ཏོག་ཆུ་སྒང་ཚོགས་གཙོ་གླིང་ཚང་ཀརྨ་གཡུལ་རྒྱལ།
༡༥༽ཧོན་སུར་ཆུ་སྒང་ཚོགས་གཙོ་ཟླ་བ་སྒྲོལ་མ། ༡༦༽བལ་ཡུལ་མཆོད་འཇོར་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བྲག་གཡབ་བཀྲ་ཤིས་རྣམ་རྒྱལ།
༡༧༽མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀོང་པོ་ཕུར་བུ་ཚེ་རིང་བཅས་སྔོན་འགྲོའི་འོས་གཞིར་གཏན་འཁེལ་ཞུས་པ་ཡིན།

སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞི།

༡༽ བཙན་བྱོལ་བོད་གཞུང་གི་དྲུང་ཆེ་གོ་འཇོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ།
༢༽ སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༣༽ སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ལ་གཏན་འཁེལ་ཞུས་ཡོད།
གོང་གསལ་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་རྣམ་པ་དང༌། བཀའ་ཁྲིའི་འོས་གཞི་རྣམ་པས་ཆ་རྐྱེན་འགན་ཁུར་དགོས་པ།
༡༽བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འགལ་མེད་ཐོག་སྐྱབས་མགོན་རིན་པོ་ཆེའི་དབུ་འོག་དཔུང་འདེགས་གནང་དགོས་པ།
༢༽གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་གདུང་ཤུགས་གཅིག་བསྒྲིལ་གྱིས་ནུས་ཤུགས་འདོན་དགོས་པ།
༣༽བཅའ་ཁྲིམས་ཀྱི་དགོངས་དོན་དམ་བཅའི་ཚིག་དོན་གཞིར་བཟུང་འཇིགས་ཞུམ་ཆགས་སྡང་སྤང་སྟེ་སྤྱི་དོན་གང་ཅིར་འཛེམས་ཟོན་མེད་པ་གྲོས་རར་བཤད་ཕོད་པ་ཞིག་དགོས་པ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་༢༠༡༠ ཟླ་ ༧  ཚེས་ ༡༣ ཉིན། འབྲེལ་གཏུགས་ཞལ་དཔར་ཨང་གྲངས་ ༠༡༡༢༣༨༡༣༧༦༧  ཡང་ན༌། ༠༡༡༢༣༨༡༡༡༤༦ ལག་ཐོགས་ཁ་དཔར་ཨང་གྲངས་ ༠༩༧༡༨༦༨༣༨༦༧།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (25)
25 ༣༡༢༠༡༠༡༧༡༤
བོད་སྤྱིའི་བདེ་སྡུག་ལ་སེམས་འཁུར་བྱེད་པ་དང་རང་དོན་རྒྱབ་ཏུ་བསྐྱུར་ནས་གཞན་དོན་རྐྱང་རྐྱང་སྒྲུབ་པ་ཞིག་དགོས། ༧གོང་ས་མཆོག་གི་འཚེ་མེད་ཞི་བའི་ལམ་ནས་བོད་དོན་སྒྲུབ་པ་ཞིག་དགོས། ཆབ་སྲིད་པ་ཞིག་ཡིན་ན་ཧ་ཅང་འཚམ།
24 ༢༡༢༠༡༠༡༦༢༣
ཐུགས་རྗེ་ཆེ་ཞུ། སྐུ་མགྲོན་དང་སྦྱིན་བདག་གཉིས་ལ་ཞུ་རྒྱུ། སྐུ་མགྲོན་གྱི་ངོས་ནས་སྦྱིན་བདག་གི་ཐུགས་ལ་ཕོག་དགོས་པའི་ལས་རིགས་གཏན་ནས་གནང་མི་རུང་། ཡང་སྦྱིན་བདག་གི་ངོས་ནས་ཀྱང་སྐུ་མགྲོན་ལ་སྐུ་མགྲོན་གྱི་ཆེ་མཐོང་དགོས། དྲ་རྒྱ་དོ་དམ་གནང་ཕྱོགས་ཐད་ད་བར་སྦྱིན་བདག་ནས་ཀྱང་ཧང་བསངས་དགོས་པའི་ཆ་རྐྱེན་དསྐྲུན་གནང་བར་རྗེས་སུ་ཡིད་རང་དང་ལེགས་སོ་བཅས་ཚིག་སྐམ་གྱི་ལམ་ནས་ཕུལ། ཁ་ཉིན་ཕྱི་དྲོ་དྲ་རྒྱའི་ནང་གསལ་བསྒྲགས་མཐོང་མ་ཐག་གནས་ཚུལ་ཕྱོགས་གང་དུ་འགྱུར་ཡོང་སྙམས། སྟབས་ལེགས་པ་ཞིག་ལ་གནམ་ཀུན་དང་གནས་འདུག་པས་དགའ་སྤྲོ་ཆེན་པོ་བྱུང་། རྩོམ་ཡིག་དང་ཟིན་བྲིན་ནི་འགྲོ་བ་མིའི་ཐོབ་ཐང་དང་དངོས་སུ་ཐད་ཀར་འབྲེལ་བ་ཟམ་མོ་ཡོད་པའི་གནས་སྟངས་ཅིག་ཡིན་པས་དེ་ཡང་རང་འགར་གང་བྱུང་དུ་མེད་པ་བཟོ་བ་དང་བསུབ་པ་ནི་ཆེད་དུ་དམིགས་ནས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོབ་མ་བྱེད་པ་མིན་ནམ་སེམས། དེ་རིང་བཀའ་སློབ་དང་བཀའ་མོལ་རིང་པོ་གང་ཡང་མེད་ཡིནའང་དགོས་ངེས་ཀྱི་རྩོམ་ཡིག་ལ་གཏོར་སྐྱོན་མེད་པ་ཞུ། སྤྱི་ཚོགས་ནང་གི་གནས་ཚུལ་ཚང་མ་གསར་འགོད་པས་ཀྱང་བཀོད་འདོད་མི་བྱེད་དོན་དེ་ལ་རྒྱུ་མཚན་གཉིས་ཡོད། གཅིག་ནི་དྲ་རྒྱ་དང་དེ་མིན་གྱི་བརྒྱུད་ལམ་དེ་དག་བཀག་གི་མེད་པའི་རྣམ་པ་སྟོན་པ་ཙམ་དང་། གཉིས་དེ་རྩོམ་སྒྲིག་པ་བློ་ཁོག་མི་ལྡང་བའི་སྐྱོན་དེ་དང་ཐད་འབྲེལ་ཞིག་སྣང་། གསར་བཀོད་ལས་རིགས་ཞེས་པའི་མིང་ཚིགས་སྒྲུབ་ཡོང་དུས་ནས་གསར་དུ་བཀོད་རྒྱུ་གང་ཡིན་མིན་ལ་དབྱེ་ཞིབ་ནན་པོ་བྱས་ནས། འབྱུར་འགྱུར་གྱི་གནས་ཚུལ་རྟོགས་ཟིན་པའི་དབང་གི་རང་དབང་མེད་པའི་གཞན་གྱི་གནོད་ཤུགས་དང་སྟོབས་ཤུགས་ཀྱི་དབང་དུ་འགྲོ་བཞིན་པ་དེ་རེད།
དམངས་གཙོ་དང་རང་དབང་། བདེན་པ་དང་དྲང་པོ། ཞེས་པའི་ཡིག་འབྲུ་དེ་དག་ད་ཆ་གཞན་གྱི་སྟངས་འཛིན་གྱི་གནས་སུ་འགྱར་ཟིན་པས་མི་མང་གི་གླེང་སྟེགས་ཀྱི་དྲ་རྒྱ་དེ་ཡང་ད་ཆ་སྒོ་རྒྱབ་མིན་ཤེས་དཀའ་བའི་མཆོད་མེ་སོགས་ཀྱི་གནས་སུ་སླེབས་ཡོད་། འོན་ཀྱང་དུས་ཚོད་ཀྱི་ཚད་སྐར་ཆ་གཅིག་ཡིནའང་མི་མང་ཀྱིས་དམ་འཛིན་ངང་རྩོམ་དང་རང་གི་ལྟ་གྲུབ་དྲ་རྒྱ་དེ་བདེ་སྤྱོད་མ་གཏོང་ཡང་དྲ་རྒྱ་གཞན་ནང་ངེས་པར་དུ་ཟིན་བྲིས་དང་སྒེར་གྱི་བསམ་ཚུལ་བཀོད་དགོས། སྤྱི་ཚོགས་ཡར་རྒྱས་དགོས་ན་བསམ་ཚུལ་གསར་པ་དང་བརྒྱུད་ལམ་སྣ་ཚོགས་ཞིག་བེད་དཔྱད་དེ་༢༠༡༡ལོའི་བཀའ་ཁྲིའི་འོས་བསྡུ་མ་གྲུབ་བར་མི་མང་ནས་འགན་འཁུར་དང་དོ་སྣང་གནང་དགོས་པ་ཡིད་འཇགས་ཡོད་པ་ཞུ།
རྩོམ་སྒྲིག་པ་རྒན་ཡེ་ཤེས་ཆོས་བཟང་ལགས་སུཞུ་རྒྱུ། སྐུ་ཉིད་ནས་གསུངས་པ་བཞིན་འགན་ཁུར་མེད་པའི་རྩོམ་རིགས་དང་ཟིན་བྲིས་རྣམས་ནི་ཕྱི་ནང་གང་དུ་ངོས་འཛིན་མེད་པ་མ་ཟད་། སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་གྱི་འཁོན་འཛིན་སྣ་ཚོགས་ཞིག་དྲ་རྒྱའི་ནང་བཀོད་ནས་སྤྱི་ཚོགས་ཕྱི་ནང་གང་ལའང་ཕན་པ་དང་ལེགས་ཆ་མེད་པ་མཁྱེན་པ་ཞུ་ཞེས་གསལ་བསྒྲགས་མ་གོ་མི་ཐོས་མེད་པ་ཞིག་འདོན་གནང་འདུག་པས་ཡིད་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཕྱི་འབྱུང་དྲ་རྒྱའི་ནང་དུ་ཟིན་བྲིས་དང་རྩོམ་ཡིག་གང་ཞིག་སྤེལ་ཡང་དེ་དག་དུས་རྟག་ཏུ་རྩོམ་བྲིས་པའི་གཏམ་འམ་ཡང་ན་རྩོམ་སྒྲིག་པའི་དགོངས་པ་དང་མཐུན་པ་ཞིག་དགོས་པའི་སྲོལ་བཟང་ཞིག་གཏན་འབེབས་གནང་བར་སྙིང་ཐག་པ་ནས་དགའ་བསུ་ཞུ།
21 ༢༠༢༠༡༠༢༡༠༣
ཡེ་ཤེས་ཆོས་བཟང་།
ཟིན་བྲིས་པ་དང་རྩོམ་པ་པོ་ཡོངས་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ། ཐུགས་རྗེ་གཟིགས་གོང་དུ་ཤམ་བྷ་ལའི་དྲ་རྒྱ་དོ་དམ་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར། མི་སྣ་སྒེར་གང་ཞིག་ལ་ཆེད་དུ་དམིགས་ནས་སྐྱོན་འཛུགས་དང་དམའ་འབེབས་བྱེད་ཚེ་ངེས་པར་དུ་རང་ཉིད་ཀྱི་མཚན་དང༌། ཡང་ན་རང་ཉིད་ཀྱི་ཟིན་བྲིས་ནང་དུ་འཛུལ་ནས་གནང་དགོས་པ་ལས། དེ་མིན་མཚན་དངོས་རྫུན་ངོ་རྟགས་མ་ཆོད་པའམ་ཡང་ན་འབྲེལ་གཏུག་ཁ་བྱང་གསལ་ཁ་ངེས་གཏན་མེད་པ་དེ་འདྲ་འགོད་ཚེ་འདི་ནས་དྲ་རྒྱར་བཀོད་ཟིན་ནའང་བསུབ་རྒྱུ་དང་། ཡང་ཚོགས་པ་གང་ཞིག་མཚན་བཀོད་ནས་དེར་ཆེད་དུ་དམིགས་ནས་སྐྱོན་འཛུགས་དང་དམའ་འབེབས། དེ་བཞིན་ཚིག་ངན་བེད་སྤྱོད་བྱས་ན་ངེས་པར་དུ་གོང་ལྟར་མ་གནང་ན་དྲ་རྒྱ་ནས་བསུབ་རྒྱུ་ལས་ཐབས་ལམ་གཞན་དང་གདམ་ ག་གཞན་མི་འདུག་ན་དེ་ལུགས་དགོངས་མངའ་ཡོད་པ་མཁྱེན།།
དེ་སྔོན་གྱི་གྲོས་ཚོགས་ནང་མུར་འཇོག་སྒོམ་ནས་སྟག་ལ་ངར་བའི་བླ་རྒན་དེ་ཚོར་ཞེན་པ་གཏིང་ནས་ལོག་པའི་མི་ཚད་རྐྱུག་མེར་ཡང་ལངས་བཞིན་འདུག་པས་ དེ་ལྟར་མི་ཡོངས་བའི་ཆེད་མི་དམངས་ཚང་མས་འོས་དམིགས་ཡག་པོ་བསླུག་རོགས། བོད་ཀྱི་རྩ་དོན་ཆེད་སྟག་ལས་ངར་བ་ཞིག་བྱུང་ན་དགོས་རྒྱུ་ཡིན་ཀྱང་ནང་ཆོས་ཀྱི་དྲི་མ་མེད་པ་མ་ཟད་མིའི་བཟང་སྤྱོད་ཙམ་ཡང་མེད་པའི་མི་མང་གི་སྐུ་ཚབ་རེད་ཟེར་ན་ང་ནི་ངོ་ཡང་ཚ་མཁན་དྲ་བོ་བྱེད་ཀྱི་འདུག
དབུས་ནས་བཏོན་ན་འདྲ། སྒེར་ནས་བཏོན་ན་འདྲ། ད་ལྟ་མི་མང་གི་བློ་ཁ་བསྒྱུར་ཚར་ཡོད་པ་དང༌། ལྷག་པར་དུ་གོང་དུ་དྲ་གྲོགས་གཅིག་གིས་བརྗོད་པ་བཞིན། བོད་རྒྱ་ཆེ་མི་མང་བློ་ཕམ་གྱི་གནས་སུ་གྱར་བཅུག་མཁན་དང༌། ྋགོང་མ་མཆོག་དགོངས་གཞི་དཀྲུག་ནས་མཐར་བཀའ་བློན་བཀའ་ཟུར་དང་སྤྱི་འཐུས་སྤྱི་ཟུར་ཡོངས་རྫོགས་དོན་མེད་རྩོད་གཞིའི་གནས་སུ་གྱར་འཇོག་མཁན་དེ་དག་མི་མང་གི་ངོས་ནས་སླར་ཡང་མ་ཡོང་བའི་རེ་སྨོན་བྱེད་བཞིན་ཡོད་པ་ཇི་བཞིན་ཤོག
མི་མང་པོར་བསམ་ཚུལ་དེ་འདྲ་ཡོད་ངེས་རེད་། གཙོ་བོ་ཆོལ་ཁ་ཚང་མས་སོ་སོའི་མི་སྣ་མ་ནོར་བ་དགོས་། མདོ་སྟོད་གཅིག་པུའི་སྐྱོན་ཡིན་པར་ངོས་འཛིན་ཞུ་དཀའ་བའི་གནས་ཚུལ་རེད།
ལྷག་པར་དུ་བོན་གྱི་བླ་རྒན་ཞེས་པའི་ཚིག་དེས་ཕན་ལས་གནོད་པ་མཐོང་བས་དགོངས་བཞེས་གནང་རོགས་། མདོ་སྟོད་ཆུ་བཞི་སྒང་དྲུག་ས་གནས་དང་དབུས་ཞེས་པའི་དབུས་གསར་རྙིང་གཉིས་ཡོད་པས་ཕྱོགས་གཅིག་རྐྱང་པས་ཚབ་མཚོན་ཐུབ་ཀྱི་མ་རེད།
ད་ལྟ་དུས་ཚོད་ཡོད་པས་ངང་འགུགས་བྱེད་དགོས་། དུས་ཐོགས་ལ་འོས་མི་གསར་པ་ཐོན་གྱི་རེད་། མི་རིགས་དང་རྒྱལ་ཁབ་ལ་ཕན་བདེ་སྒྲུབ་དགོས་ན་མདོ་སྟོད་ལས་མི་ལྷག་པ་མེད་པ་ལོ་རྒྱུས་ནང་ཕྱི་མིག་བལྟ་ན་ཤེས་ཐུབ། དབུས་གཙང་གིས་འོས་མི་དམིགས་གསལ་གྱི་ཡག་པ་གང་ཡང་མིན་འདུག་།
དེ་བཞིན་མངའ་རིས་ཡང་རེད། དམངས་གཙོ་ཚོགས་པས་འོས་མི་གཅིག་མཚུངས་རེད། བཀའ་ཁྲི་ལས་གལ་ཆེ་བ་སྤྱི་འཐུས་རེད་ཐེངས་མང་བཤད་ཚར་མུ་མཐུད་ནང་བཤད་ཀྱི་ཡིན།
གནས་ལུགས་དང་རྒྱུ་མཚན་བཤད་རྒྱུ་མེད་པར་ཁྱི་རྒན་དུ་བཤད་པ་བླུན་གཏམ་རང་རེད། ག་སྲིད་ཁུངས་ལུང་རྒྱུ་མཚན་གྲངས་རྒྱུ་ཡོད་ན་ཁ་གསལ་ཁུངས་བྱས་ན་བཟང་བར་བསམ། དེ་མིན་ཁོ་ཁྱི་རྒན་རེད་ཟེར་བ་དང་། ཁོ་དཀྲུགས་ཤིང་བྱེད་མཁན་རེད་ཟེར་བ་སོགས་མ་བཤད་ན་བཟང་། ལེགས་པའི་ཆ་དང་ཉེས་པའི་ཆ་ག་རེ་ཡོད་ན་ཁུངས་ལུང་གྲངས་ན་མི་སུས་ཀྱང་བདེན་པ་རུ་ཁས་ལེན་བྱེད་ཀྱི་རེད།
དྲ་གྲོགས་རྣམས། ཁྱེད་ཀྱི་བརྗོད་གསལ་དབུས་ཀྱི་སྟོན་པའི་འོས་མི་ཁྱི་རྒན་དེ་ཚོས་བྱེད་རྒྱུ་དང་ཞབས་འདྲེན་ཞུས་ཚར་སོང་། ད་དུང་མུ་མཐུད་དགོས་དོན་ཡོད་དམ། མདོ་སྟོན་མི་མང་ནས་འོས་མི་ཡོངས་རྫོགས་གསར་པ་ཞིག་འདེམས་ན་མི་ལེགས་སམ།
མི་ཚོས་ག་རེ་བཤད་ན་བཤད། ཕལ་ཆེར་དབུས་ཀྱིས་གཏོན་པ་དེར་ངོ་ལོག་རྒྱག་མཁན་ཚང་མ་མདོ་བསྟོན་མ་རེད་འདུག མདོ་ཁམས་ཀྱི་ལ་རྒྱ་ཡོད་ན་དབུས་ས་གཉིས་ལ་བརྩི་བསྐུར་ཞིག་བྱེད་ངེས་རེད། ས་གནས་གང་དུ་གནས་པའི་ས་རྒྱུན་དང་དེ་ནས་དབུས་ལ་མི་བརྩི་བ་སྐྱོན་ཆེན་པོ་ཞིག་ངེས་པར་ཡོད་རྟགས་རེད། དངོས་གནས་ཕྱིའི་དགྲ་ལ་ལན་རྒྱག་མ་ཐུབ་པར་ནང་ལ་ཁ་ལོ་བསྐོར་གྱི་འདུག་ག ད་ག་རེ་རེད། མདོ་བསྟོད་པ་ཚོ།
འོས་གཞི་དཔེ་ཡག་པོ་སྟོན་འདུག རྗེས་སུ་ཡི་རངས་ཡོད།
ཨ་ཙི་་་་་་ད་ལོའི་མདོ་སྟོད་སྤྱི་འཐུས་ལ་བྲོ་བ་དམིགས་བསལ་ཞིག་འདུག་ཆོལ་གསུམ་སྤུན་ཟླ་རྣམས་ཀྱིས་སྣོམས་དང་། དབུས་ས་གཉིས་ཁྱི་སྤྱང་ལག་སྦྲེལ་བྱས་ནས་མདོ་སྟོད་མི་མང་རྣམས་མིའི་ཚད་གཞི་ཞིག་ཏུ་འཇོག་མི་འདུག། དྲ་གྲོགས་ཚོས་བདེན་པའི་ལམ་ཞིག་བཙལ་ནས་མདོ་སྟོད་མི་མང་ལ་གྲོགས་ཕན་ཞིག་མཛོད། མདོ་སྟོད་མི་མང་གིས་ཀྱང་ཁོང་ཚོས་བཏོན་པ་བཞིན་འོས་འཕེན་བྱེད་རྒྱུ་མ་རེད་སྙམ། དྲང་བདེན་ལ་དགའ་བའི་ཆོལ་གསུམ་སྤུན་ཟླ་ཚོ་ཕྱོགས་གཅིག་ཏུ་བསྒྲིལ་ནས་ད་ལོའི་དྲང་བདེན་མིན་པའི་དབུས་རྒྱུན་གསུམ་གྱིས་བཏོན་པའི་འོས་གཞི་རྩིས་མེད་དུ་གཏོང་དགོས། དེ་ནི་ངས་མ་འོངས་བོད་ཀྱི་ལས་དབང་ལ་བསམ་ནས་ཡིན།
གོང་དུ་ཁྱོད་རྣམ་པས་བཤད་པའི་བོན་གྱི་བླ་རྒན་དེ་ཞེས་མང་པོ་ཞིག་བཤད་འདུག་ངས་ལྟས་ན་དེ་ཕལ་ཆེར་ཆུ་སྒང་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཡིན་རྒྱུ་རེད། ཁོང་ལ་འཇོན་ཐང་ག་རེ་ཡོད་མེད་ངས་ཤེས་ལ་ཁྱོད་རྣམས་ཀྱིས་ཀྱང་མི་ཤེས་པ་ངས་དཔང་པོ་ངཔང་པོར་བྱེད་ཐུབ། གང་ཡིན་ཟེར་ན། ཁོང་གི་འཇོན་ཐང་ད་དུང་འཇིག་རྟེན་དུ་སྐྱེ་རྒྱུ་ཡིན་ཙང་མ་འོངས་མངོན་གཟིགས་ཀྱི་ཚུལ་སུ་ཅིག་གིས་བཤད་ཐུབ་རྒྱུ་མ་རེད་འདོད། ཁོང་ནི་བོན་པོ་དགེ་བཤེས་ཤིག་ཡིན་ཡང་གསུངས་བཤད་གནང་སྟངས་ལ་ལྟས་ན། ལྷ་ཆོས་ཀྱི་དྲི་ཞིག་ག་ལ་བྲོ། མི་ཆོས་རྣམ་དག་གི་དྲི་ཙམ་ཡང་མེད་པ་ད་ལོ་མངོན་གསལ་དོད་པོ་ཞེ་དྲག་བྱུང་ཚར་སོང་། ཁོང་ལས་བོན་གྱི་དགེ་བཤེས་སྟོད་འགག་སྔོན་པོ་ཅན་གྱི་སྨོན་ལམ་མཐའ་ཕྱིན་ཞེས་པ་དེ་ཅུང་དྲག་པ་མིན་ནམ། མདོ་སྟོད་མི་མང་གི་བསམ་བློ་གཏོང་སྟངས་མ་ནོར་བ་གྱིས།
11 ༡༦༢༠༡༠༡༨༥༡
ངས་འོས་འདོན་སྟངས་ལ་བསྔགས་བརྗོད་དང་།མུམཐུད་ནས་རུངས་སུངས་ཅན་ཚོའི་ཁ་སྣ་ཡོད་ཚད་དམར་བཤུས་གྱིས།
ཁྱོད་ལྟར་ན། བཙན་བྱོལ་སྤྱི་ཚོགས་ཙམ་མ་ཟད། གཞིས་བོད་མི་རྣམས་ཧ་ཅང་བློ་ཕམ་བྱུང་བའི་ནང་འཁྲུག་རྒྱག་མཁན་དང་སློང་མཁན་དེ་ཚོས་མུ་མཐུད་ནས་གཞིས་བྱེས་བོད་མིའི་སྐུ་ཚབ་བྱེད་འོས་པ་དང་དགོས་ཀྱི་འདུག་ཤོད་ཀྱི་ཡོད་དམ། ནང་བཀྲ་མི་ཤིས་ན་ཕྱིར་དོན་མི་འགྲུབ་ཅེས་པའི་དཔེ་ལྟར་ཕྱིའི་དགྲ་བོ་རྒྱ་དམར་གྱི་མདུན་དུ་ངོ་གདོང་ཐུག་ནས་འཁྲུག་པ་རྒྱག་ཐུབ་མཁན་ཤ་སྟག་དགོས་པ་ལས་བོད་མི་རྣམས་བློ་ཕམ་ཡོང་གཞིའི་མི་ཞིག་དགོས་མདོག་མེད།
ངས་བལྟས་ན་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་ཡག་པོ་བྱུང་འདུག བོད་སྐད་ཚད་ལྡན་མི་ཤེས་མཁན་དང་། བོད་ཡིག་མི་ཤེས་མཁན་རྣམས་ཀྱིས་བོད་ཀྱི་རྩ་དོན་བདག་པོ་རྒྱག་མི་ཐུབ་པ་ཡིན་པས་དེའི་རིགས་ལ་བོད་ཀྱི་སྤྱི་འཐུས་བྱེད་པའི་འོས་ཆོས་ཚང་མེད་དོ། །
8 ༡༥༢༠༡༠༡༠༤༠
སངས་རྒྱས་རྒྱ་མཚོ།
ལེགས་སོ་བསྔགས་བརྗོད་ཡོད་ཡག་པོ་འདུག
གོང་དུ་བཀོད་པའི་དབུས་རྒྱུན་གྱི་ཡོངས་ཁྱབ་གསལ་བསྒྲགས་ལ་བལྟ་ལོང་མེད་པར་བོན་གྱི་བླ་རྒན་དེས་རང་འདོད་བྱས་པར་ཟེར་བའི་ཁམས་ཕྲུག་དེ་ད་འདུག་ཐུབ་ཀྱི་ཡོད་ས་མ་རེད། དང་པོ་ཁྱོད་རང་ལ་འཛུབ་འཁྲིད་ཀྱི་ཚུལ་དུ་གསལ་བཤད་ཅིག་བྱེད་ཡག་པོ་ཉོན་ཨ། བོན་གྱི་བླ་རྒན། བླ་རྒན་ཟེར་མང་པོ་བཤད་མ་བཤད་ཡོད་མ་རེད། དེ་ནི། མདོ་བསྟོད་རྒྱ་ཆེའི་མི་མང་གིས་འདེམས་ཐོན་དང་སྤྱི་མོས་ཐག་གཅོད་བྱུང་བའི་ད་ལྟ་ཆུ་སྒང་གི་ཚོགས་གཙོ་སྐུ་ངོ་ལགས་རེད། རྒྱུ་མཚན་དེ་འདྲ་ཡིན་དུས་ང་ཚོ་མདོ་བསྟོད་སྤུན་ཟླ་ཚོས་སྐུ་ངོ་ཁོང་གི་ཕྱག་རྗེས་དང་འཇོན་ཐང་། ཤེས་ཡོན་ལ་ཡིད་རངས་བྱས་ནས་ཚོགས་གཙོར་བསྐོས་པ་ཞིག་རེད། དེ་བཞིན་སྐུ་ངོ་མཆོག་ནས་ཀྱང་རྒྱལ་གཅེས་ལྷག་བསམ་དང་བཟོད་མེད་སྙིང་སྟོབས་བཅས་ཡིད་ལ་བཅང་ཏེ་༧སྐྱམགོན་རིན་པོ་ཆེའི་དགོངས་གཞི་དང་མ་གའལ་བར་ད་བར་བོན་སྤྱི་ཐེངས་གཉིས་གནང་བའི་ཐོག་ང་ཚོ་ཆུ་སྒང་གི་རྒྱུན་ལས་གནང་བཞིན་པ་ཞིག་ཡིན་པས། དོན་མེད་ལ་བཤད་ལོང་དང་བསམ་ལོང་མེད་པར་བོན་གྱི་བླ་རྒན་ཅེས་བཤད་ཆོག་ཆོག་བྱས་ན་ངོ་མ་དཀྲུགས་ཤིང་རང་ཡིན་པས་རྒྱ་ཆེའི་མདོ་བསྟོད་སྤུན་ཟླས་ཀྱང་མི་ཁྱོད་རང་ལྟ་བུའི་བཤད་ཡམ་ལ་ཡིད་ཆེས་ཡང་བྱེད་ཀྱི་མརེད་ལ། རྗེས་སུ་བསམ་ཤེས་དང་འབྲི་ཤེས་བྱས་ན་མི་དགའ་འམ། སྤྱིར་ཁྱོད་རང་ཁམས་ཕྲུག་ཅེས་པ་ལས་དངོས་མིང་བསྟན་མ་ཕོད་པ་དཀྲུགས་ཤིང་ངོ་མ་རེད།
གནད་འགག་ཐུག་དུས་བཤད་ངར་གཉིས་ལྡན་གྱི་སྤྱི་མི་ཞིག་ངེས་པར་དགོས་ཀྱི་འདུག འོས་གཞི་དཔེ་ལེགས་པོ་གཏོན་གནང་བར་དབུས་རྒྱུན་དང་། དེ་བཞིན་ས་གནས་སོ་སོར་དཔེ་མ་སྲིད་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་གཙོ་བོ་མི་མང་ཚོས་འདེམས་གཏང་མ་ནོར་བ་དགོས་པ་དེ་དཔེ་གལ་ཆེན་རེད། བཀའ་སྤྱི་སུ་ཞིག་ཡིན་ནའང་བསམ་བཤད་གཉིས་ལྡན་དང་། གནད་འགག་ཐུག་དུས་ངར་ཐུབ་མཁན་ཞིག་ནི་ངེས་པར་དུ་དགོས་ཀྱི་འདུག དེ་མིན་སྤྱི་བའི་མིང་འཁུར་ནས་སྒོམ་རྒྱག་མཁན་དེ་འདྲ་ཕན་ཐོགས་ཞེ་དྲག་མེད་པ་དཔེ་གསལ་པོ་དང་། མདོ་སྟོད་སྤུན་ཟླ་ཚོས་ཤེས་ཤེས་པ་རེད། ཡ་ད་མཐའ་མར་ཞུ་རྒྱུར། འོས་ཤོག་སྐབས་གནད་འགག་དེ་ཤེས་པར་བགྱིས་ཅིག་དཔའ་རྒོད་ཚོ།
5 ༡༤༢༠༡༠༡༤༢༡
ངོ་མ་སེམས་ཕམ་བྱུང་། བཀའ་ཁྲིའི་འོས་གཞི་བཏོན་སྟངས་དེ་ཧ་ཅང་སྐྱོ་བོ་འདུག དེས་མང་ཚོགས་དང་ཁམས་པའི་ཚབ་མཆོན་ཐུབ་མི་འདུག དེ་ལས་ཀྱང་། སྤྱི་མཐུས་འདེབས་སྟངས་དེ་ནོར་འདུག སྤྱིར་བོན་པོའི་བླ་རྒན་དེ་བྱེད་རྒྱུ་མང་སྟབས་དེང་སང་དགྲ་དགའ་གཉེན་སྡུག་མང་པོ་བྱེད་བཞིན་འདུག ཁོའི་གཤིས་སྤྱོད་འདིས་ཁམས་པའི་རྒན་རབས་པ་མང་པོ་བློ་ཕམ་བཅུག་གདའ། སྤྱི་མཐུས་འདི་མང་ཚོགས་ཀྱི་ཚབ་ཐུབ་མཁན་ཁམས་པ་རིས་མེད་ལས་བྱུང་ཐུབ་ན་ལོས་དགའ། འོན་ཀྱང་ཁོང་ཚོས། དགའ་ཉེ་སྤུན་མཆེད་དང་། ངོ་ཤེས་པ་རང་བདམ་འདུག ངོ་ཚ་ཡོང་གི དཀོན་མཆོག་གསུམ། ཁམས་པའི་རྒན་རབས་པའི་ལག་རྗེས་བཟང་པོ་རྣམས་འདི་ཚོས་གང་འདོད་གཏོར་ཀྱིན་འདུག
ཨ་མ་མ། ད་འགྲིག་མ་སོང་། མདོ་སྟོད་ཆོལ་ཁ་ནས་སྟོབས་རྒྱལ་གཉིས་མེད་པ་དེ་སྟབས་ལེགས་ཀྱང་། ཕྱི་དགྲ་གུང་ཁྲན་གྱིས་ལྗིད་ཏིག་ཏིག་གིས་མར་མནན་བཞིན་པའི་སྐབས་སུ་ཡང་བཙན་བྱོལ་གཞུང་ཁྲིམས་ལ་སྐྱེལ་མཁན་ཟླ་ནག་དེ་སླར་ཡང་ཤར་འདུག ཡང་གྲོས་ཚོགས་གྱི་རྭ་བ་འདི་ལ་མུ་རྫོོ་དང་ཁུར་ཚུར་གྱིས་གནམ་ས་སྒྲེས་ངེས་སོ། ཁྱོད་མདོ་སྟོད་དང་། ང་དབུས་གཙང་། ཁོང་ཨ་མདོ་ཞེས་མིང་ཚིག་དེ་གསུམ་ཁོ་ནའི་དུས་ཚོད་ཡོད་ཚད་སྟོང་ཟད་དུ་གཏོང་ཐག་ཆོད་དོ། །
3 ༡༣༢༠༡༠༢༢༡༥
དུས་ད་ལོ་ངོ་མ་གཏམ་བཟང་གདའ་ཁོ་རེ། སྤྱི་འཐུས་ཚོགས་རྭ་ནས་སྟོབས་རྒྱལ་གཉིས་རང་དབང་ཐོབ་གདའ། མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མིར་ཆ་རྐྱེན་མེད་དུས་ནམ་རྒྱུན་ཆ་རྐྱེན་མེད་པའི་སྟོབས་རྒྱལ་གཉིས་ཕྱིར་ཐོན་པ་དང་འཐེན་པ་གཉིས་དུས་མཉམ་དུ་བྱུང་སོང་། ཡ་མཚན་པ་ཞིག་ལ་མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་སྟོན་ཟིན་ཀྱང་ཆོས་བརྒྱུད་ཆེ་ཁག་གི་ཕོ་རྒོད་ཀྱི་མཐོ་གཞུང་ད་དུང་མི་གསལ་བ་གང་ཡིན་ནམ།
2 ༡༣༢༠༡༠༢༡༥༧
ཁ་བའི་ཕོ་ཉ།
ཧ་ཧ་ཧ། ད་ཡིན་ན་ལྟད་མོ་འདུག འོས་གཞིའི་ཆ་རྐྱེན་མེད་པ་དེ་ཡག་པོ་འདུག་ཀྱང་། འོས་གཞི་བཏོན་མཁན་ཡང་ཆུ་སྒང་རྒྱུན་ལས་ཚོ། འོས་གཞི་ཡང་ཆུ་སྒང་རྒྱུན་ལས་ཚོ། མདོ་སྟོད་ཆོལ་ཁ་ལ་ཤེས་མཇོན་ལྷག་བསམ་གྱིས་ཕྱུག་པ་ཆུ་སྒང་དབུས་ས་གཉིས་ཀྱི་རྒྱུན་ལས་ཁོ་ན་ཡིན་ནམ། དངོས་གནས་དེ་ལྟར་ཡིན་ན་སེམས་ཤུགས་ཀྱང་ཆགས་སོང་། མ་ཟད་བཀའ་བློན་ཁྲི་པའི་འོས་གཞི་དེ་ཡང་མི་དམངས་ཀྱི་སེམས་ན་ཡོད་པ་དང་། ཡོངས་སུ་རྒྱབ་འགལ་དུ་སོང་བ་མཐོང་བས་སླད་མིང་ཙམ་གྱིས་འོས་གཞིར་ཆགས་པ་གདོན་མི་ཟའོ། །
ཧཧཧ། ཁམས་པའི་སྤྱི་འཐུས་འོས་མི་དེ་ཚོ་སངས་རྒྱས་ཤ་སྟག་དང་དབུས་གཙང་གི་འོས་མི་དེ་ཚོ་སོ་སྐྱེ་རྐྱང་པ་ཡིན་དགོས་པ་འདྲ།



བརྗོད་གཞི་གཞན་ཁག་ལ་གཟིགས།